ལན་ཆགས།

རྩོམ་པ་པོ། སྦྲང་ནག (དཀར་མཛེས།)སྤེལ་དུས། 2019年2月28日བཀླགས་གྲངས། 29081གངས་དཀར་རི་བོ།

རྩོམ་པ་པོ། སྦྲང་ནག (དཀར་མཛེས།)

ང་རང་ཉིན་གང་བོར།

ཅི་ཞིག་བོར་སོང་བའི་སྣང་བས།

སྒེའུ་ཁང་འགྲམ་ནས་དངན་པ་ཡུད་ཙམ་ཤོར།

འོན་ཏེ། དེ་ནི་ཁེར་རྐྱང་གི་ལན་ཆགས་ཡིན་ནམ།

ཉི་འོད་དྲོན་མོའི་ཁྲོད་ནས་བལྟས་ཚེ།

ངས་གོམ་པ་ལན་ཆགས་ཀྱི་གསེང་དུ་སྤོས་པ་འདྲ།

ང་ཁུ་སིམ་པོའི་ངང་གནས་དུས་ཀྱང་།

ལན་ཆགས་ཀྱིས་མནར་ཏེ་ཡོངས་སུ་རྙིད་སོང་།

སུས་ཀྱང་མི་རྟོགས་པའི་ལན་ཆགས་འདི།

སེམས་ངལ་ལྷག་མ་ཞིག་ལས་ཡལ་མ་མྱོང་ཡང་།

གངས་འདབས་ཀྱི་རུ་དར་དང་ཤ་ཁྲག་གྱོང་སོང་།

སྒྱིད་ལུག་གི་དུས་ཚོད་ཅིག་བྱིན་སོང་།
ལན་ཆགས། | 藏地杂志