TrueTypeཡིག་གཟུགས་སམ་བསྡུས་མིང་ལ་TTཡིག་གཟུགས་ཅེས་པ་ནི་དེང་སང་ཆེས་རྒྱུན་མཐོང་གི་ཨང་ཀིའི་ཡིག་གཟུགས་ཀྱི་རྣམ་པ་ཞིག་ཡིན། དེ་ནི་ཨང་ཀིའི་ཡིག་གཟུགས་ཀྱི་ཚད་གཞི་གཅིག་འགྱུར་དང་རྩིས་འཕྲུལ་ནང་གི་ཡིག་གཟུགས་སྔར་ལས་མཛེས་པོ་ཡོང་བའི་ཆེད་དུ་ཀུ་ཤུ་དང་ཕྲ་མཉེན་ཀུང་སི་གཉིས་ཀྱིས་1980ལོར་གསར་གཏོད་བྱས་པ་ཡིན། རྩིས་འཕྲུལ་སོགས་སུ་ཆེས་རྒྱུགས་ཆེ་བའི་ཡིག་གཟུགས་ཀྱི་རྣམ་གཞག་ཅིག་ཏུ་གྱུར་ཡོད་ཅིང་། ཅོག་ངོས་དཔེ་སྐྲུན་དང་།
ཨང་ཀིའི་པར་འདེབས། དྲ་ངོས་ཇུས་འགོད། ཨང་ཀིའི་སྨྱན་སྦྱོར་ཁྱབ་ཁོངས་གཞན་དག་ཏུ་ཁྱབ་སྤེལ་བྱེད་བཞིན་ཡོད།
TTཡིག་གཟུགས་ལ་ཁྱད་ཆོས་བཞི་ཡོད་དེ། གཅིག་ནི་རྒྱ་བསྐྱེད་རང་བཞིན་ཏེ། TTཡིག་གཟུགས་ནི་ཕྱོགས་ཚད་རིས་དབྱིབས་ཀྱི་རྨང་གཞིའི་ཐོག་གསར་གཏོད་བྱས་པ་ཡིན་པས། ཡིག་གཟུགས་ཇེ་ཆེར་དང་ཇེ་ཆུང་དུ་བཏང་བས་གསལ་ཚད་ལ་འགྱུར་བ་མེད་པས། པར་འདེབས་དང་དཔེ་སྐྲུན་གྱི་ཁྱབ་ཁོངས་ལ་ཧ་ཅང་འཚམ་པོ་ཡོད། གཉིས་ནི་རྩིས་འཕྲུལ་ནང་དུ་ཕབ་འཇུག་དང་བརྒྱུད་བསྐུར་སོགས་སྟབས་བདེ་པོ་ཡོད་པ། རྩིས་འཕྲུལ་གྱི་ཤེས་བྱ་དང་རྨང་གཞི་དམན་པ་ཞིག་གིས་ཀྱང་ལས་སླ་མོའི་སྒོས་བཀོལ་ཆོག་པས། དེང་གི་ཨང་ཀིའི་སྨྱན་སྦྱོར་ཁྱབ་ཁོངས་ཁྲོད་ཀྱི་ཆེས་རྒྱ་ཆེ་བའི་ཡིག་གཟུགས་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད། གསུམ་ནི་ཡིག་གཟུགས་རྣམ་པ་དེས་Unicodeརྒྱལ་སྤྱི་ཚད་གཞི་ལ་རྒྱབ་སྐྱོར་ཡོད་པ་དང་ཡིག་གཟུགས་ཡིག་ཆ་རེ་རེའི་ནང་དུ་ཡིག་རིགས་མི་འདྲ་བ་མང་པོ་འདུ་ཆོག །དཔེར་ན། བོད་ཡིག་དང་དབྱིན་ཡིག་གི་ཡིག་གཟུགས་གཉིས་ཀ་ཚུད་པའི་ཡིག་གཟུགས་ལྟ་བུ། བཞི་ནི་བཟོ་བཅོས་རང་བཞིན་ཏེ། TTཡིག་གཟུགས་ནི་ཕྱོགས་ཚད་རིས་དབྱིབས་བཀོལ་ནས་གསར་གཏོད་བྱས་པས། དེ་དག་གིས་སྟབས་བདེའི་སྒོ་ནས་གསར་སྣོན་དང་བཟོ་བཅོས་བྱ་ཆོག །ཡིག་གཟུགས་ཇུས་འགོད་པས་ཡིག་གཟུགས་བཟོ་བཅོས་བྱས་པ་བརྒྱུད་ནས་ཇུས་འགོད་ཀྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད། གཞན་ལ་ཐད་ཀར་ཡིག་གཟུགས་དེ་བརྒྱུད་བསྐུར་དང་མཉམ་སྤྱོད་བྱ་ཆོག །ལྔ་ནི་དེའི་འཆམ་མཐུན་རང་བཞིན་ཏེ། བཀོལ་སྤྱོད་རྒྱུད་ཁོངས་མི་འདྲ་བ་དང་མཉེན་ཆས་མ་ལག་མི་འདྲ་བའི་ཐོག་ཏུ་བཀོལ་ཆོག
བོད་ཡིག་གི་TTཡིག་གཟུགས་དེ་ཉེ་བའི་ལོ་བཅོ་ལྔའི་རིང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཁྱད་པར་དུ་2006ལོར་windows vistaའགྲེམ་སྤེལ་བྱས་ནས་བཀོལ་སྤྱོད་མ་ལག་ཏུ་བོད་ཡིག་རྒྱབ་སྐྱོར་བྱས་འགོ་ཚུགས་པ་ནས་བཟུང་། ད་ལྟའི་བར་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་བོད་ཡིག་ཡིག་གཟུགས་མི་འདྲ་བ་100ལ་ཉེ་བ་ཐོན་ཡོད། དེའི་ནང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་གསར་སྤེལ་བྱས་པའི་ཇོ་མོ་གླང་མའི་ཡིག་གཟུགས་ལ་རྒྱ་ཆེའི་བོད་ཡིག་བཀོལ་སྤྱོད་མཁན་གྱིས་དགའ་བསུ་ཐོབ། མཐར་སྐུ་ཉིད་ཀྱིས་ངེད་གངས་ལྗོངས་ཉི་གཞོན་འཕྲིན་སྟེགས་བརྒྱུད་ནས“ཡིག་གཟུགས”སམ་ཡང་ན་ཨ་རབ་ཨང་ཀི“23022201”བསྐུར་ནས་ཡིག་གཟུགས་མི་འདྲ་བ་100ལྷག་རིན་མེད་ཕབ་ལེན་བྱ་ཆོག །