
ཡིག་གཟུགས་ཞལ་ཐང་རིང་མོ་འདིའི་སྤྱི་རིང་ཚད་ལ་སྨི་180ཡས་མས་དང་ཞེང་ལ་སྨི་0.8ཡོད། གཙོ་བོ་ཚན་པ་གསུམ་གྱིས་གྲུབ་ཞིང་ཡིག་གཟུགས་མི་འདྲ་བ་བཅུ་ལྷག་གིས་བྲིས་ཡོད། ཚན་པ་དང་པོ་ནི་འགོ་བརྗོད་ཡིན་ཞིང་སྨི་བཅུ་ལྷག་ཡོད། ཚན་པ་གཉིས་པ་ནི་བརྗོད་དོན་དངོས་ཏེ་དགེ་རྟག་གཞས་ཚིག་ཡིན་ཞིང་། རིང་ཚད་ལ་སྨི་142.8ཡོད། ཚན་པ་གསུམ་པ་ནི་མཇུག་གི་གཏམ་དང་གཞས་ཚིག་གསར་པས་གྲུབ་ཅིང་རིང་ཚད་ལ་སྨི་30ཡོད། ཞལ་ཐང་རིང་མོ་འདི་ལཉྫ་དང་ལརྟུ། ཡིག་དཀར། འབྲུ་ཚ། དཔེ་ཚུགས། ཁམས་ཀྱི་མཛེས་རིས། འཁྱུགས་ཡིག་བཅས་ཡིག་གཟུགས་བརྒྱད་ཀྱིས་གྲུབ་ཡོད་པ་དང་། དེས་བཀྲ་ཤིས་རྟགས་བརྒྱད་དང་བཀྲ་ཤིས་རྫས་བརྒྱད་མཚོན་པ་ཡིན། གཙོ་བོ་ཁ་དོག་བཞི་སྟེ། དཀར་སར་དམར་ནག་གིས་གྲུབ་ཅིང་། དེས་ཞི་རྒྱས་དབང་དྲག་མཚོན་པ་ཡིན། ཞལ་ཐང་འབྲི་བྱེད་སྨྱུ་གུ་སྲོལ་རྒྱུན་གྱི་སྨྱུག་མའི་སྨྱུ་གུ་དང་། དེང་རབས་ཀྱི་པིར་གྱིས་བྲིས་པས་གནམ་ས་དང་རི་ཆུ་ཕོ་མོ་སོགས་མཚོན་ནོ། །

དགེ་རྒན་དཔག་བསམ་དོན་འགྲུབ་ཀྱིས་ལོ་ངོ་སུམ་ཅུ་ལ་ཉེ་བའི་རིང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ། དེ་བཞིན་རྫོང་རིམ་པའི་འགྲན་བསྡུར་གྱི་ཁྲོད་དུ་བོད་ཡིག་གི་བྲིས་གཟུགས་དང་། དཔྱད་རྩོམ་མང་པོ་ལ་བྱ་དགའ་ཐོབ་ཅིང་དུས་དེབ་ཁག་གི་ནང་བཀོད་ཡོད་པ་དང་། ཁོང་གི་ཡིག་གཟུགས་རྣམས་སྔ་ཕྱི་རུ་དར་མདོ་དང་། ཙི་དབྱང་། ཁྲེན་ཏུའུ། ཧྲང་ཧའེ། ཧྲེན་ཀྲེན་གྲོང་ཁྱེར་སོགས་སུ་བཤམས་སྟོན་བྱས་པས་བྲིས་གཟུགས་ལ་དགའ་བའི་དཔྱད་འདེམས་མང་པོའི་གདེང་འཇོག་ཐོབ། ཁོང་གིས་བརྩམས་པའི་《ལྕགས་སྨྱུག་གིས་བོད་ཡིག་དབུ་ཅན་འབྲི་ཐབས་ཀྱི་དཔེ་གཞི》 དང་《ཆུང་འབྲིང་སློབ་མའི་བོད་ཡིག་བསྐྱར་སྦྱོང་གནད་བསྡུས།》གཉིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོ་སོས་དཔར་བསྐྲུན་བྱས། སྔ་རྗེས་སུ་ཁོང་ལ་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཞིང་ཆེན་རིམ་པའི་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་པའི་ཆོག་མཆན་ཐོབ་པ་དང་། 2016ལོར་ཧྲང་ཧའེ་འཛམ་གླིང་ཅི་ནིས་སིའི་གཟེངས་རྟགས་ཐོབ། 2016ལོའི་ཟླ་12པར་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་རིག་གནས་དང་བླངས་པ་བཅུའི་མཚན་སྙན་ཐོབ། ཁོང་གི་བརྩམས་ཆོས་ལ་རྒྱལ་སྤྱིའི་ཧྲིན་ཀྲིན་རིག་གནས་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་གསུམ་སྟེང་གསེར་གྱི་རྟགས་མ་དང་དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་གྱི་གཟེངས་རྟགས་སོགས་མང་པོ་ཐོབ། །
格达弦子词》藏文书法长卷(长180多米,宽0.8米)是学习研究“格达弦子”舞蹈的表演风格,尝试书法形体演绎弦子歌词,直追音乐和舞蹈之风。据该长卷创作者巴松邓珠介绍,长卷由三个部分十种字体书写而成,第一部分是近10多米的前言;第二部分为主题(格达弦子词)全长142.8米,宽0.8米,用原始竹笔与现代排笔两种不同的书法笔书写8种藏文字体,此部分成功申报上海大世界基尼斯最长的“弦子”藏文书法长卷;第三部分为近30米的后记与新歌词。书卷中的兰札体、乌尔都体、珠察体、乌金体、长脚体、短脚体、美术体、草体8种藏文字体,其含义表示八吉祥、八瑞相。长卷的颜色有黄、红、白、黑四色,其含义表示息(息灾)、增(增益)、怀(怀爱)、伏(诛恶)四业。