དེ་རིང་སྟོན་རླུང་ལྡང་བས།
ད་གཟོད་དབྱར་དུས་ལ་རྫོགས་ཚིག་བཀོད་ཡོད་པ་ཚོར།
དུས་བཞི་ནི་ཅི་འདྲའི་འགྱུར་སླ་ལ།
ཅི་འདྲའི་དགོད་བྲོ་བ།
ང་རང་གི་དབྱར་དུས་ཀྱི་ལྗོངས་རྒྱུ་རྫོགས་མེད་ལ།
ངས་ད་དུང་དབྱར་དུས་ཀྱི་མེ་ཏོག་བཏུས་མེད།
ཁྱོད་ཕེབས་པ་བདེན་ན་ངས་ད་ལོ་དབྱར་མ་མཐོང་ཞེས་བརྗོད་ཆོག
ཨ་ལ་ཀུ་རེ་ཡིན།
ཁུ་བྱུག་ཐོས་པས་དབྱར་དུས་ཡིན་པ་ཤེས་ཡོད།
ཡིན་ནའང་ཁུ་བྱུག་ནམ་ཙམ་ཕྱིར་ཕེབས་སོང་།
ཡ་མཚན་པའི་ལོ་ཟླ།
འདི་ལོར་ང་ནི་བྲེལ་ཟིང་གིས་མི་ཚེ་ཟད་པས།
དབྱར་གཞུང་དང་མཉམ་དུ་མེ་ཏོག་གི་ཞིང་ཁམས་མ་མཐོང་།
ཁུ་བྱུག་དང་མཉམ་དུ་སྦྲང་ཆར་གྱི་རེག་བྱ་མ་མྱོང་།
ཕེབས་ཟིན་པའི་དབྱར་དུས།
རྩོམ་པ་པོ། རྫོགས་ཆེན་ཀུན་བཟང་ཆོས་སྒྲོན། (དཀར་མཛེས།)སྤེལ་དུས། 2019年1月3日བཀླགས་གྲངས། 17527གངས་དཀར་རི་བོ།
རྩོམ་པ་པོ། རྫོགས་ཆེན་ཀུན་བཟང་ཆོས་སྒྲོན། (དཀར་མཛེས།)