དྲན་གདུང་ཟླ་བ་ལ་འཁྱུད་ནས་རྒྱང་རིང་ནས་རྒྱང་རིང་ལ་ཆས་སོང་།
མུན་ནག་གི་མིག་ཟུང་ན་མཆི་མའི་ཕྲེང་ཐག་རེ་རེ་བཞིན་ཐོར་འདུག
གསང་བ།
དེ་ནི་མཚན་མོའི་གསང་བ་རེད།
ཆར་ཆུ་ཤག་ཤག
གཉིད་སྟུག་པོ་ཡུར་བའི་མཚན་མོར་བབས་འདུག
ས་འདམ། བཞུར་ཆུ། གངས་རི།
དྲན་གདུང་གི་སྲུབས་ཀ་ནས་འཁྲུངས་པའི་རྒྱང་རིང་གི་མེས་པོ།
འདི་ལྟར།
ཆར་ཆུ་ཤག་ཤག
མཚན་ལྗོང་སུ་ལྷུང་ནས་མཚན་མོ་ལྟར་ཁེར་རྐྱང་དུ་གྱུར།
ཁེར་རྐྱང་གི་མཚན་མོ།
རྩོམ་པ་པོ། ལ་བཞས། (དཀར་མཛེས།)