2022ལོའི་ཟླ་10ཚེས་22ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་(དག་བཅོས་འཆར་ཟིན་)》ལ་གྲོས་འཆམ་བྱུང་། དེའི་སྐོར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དྲུང་ཡིག་ཁྲུའུ་ཡི་འགན་འཛིན་པར་བཅར་འདྲི་བྱས།
དྲི་བ། ཁྱེད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་དགོས་པའི་རྒྱུ་མཚན་གསུང་རོགས།
དྲིས་ལན། ཏང་གི་སྒྲིག་ཡིག་ནི་ཏང་གི་སྤྱིའི་སྒྲིག་ཡིག་ཡིན། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ཀྱི་དགོས་མཁོ་ལ་གཞིགས་ཏེ་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་བྱེད་པ་འདི་ནི་ང་ཚོའི་ཏང་གི་གོམས་སྲོལ་ཞིག་ཡིན། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཏང་གི་སྒྲིག་ཡིག་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པས་བཟོ་བཅོས་གཏན་འབེབས་བྱས་པ་ཡིན་ལ། གནས་བབ་དང་འགན་འཁུར་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནས་བཅུ་དགུ་པའི་བར་ཚང་མས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་བརྒྱབ་ཡོད། བཟོ་བཅོས་འདི་དག་བརྒྱབ་ན་ཏང་གི་སྒྲིག་ཡིག་གི་ཚད་ལྡན་དང་མཛུབ་སྟོན་གྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པར་ཕན་ཐོགས་ཡོད་པ་ལག་ལེན་ཐོག་ནས་ར་འཕྲོད་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་འཕེལ་རྒྱས་གསར་པ་ཐོབ་པར་སྐུལ་འདེད་བཏང་བ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་བཏོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྟོན་འོག །ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་རྒྱལ་ཁའི་ངང་དཔུང་སྐྱོད་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་སྔར་བས་འབུར་དུ་ཐོན་ཡོད། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་རྒྱ་ཁྱབ་ཀྱི་ཁས་ལེན་དང་བརྩི་བཀུར་ཐོབ་པ་དང་། ཏང་ཡོངས་ཀྱི་བློ་མཐུན་ཚོས་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་སྔར་ལས་གཏིང་ཟབ་བྱས་ཡོད།
ལོ་5ཡི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་དང་། འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་སྡེབ་འཛིན་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བཅས་བྱས་ཤིང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། དུས་ཡུན་རིང་པོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། ཕུགས་རྒྱང་རིང་པོར་འབྲེལ་བ་ཡོད་པའི་དོན་ཆེན་དོན་གནད་མང་པོ་འགྲུབ་པར་བྱས་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རང་རྒྱལ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པར་སྐུལ་འདེད་བཏང་ཡོད། དུས་མཚུངས་སུ་ཏང་གིས་ཏང་སྐྱོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལག་ལེན་མཐར་ཕྱིན་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་ཏང་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་སྤྱི་འདོམས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཅས་བྱས་པ་དང་། རང་ངོས་གསར་བརྗེ་བྱེད་པ་སྟེ་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་པ་འདི་རྙེད་དེ། རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ནུས་པ་ཆེ་རུ་མངོན་གསལ་ཕྱིན་ཡོད། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འགོ་ཁྲིད་བྱེད་པའི་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།
ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་གྲོས་གཞིའི་སྐོར་གྱི་བསམ་འཆར་བསྡུ་ལེན་བྱེད་རིང་། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་གཅིག་མཐུན་གྱིས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་བརྒྱབ་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་གསར་པ་ཏང་གི་སྒྲིག་ཡིག་ནང་འགོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བཏོན་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ཏང་གི་སྒྲིག་ཡིག་ནང་འགོད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བའི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་དང་སྤྱོད་གོ་ཆོད་པའི་གྲུབ་འབྲས་ཉམས་མྱོང་རབ་དང་རིམ་པ་ཏང་གི་སྒྲིག་ཡིག་ནང་འགོད་པ་སོགས་ཀྱི་གྲོས་འགོ་བཏོན་པ་རེད། ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པ་ནི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དགོས་མཁོ་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡང་ཡིན། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་སྤེལ་གཏིང་ཟབ་གཏོང་བའི་དགོས་མཁོ་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་དགོས་མཁོ་ཡང་ཡིན་ཞེས་བརྗོད་ཆོག །
ཏང་གི་ཚོགས་ཆེན་ཉི་ཤུ་པས་དུས་རབས་གསར་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་རྩ་ཆེན་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ། དུས་རབས་གསར་པ་དང་འཐབ་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ། བྱ་སྤྱོད་ཀྱི་རྩ་འཛིན་དང་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་འབེབས་བྱས་པ་དང་། དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། ཆོད་གཏམ་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་གསར་པ་རབ་དང་རིམ་པ་བཏོན་ཡོད། ཏང་གི་སྒྲིག་ཡིག་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དོན་གལ་ཆེན་མཚོན་པར་བྱས་ཏེ། དེ་ཉིད་ཏང་ཡོངས་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་དང་རྩ་བའི་གཞི་འཛིན་སར་འགྱུར་བར་བྱས་ན། ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱ་རྒྱུ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་དམ་ཚགས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད།
ལོ་རྒྱུས་ཀྱི་ཉམས་མྱོང་དང་ལག་ལེན་གྱི་བླང་བྱར་གཞིགས་ཏེ། ཏང་ཀྲུང་དབྱང་གིས་ཐེངས་འདིར་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་པའི་གྲོས་ཐག་བཅད་པ་མ་ཟད། བཟོ་བཅོས་རྒྱག་པའི་ལས་ཀའི་རྩ་དོན་གཏན་འབེབས་བྱས་པ་སྟེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། ཏང་ནང་གི་དམངས་གཙོ་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། ཏང་གི་སྒྲིག་ཡིག་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་བཟོ་བཅོས་རྒྱག་དགོས་པ་དང་ཏང་ནང་ཁུལ་དུ་ངོས་འཛིན་གཅིག་མཐུན་བྱུང་བའི་ནང་དོན་ཁོ་ནར་བཟོ་བཅོས་བརྒྱབ་སྟེ། བཟོ་བཅོས་བརྒྱབ་རྗེས་ཀྱི་ཏང་གི་སྒྲིག་ཡིག་ནང་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གང་ལེགས་མཚོན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བཏོན་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་གང་ལེགས་མཚོན་པ། ཏང་གི་ལས་དོན་དང་ཏང་འཛུགས་སྐྲུན་གྱི་ཉམས་མྱོང་གསར་པ་གང་ལེགས་མཚོན་པ་བཅས་བྱེད་པར་འབད་པ་བྱས་ནས་གནས་བབ་གསར་པ་དང་ལས་འགན་གསར་པས་ཏང་གི་ལས་དོན་དང་ཏང་འཛུགས་སྐྲུན་ལ་བཏོན་པའི་བླང་བྱ་གསར་པ་དང་འཚམ་པར་བྱ་རྒྱུ་དེ་ཡིན།
དྲི་བ། ཐེངས་འདིའི་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་བརྒྱབ་པའི་ལས་ཀའི་ཁྱད་ཆོས་གཙོ་བོ་གང་ཡིན་ནམ།
དྲིས་ལན། ཏང་ནང་གི་དམངས་གཙོ་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ་ནི། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཐེངས་འདིར་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་རྩ་དོན་གལ་ཆེན་ཞིག་ཡིན་ལ། ཐེངས་འདིའི་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་ལས་ཀའི་ཁྱད་ཆོས་གཙོ་བོའང་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་རྗེས། ཏང་ཀྲུང་དབྱང་གིས་ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་རྒྱུ་དེ་ཚོགས་ཆེན་ཉི་ཤུ་པའི་གྲོས་གཞིའི་ནང་འཇུག་རྒྱུའི་སྐོར་གྱི་ས་གནས་ཁག་དང་སྡེ་ཁག་ཁག་གི་གྲོས་འགོར་ཞིབ་འཇུག་ནན་ཏན་བྱས་ཏེ། ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུའི་གཏན་འབེབས་བྱས་པ་མ་ཟད། ཏང་གི་སྒྲིག་ཡིག་བཟོ་བཅོས་ཚོ་ཆུང་བཙུགས་པ་རེད། ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་རྗེས། ཏང་ཀྲུང་དབྱང་གིས་བརྡ་ཐོ་བཏང་ནས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་ལས་དོན་ཐད་ཆེད་དུ་ས་ཁུལ་ཁག་དང་སྡེ་ཁག་ཁག་གི་བསམ་འཆར་བསྡུ་ལེན་བྱས་པ་རེད། ཕྱོགས་གང་ཅིའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་བྱས་པའི་རྨང་གཞིའི་ཐོག་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་རྒྱུའི་ཇུས་གཞི་བཏོན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་སྔ་རྗེས་སུ་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་རྒྱུའི་ཇུས་གཞིར་གྲོས་ཞིབ་བྱས་ནས་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་གྲུབ་པ་རེད། དེ་རྗེས་ཏང་ཀྲུང་དབྱང་གིས་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་ལ་ས་ཁུལ་ཁག་དང་། སྡེ་ཁག་ཁག །ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་བསམ་འཆར་བསྡུ་ལེན་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་ལས་ཀར་ཚད་མཐོའི་མཐོང་ཆེན་དང་བརྒྱུད་རིམ་ཧྲིལ་པོར་མཛུབ་སྟོན་གནང་སྟེ། སྐུ་ངོ་མས་བཞུགས་མོལ་ཚོགས་འདུ་ཐེངས་5གཙོ་སྐྱོང་གནང་ཞིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། བཅིངས་འགྲོལ་དམག་གི་སྡེ་ཚན་ཆེ་གྲས་ཁག །ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱི་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་ཉན་འཇོག་གནང་བ་རེད། ཕྱོགས་སོ་སོས་བཏོན་པའི་བཟོ་བཅོས་བསམ་འཆར་དང་གྲོས་འགོར་གཞིགས་ཏེ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་ལ་སླར་ཡང་བཟོ་བཅོས་ནན་ཏན་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་ཡང་བསྐྱར་གྲོས་ཞིབ་བྱས་རྗེས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་ཕུལ་ནས་གྲོས་འཆམ་བྱུང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྲུབ་པ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྐབས་སུ་འཐུས་མི་ཡོངས་ཀྱིས་ནན་ཏན་གྱིས་གྲོས་བསྡུར་བྱས་ཏེ་བཟོ་བཅོས་བསམ་འཆར་འགའ་བཏོན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་བསམ་འཆར་དེ་དག་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་པ་བརྒྱུད། མཐའ་མའི་བཟོ་བཅོས་བརྒྱབ་ནས་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱི་ཚོགས་ཆེན་ཐོག་བརྡས་ཐག་གཅོད་པའི་མ་ཡིག་གྲུབ་པ་རེད། ཟླ་10ཚེས་22ཉིན་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་རེད། དེའི་ཐོག་ནས་མཐོང་ཐུབ་པ་ནི། ཐེངས་འདིའི་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་ལས་ཀར་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཡོད་པ་དང་། ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་དང་ཏང་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་ཕྱོགས་བསྡུས། ཏང་ཡོངས་ཀྱི་འདོད་བློ་མཚོན་པ་བཅས་བྱུང་ཡོད་པས། ཏང་ཀྲུང་དབྱང་གིས་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་བཏང་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་རེད།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁ་གསབ་དང་འཐུས་ཚང་བཏང་བའི་ཚན་རིག་གི་གོ་དོན་དང་ལོ་རྒྱུས་ངེས་གནས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཇི་ལྟར་ལེན་དགོས་སམ།
དྲིས་ལན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པ་དང་། བསམ་བློ་པ། འཐབ་ཇུས་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བློ་སྤོབས་ཐུན་མོང་མ་ཡིན་པ་དང་། ཆབ་སྲིད་ཀྱི་བློ་གྲོས་ཕུལ་བྱུང་། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་བསམ་གཞིག་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་དེ། ཐོག་མའི་གསར་གཏོད་རང་བཞིན་གྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེའུ་གསར་པ་བརྩམས་ཡོད།
ད་ཐེངས་ཀྱི་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པར་བསམ་འཆར་བསྡུ་ལེན་བྱེད་རིང་། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་མགྲིན་གཅིག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་གསར་པ་ཏང་གི་སྒྲིག་ཡིག་ནང་བཀོད་དེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་བའི་བྱས་རྗེས་གལ་ཆེན་སྔར་ལས་ལེགས་པར་མཚོན་དགོས་པའི་གྲོས་འགོ་བཏོན་ཡོད། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་གྲོས་འགོ་འདི་དང་ལེན་བྱས་ནས་སྤྱིའི་རྩ་འཛིན་གྱི་རང་བྱུང་དུམ་ཚན་བརྒྱད་པ་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་བ་སྟེ། དུས་རབས་གོང་འཕེལ་འགྲོ་ཕྱོགས་དང་བསྟུན་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱུང་བའི་ཐོག་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་འདིར་རྒྱུད་རིམ་ལྡན་པའི་སྒོ་ནས་དྲིས་ལན་བཏབ་ཅེས་པ་དེ། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་སོགས་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ཚན་རིག་དང་མཐུན་པར་ལན་བཏབ་ཅེས་པར་བཟོ་བཅོས་བརྒྱབ་ཡོད། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཞེས་པ་དེ། དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་། དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཅེས་པར་བཟོ་བཅོས་བརྒྱབ་ཡོད། དུས་མཚུངས་སུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པར་སྐུལ་འདེད་བཏང་ཞེས་པའི་རྗེས་སུ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པ་བཏོད་ཡོད་ཅེས་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད།
བཟོ་བཅོས་འདི་དག་བརྒྱབ་ན། ཏང་ཡོངས་ཀྱིས་འདོད་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིའི་རྩ་བའི་སློབ་སྟོན་གྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པར་ཕན་པ་ཡོད། ཏང་ཡོངས་ཀྱིས་ངེས་པར་དུ་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱས་ཏེ། དགོངས་པ་འདི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་ཐམས་ཅད་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱེད་དགོས།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་ནང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ནང་དོན་ཁ་སྣོན་རྒྱག་དགོས་དོན་ཅི་ཡིན་ནམ།
དྲིས་ལན། ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་ཆེས་རྔམ་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཤིང་། གྲུབ་འབྲས་རླབས་པོ་ཆེ་བསྐྲུན་པ་དང་། ཉམས་མྱོང་རྩ་ཆེན་གསོག་འཇོག་བྱས་ཡོད། ས་ཁུལ་ཁག་དང་སྡེ་ཁག་ཁག་གི་གྲོས་འགོ་གཞིར་བཟུང་ནས་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་སྤྱིའི་རྩ་འཛིན་གྱི་རང་བྱུང་དུམ་ཚན་དགུ་པའི་རྗེས་སུ་དུམ་ཚན་གཅིག་ཁ་སྣོན་བརྒྱབ་ནས་རང་བྱུང་དུམ་ཚན་བཅུ་པ་བྱས་ཤིང་། དེ་ནི་འདི་ལྟར། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་ཡོང་བ་དོན་གཉེར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ཡོད། ལོ་བརྒྱའི་རིང་འབད་འཐབ་བྱས་ཏེ། ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་རྩ་བ་ནས་བསྒྱུར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཡང་དག་བཏོད། མར་ཁེ་སིའི་རིང་ལུགས་ཀྱི་སྐྱེ་སྟོབས་ཆེན་པོ་གསལ་སྟོན་བྱས། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་ཀྲུང་གོའི་གུང་ཁྲན་ཏང་སྐྲུན་བཟོ་བྱས། དུས་ཡུན་རིང་པོར་ལག་ལེན་བྱས་པ་བརྒྱུད་དེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་གསར་གཏོད་རྒྱུན་འཁྱོངས་བྱེད་པ། རང་བཙན་རང་བདག་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་འགྲོ་ལམ་རྒྱུན་འཁྱོངས་བྱེད་པ། ཡིད་ལ་གནམ་འོག་འཆང་བ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་སྲོལ་འབྱེད་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་རྒྱུན་འཁྱོངས་བྱེད་པ། འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ལོ་རྒྱུས་ཉམས་མྱོང་རྩ་ཆེན་གསོག་འཇོག་བྱས་ཡོད། འདི་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་གསར་སྐྲུན་བྱས་པའི་བསམ་པའི་རྒྱུ་ནོར་ཡིན་པས། ངེས་པར་དུ་གཅེས་འཛིན་ལྡབ་འགྱུར་དང་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས་ཞེས་བརྗོད་ཡོད། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཏང་དང་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་རྒྱུན་ཆད་མེད་པར་འཐབ་རྩོད་བྱས་པར་བརྟེན་ནས་ཐོབ་པ་ཡིན། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་སྤྱིའི་རྩ་འཛིན་གྱི་རང་བྱུང་དུམ་ཚན་དགུ་པའི་ནང་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་ཞེས་པའི་རྗེས་སུ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་ཞེས་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད། ནང་དོན་འདི་དག་ཁ་སྣོན་བརྒྱབ་ན། ཏང་ཡོངས་ཀྱིས་ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་སློང་བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། འཐབ་རྩོད་རླབས་པོ་ཆེ་གསར་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པར་ཕན་པ་ཡོད།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཏང་གི་འབད་འཐབ་དམིགས་འབེན་སྐོར་གྱི་བརྗོད་ཚུལ་གང་དག་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ཡོད་དམ།
དྲིས་ལན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་ལྟར། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་སྤྱིའི་རྩ་འཛིན་གྱི་རང་བྱུང་དུམ་ཚན་དགུ་པའི་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་འབད་འཐབ་བྱེད་དགོས་ཞེས་པ་དེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་འབད་འཐབ་བྱེད་དགོས་ཞེས་པར་བཟོ་བཅོས་བརྒྱབ་ཡོད། དུས་མཚུངས་སུ། སྤྱིའི་རྩ་འཛིན་གྱི་དེ་སྔོན་རང་བྱུང་དུམ་ཚན་ཉེར་བཞི་པའི་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་པའི་བརྗོད་ཚུལ་ལ་བབ་མཐུན་གྱིས་བཟོ་བཅོས་བརྒྱབ་ཡོད། ནང་དོན་འདི་དག་ལེགས་སྒྲིག་བྱས་ན། ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་འཐབ་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཡང་དག་ཆུད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་དམིགས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱེད་པའི་འདུན་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བར་ཕན་པ་ཡོད།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་སྐོར་གྱི་འབྲེལ་ཡོད་ནང་དོན་གང་དག་ལེགས་སྒྲིག་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་དམ།
དྲིས་ལན། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ས་ཁུལ་ཁག་དང་སྡེ་ཁག་ཁག་གི་གྲོས་འགོ་བསྡུ་ལེན་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་དང་ལྟ་བ་གལ་ཆེན་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གྲོས་ཆོད། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་བཅས་ཀྱི་འབྲེལ་ཡོད་བཤད་སྟངས་གཞིར་བཟུང་ནས་སྤྱིའི་རྩ་འཛིན་གྱི་འབྲེལ་ཡོད་རང་བྱུང་དུམ་ཚན་གྱི་ནང་དོན་ལ་བཟོ་བཅོས་བརྒྱབ་པ་དང་འཐུས་ཚང་དུ་བཏང་ཡོད། སྤྱིའི་རྩ་འཛིན་གྱི་དེ་སྔོན་རང་བྱུང་དུམ་ཚན་བཅུ་པའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྐོར་གྱི་བརྗོད་ཚུལ་དེ། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་ཞིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་བྱ་རྒྱུ་གཙོ་བོར་འཛིན་པ་དང་བགོ་འགྲེམ་བྱེད་སྟངས་སྣ་མང་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་གཞི་རྩའི་དཔལ་འབྱོར་ལམ་ལུགས་ངེས་པར་དུ་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ་ཞེས་པར་ལེགས་སྒྲིག་བྱས་ཡོད། ས་ཁུལ་ཁ་ཤས་དང་མི་ཁག་ཅིག་སྔོན་ལ་ཕྱུག་པོར་འགྱུར་བར་བསྔགས་སྐུལ་བཅས་བྱས་ནས་དབུལ་ཕོངས་རིམ་བཞིན་མེད་པར་གཏོང་བ་དང་། ཐུན་མོང་དུ་ཕྱུག་པོར་འགྱུར་ཐབས་བྱེད་པ་ཞེས་པ་དེ། ས་ཁུལ་ཁ་ཤས་དང་མི་ཁག་ཅིག་སྔོན་ལ་ཕྱུག་པོར་འགྱུར་བར་བསྔགས་སྐུལ་བྱས་ནས་རིམ་བཞིན་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་དགོས་ཞེས་པར་བཟོ་བཅོས་བརྒྱབ་ཡོད། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག །སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ངེས་པར་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་དེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག །སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་བཙུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པར་བཟོ་བཅོས་བརྒྱབ་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་ཞེས་པ་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ཞེས་པར་བཟོ་བཅོས་བརྒྱབ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་དམིགས་ཡུལ་སྐོར་གྱི་བརྗོད་ཚུལ་དེ། 2035ལོར་སླེབས་དུས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་བསྐྲུན་ཚར་བར་བྱ་རྒྱུ་དེ་ཡིན་ཞེས་པར་ལེགས་སྒྲིག་བྱས་ཡོད། སྤྱིའི་རྩ་འཛིན་གྱི་དེ་སྔོན་རང་བྱུང་དུམ་ཚན་བཅུ་གཉིས་པའི་ནང་ཤེས་ལྡན་མི་སྣ་ཐོན་ཁུངས་ཨང་དང་པོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད། རྒྱལ་དམངས་དཔལ་འབྱོར་དེ་བས་སྤུས་ཚད་མཐོ་བ་དང་། དེ་བས་ལས་ཆོད་ཆེ་བ། དེ་བས་དྲང་གཞག་ཡིན་པ། དེ་བས་རྒྱུན་མཐུད་རུང་བ་བཅས་ཀྱི་ཐོག་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས་ཞེས་པ་དེ། རྒྱལ་དམངས་དཔལ་འབྱོར་དེ་བས་སྤུས་ཚད་མཐོ་བ་དང་། དེ་བས་ལས་ཆོད་ཆེ་བ། དེ་བས་དྲང་གཞག་ཡིན་པ། དེ་བས་རྒྱུན་མཐུད་ཐུབ་པ། དེ་བས་བདེ་འཇགས་ཡིན་པ་བཅས་ཀྱི་ཐོག་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས་ཞེས་པར་བཟོ་བཅོས་བརྒྱབ་ཡོད། བཟོ་བཅོས་འདི་དག་བརྒྱབ་ན། ཏང་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཚན་རིག་དང་མཐུན་པར་བརྡར་ཤ་བཅད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། སྔར་བས་རང་རྟོགས་ཀྱིས་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་ཀྱི་ལོ་རྒྱུས་རླབས་པོ་ཆེ་རྒྱུན་ཆད་མེད་པར་གཏོད་པ་བཅས་ལ་ཕན་པ་ཡོད།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པའི་སྐོར་གྱི་ནང་དོན་གང་དག་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་དམ།
དྲིས་ལན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་རྒྱུར་དམིགས་ནས་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་གྲུབ་འབྲས་གལ་ཆེན་དེ་དག་བསྡུ་ལེན་བྱས་ནས་སྤྱིའི་རྩ་འཛིན་གྱི་འབྲེལ་ཡོད་རང་བྱུང་དུམ་ཚན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། སྤྱིའི་རྩ་འཛིན་གྱི་དེ་སྔོན་རང་བྱུང་དུམ་ཚན་བཅུ་དྲུག་པའི་ནང་དུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་གྱི་ནང་དོན་ཁ་སྣོན་བརྒྱབ་ཡོད། སྔར་ལས་རྒྱ་ཁྱབ་ཆེ་བ་དང་། སྔར་ལས་གང་ལེགས། སྔར་ལས་འཐུས་སྒོ་ཚང་བ་བཅས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་ཞེས་པ་དེ། སྔར་ལས་ཁྱབ་རྒྱ་ཆེ་བ་དང་། སྔར་ལས་གང་ལེགས། སྔར་ལས་འཐུས་སྒོ་ཚང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་ཞེས་པར་བཟོ་བཅོས་བརྒྱབ་ཡོད། གྲོས་མོལ་དམངས་གཙོ་ཁྱབ་རྒྱ་ཆེ་ཞིང་། རིམ་པ་མང་ལ། ལམ་ལུགས་ཅན་དུ་འགྱུར་བའི་ཐོག་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་ཞེས་པ་དེ། གྲོས་མོལ་དམངས་གཙོ་ཁྱབ་རྒྱ་ཆེ་ཞིང་རིམ་པ་མང་ལ་ལམ་ལུགས་ཅན་དུ་འགྱུར་བའི་ཐོག་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་ཞེས་པར་བཟོ་བཅོས་བརྒྱབ་ཡོད། དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་ཇུས་ཐག་གཅོད་པ། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱེད་པའི་ལམ་ལུགས་དང་སྒྲིག་རིམ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་པ་དེ། དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་གཅོད། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱེད་པའི་ལམ་ལུགས་དང་སྒྲིག་རིམ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་པར་བཟོ་བཅོས་བརྒྱབ་ཡོད། སྤྱིའི་རྩ་འཛིན་གྱི་དེ་སྔོན་རང་བྱུང་དུམ་ཚན་བཅོ་བརྒྱད་པའི་ནང་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད། ནང་དོན་འདི་དག་ཕུན་སུམ་ཇེ་ཚོགས་སུ་བཏང་ན། ཏང་ཡོངས་ཀྱིས་སྔར་བས་རང་རྟོགས་དང་། སྔར་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལག་ལེན་མཐར་ཕྱིན་བསྟར་ཏེ། ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་སྤེལ་གཏོང་བར་ཕན་པ་ཡོད།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དང་། འཐབ་ཕྱོགས་གཅིག་གྱུར། ཕྱི་འབྲེལ་ལས་དོན་བཅས་སྐོར་གྱི་ནང་དོན་ལ་བཟོ་བཅོས་གང་དག་བརྒྱབ་ཡོད་དམ།
དྲིས་ལན། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དང་། འཐབ་ཕྱོགས་གཅིག་གྱུར། ཕྱི་འབྲེལ་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་དང་ལྟ་བ་གལ་ཆེན་གཞིར་བཟུང་ནས་སྤྱིའི་རྩ་འཛིན་གྱི་འབྲེལ་ཡོད་རང་བྱུང་དུམ་ཚན་ལ་བཟོ་བཅོས་བརྒྱབ་ཡོད་དེ། གཅིག་ནི་སྤྱིའི་རྩ་འཛིན་གྱི་དེ་སྔོན་རང་བྱུང་དུམ་ཚན་ཉི་ཤུ་པའི་ནང་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་ལེགས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཞེས་པ་དེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཞེས་པར་བཟོ་བཅོས་བརྒྱབ་པ་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་འཛུགས་སྐྲུན་བྱེད་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད། གཉིས་ནི་སྤྱིའི་རྩ་འཛིན་གྱི་དེ་སྔོན་རང་བྱུང་དུམ་ཚན་ཉེར་གཉིས་པའི་ནང་“རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་ལྟར་ཞེས་པ་དེ་“རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་ཡང་དག་པ་དང་བློ་རྩ་བརྟན་པོས་ལག་ལེན་མཐར་ཕྱིན་བསྟར་བ་ཞེས་པར་བཟོ་བཅོས་བརྒྱབ་པ་དང་། “ཐའེ་ཝན་རང་བཙན་”ལ་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད། གསུམ་ནི་སྤྱིའི་རྩ་འཛིན་གྱི་དེ་སྔོན་རང་བྱུང་དུམ་ཚན་ཉེར་གསུམ་པའི་ནང་ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བའི་ནང་དོན་ཁ་སྣོན་བརྒྱབ་ཡོད་པ་དང་། ཡུན་རིང་ཞི་བདེ་དང་ཐུན་མོང་དུ་དར་རྒྱས་ཡོང་བའི་འཆམ་མཐུན་འཛམ་གླིང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་པ་དེ། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས། སྒོ་འབྱེད་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་པར་བཟོ་བཅོས་བརྒྱབ་ཡོད། བཟོ་བཅོས་འདི་དག་བརྒྱབ་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པར་ཕན་པ་ཡོད་པ་དང་། དུས་རབས་གསར་པར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་སྤེལ་གཏོང་བར་ཕན་པ་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཡར་ཐོན་ཡོང་བའི་རླབས་རྒྱུན་ལ་སྣེ་ཁྲིད་བྱེད་པར་ཕན་པ་ཡོད།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཏང་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱའི་ཐད་ཀྱི་ནང་དོན་གང་དག་ལེགས་སྒྲིག་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་དམ།
དྲིས་ལན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ནས་དགོངས་པ་གལ་ཆེན་དང་བྱེད་ཐབས་གནད་ཆེན་རབ་དང་རིམ་པ་བཏོན་ཞིང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་རྒྱ་ཆེ་ལ་གཏིང་ཟབ་སར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་ཏང་འཛུགས་སྐྲུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་གྲུབ་འབྲས་གསར་པ་དེ་དག་བསྡུ་ལེན་བྱས་ནས་སྤྱིའི་རྩ་འཛིན་གྱི་དེ་སྔོན་རང་བྱུང་དུམ་ཚན་ཉེར་བཞི་པ་ནས་རང་བྱུང་དུམ་ཚན་ཉེར་དགུ་པའི་བར་བཟོ་བཅོས་འོས་འཚམ་བརྒྱབ་ཡོད་དེ། གཅིག་ནི་བདེན་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕུགས་བསམ་བརྟན་པོར་འཆང་བ། ཐོག་མའི་བསམ་འདུན་ཉམས་སུ་ལེན་པ། འགན་འཁྲི་ཁུར་དུ་ལེན་པ། བློས་གཏོང་རྒྱུར་མི་འཛེམ་པ། དཔའ་ངར་གྱིས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་བ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བཅས་ཀྱི་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་དགོས་པ་དང་། རང་ངོས་གསར་བརྗེ་རླབས་པོ་ཆེ་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་བྱེད་པ་སོགས་ཀྱི་ནང་དོན་ཁ་སྣོན་བརྒྱབ་ཡོད། གཉིས་ནི་ཏང་འཛུགས་སྐྲུན་གྱི་གཞི་རྩའི་བླང་བྱ་དང་པོ་སྟེ་ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་ནང་། ངེས་པར་དུ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ལག་ལེན་བསྟར་ནུས་བཅས་མཐོ་རུ་གཏོང་དགོས་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཆེ་རུ་གཏོང་དགོས་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད། གསུམ་ནི་གཞི་རྩའི་བླང་བྱ་གཉིས་པ་སྟེ་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་བཅས་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་ནང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས་ཞེས་པ་དེ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས་ཞེས་པར་བཟོ་བཅོས་བརྒྱབ་ཡོད། བཞི་ནི་གཞི་རྩའི་བླང་བྱ་གཉིས་པའི་རྗེས་སུ་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་གཞི་རྩའི་བླང་བྱ་ཞིག་ཁ་སྣོན་བརྒྱབ་ནས་ཏང་འཛུགས་སྐྲུན་གྱི་གཞི་རྩའི་བླང་བྱ་ལྔ་ཡོད་པ་དེ་དྲུག་ཏུ་རྒྱ་བསྐྱེད་ཡོད། གཞི་རྩའི་བླང་བྱ་དང་པོ་སྟེ་ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་ནང་གི་ཏང་དང་མི་དམངས་ལ་དགོས་མཁོ་ཡོད་པའི་ལས་བྱེད་པ་བཟང་པོ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པ་དང་། རྩ་འཛུགས་ཀྱི་ཐོག་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་དོན་འཁྱོལ་མཐར་ཕྱིན་ཡོང་བར་འགན་ལེན་བྱེད་དགོས་པ་སོགས་ཀྱི་ནང་དོན་དེ་གཞི་རྩའི་བླང་བྱ་འདིའི་ནང་བཅུག་ཡོད། བྱེ་བྲག་ཏུ། གསུམ་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། རྩ་འཛུགས་མ་ལག་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་དང་། བློ་དཀར་སྤྱོད་གཙང་འཁུར་ལེན་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་ཤུགས་བརྒྱབ་ནས་གསོ་སྐྱོང་བྱེད་པ། རྒྱལ་གཅེས་དང་བློས་གཏོང་གི་བསམ་བློ་ལྡན་པའི་ཕྱོགས་གང་ཅིའི་ཐད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་སྡུད་རུབ་ཤུགས་ཆེན་བྱེད་པ། སྤྱོད་ཡོན་གཉིས་ལྡན་དང་སྤྱོད་ལམ་གཙོར་འཛིན། མཛངས་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་སྟོབས་ལྡན་འདོན་སྤྲོད་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ལས་དང་རྩ་འཛུགས་ཀྱི་བྱེད་ལས་ཆེ་རུ་བཏང་སྟེ། ཏང་དང་མི་དམངས་ལ་དགོས་མཁོ་ཆེ་བའི་ལས་བྱེད་པ་བཟང་པོ་གསོ་སྐྱོང་དང་འདེམས་བསྐོ་བྱེད་པ་དང་། དུས་རབས་ཀྱི་ལས་འགན་ལྗིད་མོ་ཐེག་ཐུབ་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པ། ཕྱོགས་ཀྱི་མཁས་པ་བཀུག་ནས་ལས་སུ་སྤྱོད་པ་བཅས་བྱས་ཏེ། རྩ་འཛུགས་ཀྱི་ཐོག་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལག་བསྟར་དོན་འཁྱོལ་བྱེད་པར་འགན་ལེན་བྱེད་དགོས། ཞེས་བརྗོད་ཡོད། ལྔ་ནི་དེ་སྔོན་གཞི་རྩའི་བླང་བྱ་ལྔ་པ་སྟེ་ཏང་དོ་དམ་དང་ལེགས་སྐྱོང་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་ནང་། ཏང་གི་རང་ངོས་གསར་བརྗེ་བྱེད་པའི་ལས་ཀ་དེ་ནམ་ཡིན་སྒྲུབ་བཞིན་པའི་ལམ་ན་ཡོད་པ་དང་། ཏང་ནང་གི་ཁྲིམས་སྲོལ་མ་ལག་རྒྱུན་མ་ཆད་པར་ཆ་ཚང་དུ་གཏོང་བའི་ནང་དོན་ཁ་སྣོན་བརྒྱབ་ཡོད། ཏང་དོ་དམ་དང་ལེགས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཇེ་ཆེར་གཏོང་བ་ཞེས་པ་དེ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་ཞེས་པར་བཟོ་བཅོས་བརྒྱབ་ཡོད། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ནུས་ལྡན་ལམ་སྲོལ་ཆགས་པར་བྱེད་དགོས་ཞེས་པ་དེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས་ཞེས་པར་བཟོ་བཅོས་བརྒྱབ་ཡོད། འདི་ལྟར་ལེགས་སྒྲིག་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ན། ཏང་ཡོངས་ཀྱི་རང་ངོས་གསར་བརྗེའི་སྙིང་སྟོབས་ཇི་སྲིད་བར་དུ་མི་ཉམས་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་སྤེལ་གཏིང་ཟབ་གཏོང་བ། གསར་བརྗེ་རང་བཞིན་གྱི་སྐྲུན་བཟོའི་ཁྲོད་ཏང་དེ་བས་འགྱུར་མེད་སྟོབས་ལྡན་ཡོང་བའི་འགན་ལེན་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་ཕན་པ་ཡོད།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཐད་ཀྱི་ནང་དོན་གང་དག་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་དམ།
དྲིས་ལན། ཀྲུང་གོའི་གུང་ཁྲན་ཏང་ནི་ང་ཚོའི་བྱ་གཞག་ལ་འགོ་ཁྲིད་བྱེད་པའི་སྲོག་ཤིང་གི་སྟོབས་ཤུགས་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་དམིགས་ནས་ལྟ་བ་གསར་པ་དང་། དགོངས་པ་གསར་པ། སྡོམ་ཚིག་གསར་པ་རབ་དང་རིམ་པ་བཏོན་ཏེ། ཏང་གི་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་ལེགས་བཅོས་བྱེད་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་སྤྱིའི་རྩ་འཛིན་གྱི་དེ་སྔོན་རང་བྱུང་དུམ་ཚན་ཉེར་བཞི་པའི་ནང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད། དེ་སྔོན་རང་བྱུང་དུམ་ཚན་སུམ་ཅུ་པའི་ནང་ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་མཐོ་ཤོས་ཡིན་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད། འདི་ལྟར་བཟོ་བཅོས་བརྒྱབ་ན། ཏང་གིས་ཁྱོན་ཡོངས་སྤྱི་འཛིན་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་ཁག་དང་ཕྱོགས་སོ་སོ་དང་ལྷུ་ཚིགས་ཀུན་ཏུ་དོན་འཁྱོལ་བྱེད་པར་ཕན་པ་ཡོད།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཏང་ཡོན་དང་ཏང་གི་ལས་བྱེད་པར་བླང་བྱ་གསར་པ་གང་དག་བཏོན་ཡོད་དམ།
དྲིས་ལན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོན་ལ་བཏོན་པའི་བླང་བྱ་གསར་པ་གཞིར་བཟུང་ནས་ཏང་ཡོན་ཞེས་པའི་ལེའུ་དེའི་ནང་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཏང་ཡོན་གྱི་འོས་འགན་འཐུས་ཚང་དུ་བཏང་བ་དང་། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་ཀྱི་ནང་དོན་ཁ་སྣོན་བརྒྱབ་ཡོད། འདི་ལྟར་ཕུན་སུམ་ཇེ་ཚོགས་སུ་བཏང་ན། རྒྱ་ཆེའི་ཏང་ཡོན་ཚོས་རྒྱུན་དུ་ཏང་གི་སྒྲིག་ཡིག་གི་གཏན་འབེབས་དང་བླང་བྱ་དང་དཔེ་བསྡུར་བྱ་རྒྱུར་སྣེ་འཁྲིད་དང་། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། སྔར་ལས་ཧུར་བརྩོན་ཆེན་པོས་འཐབ་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ནས་ཏང་གི་ལས་བྱེད་པ་ཞེས་པའི་ལེའུ་དེའི་ནང་ཏང་གི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པར་ངེས་པར་དུ་འཛོམས་དགོས་པའི་གཞི་རྩའི་ཆ་རྐྱེན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། དོན་ཚན་སོ་དྲུག་པའི་ནང་གསེས་དོན་ཚན་ལྔ་པའི་ནང་ཁྱད་དབང་བསམ་བློ་དང་ཁྱད་དབང་སྣང་ཚུལ་ལ་ངོ་རྒོལ་བྱེད་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཏང་གི་གཞི་རིམ་རྩ་འཛུགས་དང་ཏང་ཙུའུ་ཐད་ལ་གཏན་འབེབས་གསར་པ་གང་དག་བྱས་ཡོད་དམ།
དྲིས་ལན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་གི་རྩ་འཛུགས་འཛུགས་སྐྲུན་དང་དེ་བཞིན་འབྲེལ་ཡོད་ལམ་ལུགས་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་གྲུབ་འབྲས་དེ་དག་བསྡུ་ལེན་བྱས་ནས་ཏང་གི་གཞི་རིམ་རྩ་འཛུགས་དང་ཏང་ཙུའུ་ཞེས་པའི་ལེའུ་གཉིས་ཀྱི་དོན་ཚན་ཁག་ཅིག་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་ཡོད།
ཏང་གི་གཞི་རིམ་རྩ་འཛུགས་ཞེས་པའི་ལེའུ་དེའི་ནང་སྨན་ཁང་གི་ཏང་འཛུགས་སྐྲུན་ལས་དོན་ལ་ཤུགས་རྒྱག་པའི་དགོས་མཁོ་དངོས་ལ་དམིགས་ཏེ་སྨན་ཁང་དོན་ཚན་སུམ་ཅུ་པའི་ནང་གསེས་དུམ་ཚན་དང་པོའི་ནང་གཏན་འབེབས་བྱས་པའི་གཞི་རིམ་སྡེ་ཚན་གྱི་རིགས་སུ་འཇུག་རྒྱུ་ཁ་གསལ་བཟོས་ཡོད། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་གཞི་རྩའི་ལས་འགན་འཐུས་ཚང་དུ་བཏང་སྟེ། དོན་ཚན་སོ་གཉིས་པའི་ནང་གསེས་དོན་ཚན་གཉིས་པའི་ནང་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུའི་ནང་དོན་ཁ་སྣོན་བརྒྱབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་རྩ་འཛུགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ནས་དོན་ཚན་སོ་གསུམ་པའི་ནང་གསེས་དུམ་ཚན་དང་པོའི་ནང་སྲང་ལམ་དང་། ཞང་། གྲོང་རྡལ་བཅས་དང་། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱི་གོ་གནས་དང་ནུས་པ་སྔར་ལས་ཁ་གསལ་བཟོས་ཤིང་། དེ་ནི་འདི་ལྟར། སྲང་ལམ་དང་། ཞང་། གྲོང་རྡལ་བཅས་ཀྱི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་ས་ཁུལ་དེ་གའི་གཞི་རིམ་རྩ་འཛུགས་རིགས་ཁག་དང་ལས་ཀ་ཁག་ལ་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། གཞི་རིམ་སྤྱི་ཚོགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞེས་བརྗོད་ཡོད། དུས་མཚུངས་སུ། དོན་ཚན་སོ་གསུམ་པའི་ནང་གསེས་དུམ་ཚན་གཉིས་པའི་ནང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་ཨུ་(ཏང་ཙུའུ་)ཡིས་ཏང་རྩ་འཛུགས་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་འགན་འཁྲི་དང་ལས་འགན་འཐུས་ཚང་དུ་བཏང་སྟེ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་དང་བུད་མེད་རྩ་འཛུགས་ལ་འགོ་ཁྲིད་བྱ་རྒྱུའི་ནང་དོན་ཁ་སྣོན་བརྒྱབ་ཡོད།
ཏང་ཙུའུ་ཞེས་པའི་ལེའུ་དེའི་ནང་དོན་ཚན་ཞེ་བརྒྱད་པའི་ནང་གི་ཏང་ཙུའུ་ཡི་འགན་འཁྲིའི་གནས་ངེས་ལེགས་སྒྲིག་བྱས་ཏེ། ཏང་ཙུའུ་ཡིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བརྗོད་ཡོད། ཏང་ཙུའུ་སྒྲིག་འགོད་ཀྱི་དོན་དངོས་གཞིར་བཟུང་ནས་དོན་ཚན་ལྔ་བཅུ་པའི་འབྲེལ་ཡོད་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཏང་ཙུའུ་ཡི་ངོ་བོ་ལྡན་པའི་ཏང་ཨུ་འཛུགས་པའི་ཁྱབ་ཁོངས་ཁ་གསལ་བཟོས་ནས་རང་གི་ཁོངས་སུ་གཏོགས་པའི་སྡེ་ཚན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པའི་རྒྱལ་ཁབ་ལས་དོན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་ལས་ཁུངས་ནང་དུ་ཏང་ཨུ་འཛུགས་ཆོག་ཅེས་བརྗོད་ཡོད།
དྲི་བ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཞེས་པའི་ལེའུ་གཉིས་ལ་ལེགས་སྒྲིག་དང་འཐུས་ཚང་གང་དག་བྱས་ཡོད་དམ།
དྲིས་ལན། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཉེ་བའི་ལོ་ཤས་རིང་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་དང་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་སྒྱུར་བཅོས་བྱས་པའི་གྲུབ་འབྲས་གསར་པ་བསྡུ་ལེན་བྱས་ནས་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཞེས་པའི་ལེའུ་གཉིས་དགོས་ངེས་ཀྱི་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
ཏང་གི་སྒྲིག་ཁྲིམས་ཞེས་པའི་ལེའུ་དེའི་ནང་དོན་ཚན་བཞི་བཅུ་པའི་ནང་གསེས་དུམ་ཚན་གཉིས་པའི་ནོར་འཁྲུལ་གྱི་ངོ་བོ་དང་ནོར་འཁྲུལ་ཤོར་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་གཏོང་བའམ་ཐ་ན་སྒྲིག་ཁྲིམས་ཐོག་ནས་ཆད་པ་གཅོད་དགོས་ཞེས་པ་དེ། ནོར་འཁྲུལ་གྱི་ངོ་བོ་དང་ནོར་འཁྲུལ་ཤོར་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་། ཞིབ་བཤེར་བྱེད་དུ་འཇུག་པ། བསླབ་འདོམས་སྐུལ་ལྕག་གཏོང་བ་བཅས་དང་ཐ་ན་སྒྲིག་ཁྲིམས་ཐོག་ནས་ཆད་པ་གཅོད་དགོས་ཞེས་པར་བཟོ་བཅོས་བརྒྱབ་ཡོད།
ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཞེས་པའི་ལེའུ་དེའི་ནང་སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་མངག་གཏོང་བཅའ་སྡོད་བྱ་རྒྱུའི་ཁྱབ་ཁོངས་སྔར་ལས་ཁ་གསལ་བཟོས་པ་དང་། དོན་ཚན་ཞེ་ལྔ་པའི་ནང་གསེས་དུམ་ཚན་བཞི་པར་གཏན་འབེབས་ལྟར་འབྲེལ་ཡོད་གཞུང་ཁོངས་ཁེ་ལས་དང་བྱ་ལས་སྡེ་ཚན་ལ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་མངག་གཏོང་བཅའ་སྡོད་བྱ་རྒྱུའི་ནང་དོན་ཁ་སྣོན་བརྒྱབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ནས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ལས་འགན་གཙོ་བོ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། དོན་ཚན་ཞེ་དྲུག་པའི་ནང་གསེས་དུམ་ཚན་དང་པོའི་ནང་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བའི་ནང་དོན་ཁ་སྣོན་བརྒྱབ་ཡོད།
དྲི་བ། ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་གྱི་བསམ་འཆར་དང་གྲོས་འགོ་ཁག་ཐག་གཅོད་ཇི་ལྟར་བྱས་མིན་ཐད་ལ་ངོ་སྤྲོད་གནང་རོགས།
དྲིས་ལན། ད་ཐེངས་ཏང་གི་སྒྲིག་ཡིག་བཟོ་བཅོས་བྱེད་སྐབས་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་རྩ་དོན་ལྟར། ས་ཁུལ་ཁག་དང་སྡེ་ཁག་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོར་ཕྱོགས་ཡོངས་ནས་ཕྱོགས་བསྡུས་དང་། དོན་ཚན་རེ་རེ་བཞིན་ཞིབ་འཇུག །དང་ལེན་གང་ལེགས་བཅས་བྱས་ཏེ་ཏང་གི་སྒྲིག་ཡིག་ལ་ཁྱོན་བཟོ་བཅོས་ཁག་50ཙམ་བརྒྱབ་ཡོད། བསམ་འཆར་དང་གྲོས་འགོ་ཁ་ཤས་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་དང་ལེན་བྱས་མེད་མོད། འོན་ཀྱང་དགོངས་དོན་གཙོ་བོ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་མཚོན་ཡོད། བསམ་འཆར་དང་གྲོས་འགོ་ཁ་ཤས་ད་དུང་ལག་ལེན་ཁྲོད་སྔར་ལས་ལྷག་པར་ཞིབ་འཇུག་དང་འཚོལ་ཞིབ་བྱེད་དགོས། བྱེ་བྲག་གི་བསམ་འཆར་དང་གྲོས་འགོ་ཁ་ཤས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་དག་ནང་དུ་མཚོན་ཆོག །
ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ་10ཚེས་26ཉིན་པེ་ཅིན་ནས་སྤེལ་བའི་གློག་འཕྲིན།