ཞེན་ཆགས་ཀྱི་ཕྱི་མིག་གིས་མི་འདོད་པའི་རྫོགས་ཚིག་བྲིས།
སྨིན་དྲུག་གི་རང་མདངས་བསྡུས་པའི་མིག་ཟུང་ལ་མཆི་མ་འཁོར།
འབྲལ་མི་སྤོབས་པའི་སེམས་པས་སྐྱོ་ངལ་གསོག་པར་ང་ཤིན་ཏུ་འཕངས།
ཀྱེ། ལས་དབང་ནི་ཞེ་ནག་ཅིག
བཀོད་སྒྲིག་ནི་མི་འདོད་པར་བཙན་སྒྲིག་ཅིག
ཀྱེ། ངས་མཚར་སྡུག་ཡོད་ཚད་ཁྱོད་ཀྱི་རྒྱན་དུ་བྲི་དགོས་ཏེ།
སྒེག་ཆོས་ཀྱིས་སེང་ལྕམ་ལ་འགྲན།
རང་གཤིས་ཀྱིས་སྲིད་པར་མཚུངས་དཔེ་སྟོང་པར་བཟོས།
ཁྱོད་ཀྱིས་རི་རབ་ཀྱི་རང་གཤིས་བཟུང་སྟེ་ང་ཡི་འཇིག་རྟེན་འགྱིང་།
ང་ནི་དྲི་བཞོན་གྱིས་ཚུལ་དུ་ཁྱོད་ཀྱི་དུས་ཚིགས་སུ་རྒྱུ།
ཀྱེ། ང་ཡི་གྲོགས། སེམས་པ་སེམས་སུ་སིམ་རུང་།
གྱེས་གདུང་བཟོད་དགོས་པ་ལས།