“ཏང་གིས་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཡོང་བའི་མཐོ་ཚད་དུ་ལངས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཏང་གི་ཡུན་རིང་གི་འཐབ་ཇུས་དང་རྟག་བརྟན་གྱི་ཞིབ་འཇུག་བྱ་གཞིར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་མཐར་ཕྱིན་པར་དར་སྤེལ་བྱེད་ཅིང་། ནམ་ཡང་གདོང་མཆོང་དུང་བརྡ་སྒྲོག་ཅིང་། དགོངས་གཞི་ནན་པོ་དང་། བྱ་ཐབས་ནན་པོ། རྣམ་པ་ནན་པོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ་ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་པར་བྱེད་དགོས།”
སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་དུ་ལངས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་ཚང་དུ་གཏོང་བའི་དམིགས་འབེན་ལས་འགན་དང་ལག་ལེན་གྱི་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་སྟེ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད།
རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་དར་རྒྱས་བྱུང་ན་གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། དགོངས་དོན་གལ་ཆེན་དང་བླང་བྱ་གལ་ཆེན་རབ་དང་རིམ་པ་བཏོན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པའི་ནང་དུ་བཞག་ཅིང་། གྲི་ཁ་ནང་ལ་བསྐོར་བ་དང་རུས་འབྲད་དུག་སེལ་བྱེད་ཅིང་། སྨན་བཙན་པོས་གཅོང་ནད་སེལ་བ་དང་ཁྲིམས་བཙན་པོས་ཟིང་འཁྲུག་འཇགས་པར་བྱས་ཏེ། ཏང་དོ་དམ་དང་ཏང་ནན་སྐྱོང་ཐད་ཡངས་ལྷོད་འཇམ་གསུམ་གྱི་གནས་ཚུལ་རྩ་བའི་ཆ་ནས་བསྒྱུར་ཏེ། གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་སྔར་བས་ཞུམ་མེད་སྟོབས་ལྡན་དུ་གྱུར་ཅིང་། ལོ་བརྒྱའི་རིང་ཏང་གི་རང་ངོས་གསར་བརྗེ་བྱེད་པའི་རྣམ་པ་གསར་པ་བཏོད་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྣེ་ཁྲིད་བྱས་པ་རེད།
《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ལས་ཏང་གིས་རང་ངོས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་འགྲོས་ཚད་ལས་སྒྲོལ་བའི་ཐབས་ལམ་ལེགས་པོ་འཚོལ་ཞིབ་བྱུང་བ་》ཞེས་པའི་རྩོམ་ཡིག་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2022ལོའི་ཟླ་དང་པོའི་ཚེས་18ཉིན་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་ཆ་ཤས་ཤིག་རེད། རྩོམ་ཡིག་གལ་ཆེན་འདིའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ལས་ཐོབ་པའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དང་ཕྱོགས་ཡོངས་ནས་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས་ཚུལ་རྒྱས་བཤད་ཁ་གསལ་གནང་ཞིང་། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་ལེགས་འགྲུབ་བྱུང་བའི་ལག་ལེན་ལ་ཕྱོགས་བསྡོམས་གཏིང་ཟབ་གནང་བ་དང་། དུས་ཡུན་རིང་པོར་སྲིད་སྐྱོང་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། དུས་ཡུན་རིང་པོར་སྲིད་སྐྱོང་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་ཕྱོགས་བསྡོམས་གནད་འཕིགས་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་བྱེད་པའི་ལས་གཞི་རླབས་པོ་ཆེར་སྐུལ་སྤེལ་གཏོང་ཆེད་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། རྩོམ་ཡིག་གལ་ཆེན་འདིར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་དགོས་ལ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སོགས་གྲོས་ཚོགས་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། གོ་བ་མཐིལ་ཕྱིན། དོན་འཁྱོལ་མཐར་ཕྱིན་བཅས་བྱས་ཏེ། ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་ཡིས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགོ་ལེགས་པོ་ཞིག་ཚུགས་པ་དང་གོམ་པ་བརྟན་པོ་སྤོ་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ལོ་རྒྱུས་ཀྱི་དུས་འཁོར་འགྲོས་ཚད་ལས་སྒྲོལ་བའི་དྲིས་ལན་གཉིས་པ།
“ངས་རྒྱུན་དུ་ལོ་རྒྱུས་ཀྱི་དུས་འཁོར་འགྲོས་ཚད་ལས་སྒྲོལ་བའི་གནད་དོན་གླེང་གི་ཡོད། དེ་ནི་ཏང་གི་ལོ་ངོ་སྟོང་ཕྲག་རིང་གི་བྱ་གཞག་རླབས་པོ་ཆེ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད།”
ཟིང་བཅོས་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་འགྲོས་ཚད་ལས་ཇི་ལྟར་སྒྲོལ་དགོས་སམ་ཞེ་ན། “བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་གྱི་ས་ཕུག་ནང་ནས་དྲི་བ་དེར་དྲིས་ལན་དང་པོ་བཏབ་གནང་སྟེ། ‘མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དགོས་’ཞེས་པ་དེ་རེད། ལོ་ངོ་བརྒྱ་ལྷག་ཙམ་འབད་འཐབ་བྱས་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པ་བརྒྱུད་ཏང་གིས་སླར་ཡང་དྲིས་ལན་གཉིས་པ་བཏབ་པ་དེ་ནི་རང་ངོས་གསར་བརྗེ་ཞེས་པ་དེ་ཡིན།”
དྲིས་ལན་དེ་གཉིས་ཀྱིས་ལོ་བརྒྱའི་རིང་ལ་ཏང་ཆེན་པོ་ཞིག་གིས་རྒྱུན་ཆད་མེད་པར་བསམ་བློ་བཏང་བ་དང་ཡུན་རིང་འཚོལ་ཞིབ་བྱས་པ་མཚོན་ཡོད། རྩོམ་ཡིག་གལ་ཆེན་འདིའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་རྒྱུན་འཁྱོངས་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་ཏེ། རང་ངོས་གསར་བརྗེའི་འཐབ་ཇུས་ཀྱི་དོན་སྙིང་དང་། གཞི་རྩའི་ནང་དོན། ལག་ལེན་གྱི་བླང་བྱ་སོགས་རྩ་བའི་རང་བཞིན་དང་ཕུགས་ཀྱི་གནད་དོན་རབ་དང་རིམ་པ་རྒྱས་བཤད་གནད་ལ་འཁེལ་བ་གནང་བ་རེད།
“རང་ངོས་གསར་བརྗེ་ཞེས་པ་ནི་ཀལ་གསབ་རུས་གསོ་དང་། དུག་འདོན་སྲིན་སེལ། དཔའ་བོས་དཔུང་གཅོད། རུལ་འདོར་ཤ་གསོ་བཅས་བྱས་ནས་ཏང་གི་གཟུགས་གཞི་བདེ་ཐང་ལ་བསླད་སྐྱོན་གཏོང་བའི་ནད་དུག་ཟམ་མི་འཆད་པར་གཙང་སེལ་བྱས་ཏེ། རང་ངོས་ཀྱི་ནད་འགོག་ནུས་པ་ཟམ་མི་འཆད་པར་ཆེ་རུ་བཏང་ནས་མི་ཤི་སྲིད་བརླག་ཡོང་བ་སྔོན་འགོག་བྱ་རྒྱུ་དེ་རེད།” ཀྲུང་གོའི་གུང་ཁྲན་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་ཞིང་། ཐོག་མའི་བསམ་འདུན་དང་ལས་འགན་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་བརྩོན་ལེན་བྱ་རྒྱུ་དེ་ཡིན། རང་ངོས་གསར་བརྗེ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཕོད་པ་ནི་ནང་གནས་གཅིག་མཐུན་ཡིན་ཏེ། ཚང་མ་ཏང་གི་ཐོག་མའི་བསམ་འདུན་ལས་བྱུང་བ་རེད། ལོ་བརྒྱར་ཆར་རླུང་དྲག་པོ་བརྒྱུད་ཅིང་ལོ་བརྒྱར་རྦ་རླབས་ཆེན་པོས་བརྡབས། ཏང་ཕྱི་རུ་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་བརྟེན་པ་དང་། ཏང་ནང་ཁུལ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བརྟེན་ནས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཞིང་། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ། གྲི་ཁ་ནང་དུ་བསྐོར་བ་དང་རུས་འབྲད་དུག་སེལ་བྱེད་ཕོད་པ་བྱས་ནས་ཏང་གི་སྟོབས་ཤུགས་ཉམས་པ་མེད་ཅིང་། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་འགན་ལེན་བྱས་ཡོད། རྩོམ་ཡིག་གལ་ཆེན་འདིའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“གཞི་ནས་གསུམ་”ལ་བརྟེན་ནས་མི་དམངས་ཀྱི་ལྟ་སྐུལ་དང་རང་ངོས་གསར་བརྗེ་ཞེས་པའི་དྲིས་ལན་དེ་གཉིས་བར་གྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་གསལ་བཤད་གཏིང་ཟབ་གནང་བ་སྟེ། བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན་ཞིང་། དམངས་ཀྱི་རེ་བ་སྟོང་ཟད་མི་སྟོང་བར་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་བྱས་ཚེ། གཞི་ནས་རང་ཉིད་ཀྱི་གསར་བརྗེའི་སྙིང་སྟོབས་ལ་ཞིབ་བརྟག་མཐར་ཕྱིན་པ་བྱེད་ཐུབ་ལ། རང་ཉིད་ཀྱི་སྐྱོན་ཆར་བསམ་བློ་ཡང་ཡང་གཏོང་ཐུབ་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཐུབ་པ་ཡིན་ལ། གཞི་ནས་ཁེ་ཕན་ཚོགས་པ་དང་། དབང་ཤུགས་ཚོགས་པ། ཁྱད་དབང་རིམ་གྲས་བཅས་ཀྱི་“རུབ་རྔོན་”རུལ་བསླད་ཡོད་ཚད་ལས་ཐར་ཐུབ་པ་མ་ཟད། ཏང་ནང་གི་ཚོགས་ཁག་དང་། ཚོགས་པ། རིམ་གྲས་དེ་ཚོའི་གྲོགས་པོར་གྱུར་པའི་མིར་གཤག་བཅོས་བྱས་ནས་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱས་སུ་འཇུག་ཐུབ་པ་ཡིན། གཞི་ནས་མི་དམངས་ཀྱིས་ང་ཚོར་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཅིང་། སྙིང་ཐག་པ་ནས་ང་ཚོར་སྐྱོན་ཆ་ཡོ་བསྲང་བྱེད་རོགས་དང་། བློ་རྩ་བརྟན་པོས་ཏང་དང་མཉམ་དུ་འབད་བརྩོན་བྱེད་ཐུབ་པ་ཡིན།
ལོ་བཅུའི་རིང་ལ་གྲི་གཅིག་བརྡར། །གྲི་རྣོ་གང་དེས་གནམ་ས་འབྱེད། །ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ལྕགས་རྡུང་བར་རང་ལུས་བཀན་མོ་ཡིན་དགོས་པའི་གནས་ལུགས་རྒྱུན་འཁྱོངས་བྱས་ཤིང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རང་ངོས་གསར་བརྗེ་བྱེད་པའི་“མཉམ་སྒྲིག་དྲག་རྩལ་”ཞིག་གསར་གཏོད་བྱས། ལག་ལེན་གསར་གཏོད་ཀྱི་ཐད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འཁེལ་དང་དོན་འཁྱོལ་བྱེད་པ་ནས་འགོ་བརྩམས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བཏོན་པ་དང་དོན་འཁྱོལ་བྱས་ཤིང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ཏང་འཛུགས་སྐྲུན་བྱེད་པའི་ལས་དོན་ཁག་ལ་སྤྱི་འདོམས་བྱས་པ་དང་། བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་ལམ་ལུགས་ཐོག་ནས་ཏང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་མཉམ་དུ་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་བཏང་བ་དང་། ཏང་ནང་གི་གཅིག་སྡུད་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་པ་དང་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཚད་གཞི་འབུར་དུ་ཐོན་པར་བྱས་ནས་མཁས་འདེམས་འཇོན་བསྐོ་བྱེད་པ། ཆབ་སྲིད་ཀྱི་སྐོར་གཟིགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཏང་ཡོངས་ཀྱི་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། རྩ་འཛུགས་ཀྱི་མ་ལག་ནན་དུ་གཏོང་བ། སྒྲིག་ལམ་དང་ལུགས་སྲོལ་ནན་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ཡོད། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་བཏང་སྟེ། ལྕགས་ཀྱི་གཟེར་མ་འདེབས་པའི་སྙིང་སྟོབས་ཀྱིས་“སྤྱོད་ཚུལ་བཞི་”ཡོ་བསྲང་བྱས་པ་དང་། “མི་བརྒྱ་སྟོང་མང་པོར་ཕོག་ཐུག་གཏོང་དགོས་རུང་། མི་དམངས་དུང་ཕྱུར་བཞིའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་”འགན་འཁྲི་འཁུར་སེམས་བཅངས་ནས་ནད་སེལ་ཟིང་བཅོས་བྱེད་ཅིང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་བས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཕྱོགས་ཡོངས་ནས་སྲ་བརྟན་དུ་ཕྱིན་ཡོད། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ཐད་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་བཏོན་ཏེ། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་དྲིས་ལན་གཏིང་ཟབ་བཏབ་གནང་ཡོད། དཔེར་ན། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ཏང་གི་ཕྱོགས་གང་ཅིའི་ཐད་ཀྱི་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ་སོགས་ནན་བཤད་བྱས་པ་ལྟ་བུ་རེད། ལམ་ལུགས་གསར་གཏོད་ཀྱི་ཐད། སྒྲིག་ལྟར་ཏང་སྐྱོང་བ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་གཅིག་གྱུར་དམ་ཚགས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་དེ་ཏང་གི་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་གནས་སུ་བཞག་པ་དང་། ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་དུས་རབས་གསར་པར་ཏང་འཛུགས་སྐྲུན་བྱེད་པའི་ཕྱོགས་གང་ཅིའི་ཐད་ལ་ཁྱབ་པར་བྱས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན། ཕུགས་བསམ་དང་དད་སེམས་བརྟན་སྲུང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་རྒོལ་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་སོགས་ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། ཅུང་འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་ཆགས་པར་བྱས་། སྒྲིག་སྲོལ་ངེས་པར་དུ་བརྩི་སྲུང་དང་། ལག་བསྟར་ངེས་པར་དུ་ནན་པོ། རྒྱབ་འགལ་བྱས་རིགས་ངེས་པར་དུ་རྩད་གཅོད་བཅས་ལག་བསྟར་ཐུབ་པ་བྱས་ནས། སྒྲིག་ལྟར་ཏང་སྐྱོང་དང་རང་ངོས་གསར་བརྗེའི་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཀྲུང་གོའི་གུང་ཁྲན་ཏང་གིས་བཅོས་སྐྱོང་བྱེད་པའི་དམིགས་བསལ་གྱི་གསང་གྲངས་སུ་འགྱུར་བར་བྱས་ཡོད།
དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་འགྲོས་ཚད་ལས་སྒྲོལ་བའི་ཐབས་ལམ་འཚོལ་ཞིབ་བྱུང་བའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནང་སྟེ་སྣེ་ཁྲིད་དང་ཕྱོགས་སྟོན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བར་ཐུག་ཡོད། “གཏན་འཁེལ་གཉིས་”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། དེ་ལ་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་ངེས་པར་དུ་“གཏན་འཁེལ་གཉིས་”རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྩ་བའི་གནས་གཞི་དང་ཤུགས་རྒྱག་ས་ཞིག་ཏུ་བརྩིས་ཏེ། ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཤིང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁོང་དུ་ཆུད་པ་དང་ལག་བསྟར་ཏན་ཏིག་བྱ་རྒྱུར་འགན་ལེན་བྱེད་དགོས།
ལོ་ངོ་བརྒྱ་ཕྲག་རིང་གི་ཏང་ཆེན་པོས་རང་ངོས་གསར་བརྗེ་བྱེད་པའི་རྣམ་པ་གསར་པ་བཏོད་པ།
“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་དུས་རབས་གསར་པར་ཏང་གིས་རང་ངོས་གསར་བརྗེ་བྱེད་པའི་ལག་ལེན་རླབས་པོ་ཆེ་ཞིག་ཡིན་ལ། ལོ་ངོ་བརྒྱ་ཕྲག་ལྷག་རིང་ཏང་གིས་རང་ངོས་གསར་བརྗེ་བྱེད་པའི་རྣམ་པ་གསར་པ་བཏོད་ཡོད།”
ང་ཚོའི་ཏང་ནི་སྤྱི་ཚོགས་ཀྱི་གསར་བརྗེར་འགོ་ཁྲིད་བྱེད་མཁས་པའི་ཏང་ཞིག་ཡིན་ལ། རང་ངོས་གསར་བརྗེ་བྱེད་ཕོད་པའི་ཏང་ཞིག་ཀྱང་ཡིན། གསར་བརྗེའི་དམག་འཁྲུག་གི་ལོ་རབས་ནས་བཟུང་ཏང་འཛུགས་སྐྲུན་བྱ་རྒྱུ་དེ་ལས་གཞི་རླབས་པོ་ཆེ་ཞིག་ཏུ་བརྩིས་ནས་སྐུལ་སྤེལ་བཏང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་རང་བཞིན་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་བདེ་བླག་ངང་གོང་དུ་སྤེལ་བར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས་ཡོད།
དུས་རབས་གསར་པར་སླེབས་སྐབས་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ང་ཚོ་མུ་མཐུད་མདུན་སྐྱོད་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་དང་། ཆ་རྐྱེན་བཟང་པོ་སྐྲུན་པ། འགན་ལེན་ཡག་པོ་མཁོ་འདོན་བཅས་བྱས་པ་དང་། དུས་མཚུངས་སུ་ཡུན་རིང་གསོག་འཇོག་བྱས་པ་དང་གསར་དུ་བྱུང་བའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་རབ་དང་རིམ་པ་འཕྲལ་ཐག་གཅོད་དགོས་ངེས་སུ་གྱུར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་དང་ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་གདམ་ག་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པའི་ནང་བཅུག་ཅིང་། བློ་སྟོབས་ཞུམ་མེད་དང་ངེས་ཤུགས་བརྟན་པོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་ཡོད། རྩོམ་ཡིག་གལ་ཆེན་འདིའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་སྲུང་དང་བསམ་བློའི་མཚོན་ཆ་བཞུན་བརྡར་བྱེད་པ་སོགས་ཕྱོགས་དྲུག་གི་ཐད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཞེས་པའི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ལག་ལེན་རླབས་པོ་ཆེ་འདི་ལ་ཕྱོགས་བསྡོམས་དང་སྙིང་བསྡུས་གཏིང་ཟབ་མོ་བྱས་ཡོད།
གཅིག་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་ངོས་གསར་བརྗེ་བྱེད་པའི་རྩ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་སྲུང་བྱས་ཡོད། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་དང་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་འགན་ལེན་བྱ་རྒྱུ་ནི་ཏང་གི་བླ་སྲོག་ཡིན་པ་དང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནི་ང་ཚོས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པའི་རྩ་བའི་འགན་ལེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ནི་ཐོག་མར་ཆབ་སྲིད་ཐད་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་ཡིན་”ཞེས་དང་། “ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བརྩི་བཀུར་ཞུ་རྒྱུར་འགན་ལེན་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་ལས་འགན་ཨང་དང་པོ་ཡིན།” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་འཛུགས་སྐྲུན་དེ་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་དུ་བརྩིས་ཤིང་། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ནས་ཏང་ཡོངས་ཀྱིས་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། ཏང་གི་འགོ་ཁྲིད་དེ་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ཁྲོད་དོན་འཁྱོལ་བྱེད་ཅིང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འགན་ལེན་བྱས་པ་དང་། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཡོད། དུས་རབས་གསར་པའི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། “ཏང་གི་འགོ་ཁྲིད་ཉམས་དམས་སུ་འགྲོ་བ་དང་ཏང་གི་འདུ་ཤེས་ཉམས་ཞན་དུ་འགྲོ་བའི་གནས་ཚུལ་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་ཡོད། ཏང་ཡོངས་སུ་‘འདུ་ཤེས་བཞི་’རྒྱུན་ཆད་མེད་པར་ཆེ་རུ་སྐྱེད་པ་དང་། ‘གདེང་ཚོད་བཞི་’ཉིན་བཞིན་བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས་’དེ་བས་རང་རྟོགས་སུ་གྱུར་པ་བཅས་རེད།”
གཉིས་ནས་བསམ་བློ་འཛུགས་སྐྲུན་དེ་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་ངོས་གསར་བརྗེའི་རྣོ་ངར་ལྡན་པའི་བསམ་བློའི་མཚོན་ཆར་བཞུན་བརྡར་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་འཇོན་པོ་ཡོད་དོན་ཅི་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་ཅི་ཡིན་ཞེ་ན། དེ་ནི་མཐར་གཏུགས་ནས་བཤད་ན་མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་པ་དང་། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་པའི་རྐྱེན་གྱིས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “མར་ཁེ་སིའི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པ་དང་། ཏང་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་རྩ་བའི་སློབ་སྟོན་བསམ་བློ་ཡིན་”ཞེས་དང་། “མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་ཡོད་པ་ནི་ང་ཚོའི་ཏང་གིས་དད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་དབང་སྟངས་འཛིན་བྱེད་པའི་གཞི་རྩ་ཡིན།” དུས་རབས་གསར་པར་ང་ཚོའི་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱས་ཏེ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱས་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ཏང་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། གཅིག་སྡུད་རང་བཞིན་གྱི་སློབ་གསོ་དང་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་སློབ་སྟོན་དང་རྩ་བའི་བྱ་སྤྱོད་ཀྱི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། དུས་རབས་གསར་པའི་ཏང་གི་བསམ་བློ་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། “ཏང་ཡོངས་ཀྱིས་རང་རྟོགས་ངང་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མའི་བསམ་འདུན་སྐྱེད་སྲིང་དང་། འགན་འཁྲི་ལ་སྣེ་ཁྲིད་ཅིང་། ཏང་ལ་དཀའ་ངལ་སེལ་རོགས་དང་། རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་བ་དང་། ཆར་རླུང་གི་ཚོད་བགམ་ཁྲོད་བརྟན་པོར་ལངས་ཐུབ་པ་དང་། ‘རུབ་རྔོན་’གྱི་བསླུ་བྲིད་ཁྲོད་བློ་བརྟན་པོར་བྱས་ཏེ། རྙོག་འཛིང་ཆེ་ལ་ཛ་དྲག་གི་འཐབ་རྩོད་ཁྲོད་དུ་ཆབ་སྲིད་ཀྱི་རང་མདངས་མཐའ་འཁྱོངས་བྱས་ཡོད།”
གསུམ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་སྤྱོད་ཚུལ་དག་ཐེར་བྱས་ཏེ་རང་ངོས་གསར་བརྗེ་བྱེད་པའི་ནུས་ལྡན་ཐབས་ལམ་ཕུན་སུམ་ཚོགས་སུ་བཏང་ཡོད། སྤྱོད་ཚུལ་གྱི་གནད་དོན་དེ་ངོ་བོའི་ཐོག་ནས་བཤད་ན་ཏང་གཤིས་ཀྱི་གནད་དོན་ཡིན་ཞིང་། སྤྱོད་ཚུལ་འཛུགས་སྐྲུན་བྱ་རྒྱུ་དེ་ནམ་ཡང་སྒྲུབ་བཞིན་པའི་ལམ་ཐོག་ན་ཡོད་པས་རྫོགས་ཚིག་འགོད་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་མོའི་སྒོ་ནས་བསྟན་དོན། “ཏང་སྲོལ་གྱི་གནད་དོན་དེ་སྲིད་འཛིན་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་”ཅེས་དང་། “ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ནི་ཕན་ཚུན་འབྲལ་ཐབས་མེད་པའི་ཚོགས་སྤྱི་ཞིག་ཡིན་པ་དང་། ཏང་གཤིས་ནི་རྩ་བ་དང་། ཏང་སྲོལ་ནི་མཚོན་ཚུལ། ཏང་གི་སྒྲིག་ཁྲིམས་ནི་འགན་སྲུང་བཅས་རེད།” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འཁེལ་དང་དོན་འཁྱོལ་བྱེད་པ་ནས་འགོ་བརྩམས་ཏེ། རྙིང་གཏོར་གསར་འཛུགས་མཉམ་འཛིན་དང་། བཟང་སྐྱོར་ངན་འཇོམས་རྒྱུན་འཁྱོངས། སྙིང་རུས་ལྷོད་མེད་དང་བརྩོན་པ་རྒྱུན་ཆགས། བྱས་པའི་རྗེས་དང་དྲུད་པའི་ཤུལ་འཇོག་པ། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་སོགས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ཞིང་། བདེན་འཚོལ་དོན་གཉེར་དང་སྤྱོད་གཙང་གཞུང་དྲང་གི་སྲོལ་བཟང་འཛུགས་སྐྲུན་བྱས་ཡོད། དུས་ཡུན་རིང་པོར་འགོག་མ་ཐུབ་པའི་སྤྱོད་ངན་བཀག་སྡོམ་བྱས་པ་དང་། ལོ་མང་རིང་གསོ་བཅོས་བྱེད་མ་ཐུབ་པའི་གཅོང་ནད་ཁ་ཤས་གསོ་བཅོས་བྱས་ཡོད། དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་དེ། “སྒྲིག་ཁྲིམས་ལྷོད་པོར་གྱུར་པ་དང་། སྤྱོད་ཚུལ་ནན་པོ་མེད་པའི་གནས་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། སྤྱིའི་ཆ་ནས་དོ་དམ་ངོ་མ་དང་གཟབ་ནན་ངོ་མ། དོ་དམ་ཕོད་པ་དང་གཟབ་ནན་ཕོད་པ། དོ་དམ་ཡུན་རིང་དང་གཟབ་ནན་ཡུན་རིང་བཅས་ཀྱི་རྣམ་པ་ཆགས་ཡོད། ཏང་སྲོལ་སྲིད་སྲོལ་གསར་རྐྱང་དུ་གྱུར་ཅིང་། སྤྱི་ཚོགས་ཀྱི་རྣམ་པ་དང་མི་དམངས་ཀྱི་སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ། མི་དམངས་ཀྱི་སེམས་ནང་གི་ཏང་གི་སྣང་བརྙན་བསྐྱར་བཞེངས་བྱས་ཡོད།”
བཞི་ནས་གནམ་ལྕགས་ཐོག་འབེབས་ཀྱི་ཟིལ་ཤུགས་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་དང་ནག་ཉེས་ལ་ཆད་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་ངོས་གསར་བརྗེའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོ་བརྒྱབ་ཡོད། རུལ་སུངས་ཀྱི་གནད་དོན་ལ་འབྱུང་ས་དང་ཆ་རྐྱེན་ཡོད་ཕྱིན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་དུས་དང་རྣམ་པ་ཀུན་ཏུ་གཏན་ནས་མཚམས་འཇོག་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་མོའི་སྒོ་ནས་བསྟན་དོན། “རུལ་སུངས་ནི་སྲིད་དབང་རྩ་སློག་བྱེད་སླ་བའི་གནད་དོན་ཞིག་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཆེས་མཐར་ཕྱིན་པའི་རང་ངོས་གསར་བརྗེ་ཞིག་ཡིན།” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱི་འཐབ་རྩོད་སྙིང་སྟོབས་སྲུང་འཛིན་བྱས་ཏེ། བཀག་སྡོམ་ཁུལ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། བཟོད་སྒོམ་སྤུ་ཙམ་མེད་པ་བཅས་རྒྱུན་འཁྱོངས་དང་། བཀག་སྡོམ་གལ་ཆེན་དང་། མཐོ་གནོན་དྲག་པོ། ཡུན་རིང་ཟིལ་གནོན་བཅས་རྒྱུན་འཁྱོངས། ལྐོག་རྔན་སྤྲོད་པ་དང་ལྐོག་རྔན་ལེན་པ་གཉིས་མཉམ་དུ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས། གྱོད་གཞི་ཡོད་ན་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་རུལ་སུངས་སུ་གྱུར་ན་ངེས་པར་དུ་ཉེས་ཆད་གཅོད་པ་རྒྱུན་འཁྱོངས་བཅས་བྱས་ཡོད། “སྟག་རྡུང་”དང་“སྦྲང་གསོད་”དང་“ཝ་རྔོན་”བཅས་ཐབས་མང་མཉམ་སྤྱོད་ཀྱིས་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་པ་དང་། ཚོད་མེད་ཅིང་མཚམས་མི་འཇོག་པའི་རུལ་སུངས་མཁན་རྣམས་གཙང་སེལ་མཐའ་གཅིག་ཏུ་བྱས་ནས། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་དུ་གནས་པའི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་མེད་པ་བཟོས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དབང་ཆ་དེ་ཉིད་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཕྱིར་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད། དུས་རབས་གསར་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། “རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་གང་ལེགས་མངོན་པ་དང་། རུལ་སུངས་བྱེད་མི་ནུས་པའི་རླུང་ཙེ་སྲ་མོར་བསླས་ཤིང་། རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་མངོན་གསལ་དོད་དུ་ཕྱིན་”ཞིང་། ལམ་ལུགས་ཀྱི་དགེ་མཚན་དང་ཁྲིམས་སྐྱོང་གི་དགེ་མཚན་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་བདེ་བླག་ངང་བསྐྱོད་དེ་མིའི་རིགས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།
ལྔ་ནི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་དང་གོང་བུར་འགྲིལ་ཤུགས་བཅས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་དང་རང་ངོས་གསར་བརྗེ་བྱེད་ཕོད་པའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྲུན་བྱས་ཡོད། ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་ཡིན་ཞིང་། རྩ་འཛུགས་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་འཛུགས་སྐྲུན་བྱེད་པའི་རྨང་གཞི་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “ཚགས་དམ་པའི་རྩ་འཛུགས་ཀྱི་མ་ལག་ནི་ཏང་གི་དགེ་མཚན་གནས་ས་དང་སྟོབས་ཤུགས་གནས་ས་ཡིན་”ཞེས་དང་། “ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་དང་ཏང་གི་ལས་ཀ་ཡོངས་རྫོགས་ཏང་གི་རྩ་འཛུགས་མ་ལག་སྲ་བརྟན་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས།” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དང་ལས་བྱེད་པ་ཡག་པོའི་ཚད་གཞི་ལག་བསྟར་བྱས་ནས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། གོང་འོག་སྦྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རིམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཁྲིད་ཕྱོགས་མངོན་གསལ་དོད་པོ་འཛུགས་པ་བཅས་བྱས་ནས་རིམ་ཁག་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་ཕྱོགས་ཡོངས་ནས་འཕེར་པོ་ཡོང་བརསྐུལ་འདེད་བཏང་ཡོད། ཏང་གིས་གསོག་འཇོག་བྱས་པའི་འཐབ་རྩོད་རླབས་པོ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་ཐབས་ཇུས་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་འཇོན་ཐང་སྦྱོང་བརྡར་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། དབུལ་བྲལ་འགག་སྒྲོལ་དམག་འཐབ་རྒྱག་པ། རིམས་ནད་ལ་འགོག་རྒོལ་བྱེད་པ། ཆུ་ལོག་སྔོན་འགོག་དང་རྒུད་སྐྱོབ་བྱེད་པ། ཕྱི་ཕྱོགས་ཀྱི་གནོན་ཤུགས་དང་བཀག་སྡོམ་ལ་ཁ་གཏད་འཇལ་བ་སོགས་ཀྱི་མདུན་གྲལ་དུ་ཚོད་བགམ་དང་ལེན་བྱས་ཡོད། དུས་རབས་གསར་པའི་ཏང་གི་རྩ་འཛུགས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། “རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་མངོན་ཞིང་། ཏང་གི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་དགེ་མཚན་རྒྱུན་ཆད་མེད་པར་རྒྱལ་ཁ་ལེན་པའི་དགེ་མཚན་དུ་འགྱུར་བར་བྱས་ཡོད།”
དྲུག་ནས་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་མཐོར་འདེགས་བཅས་ཀྱི་ལམ་ལུགས་དང་ཚད་གཞིའི་མ་ལག་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ནས་རང་ངོས་གསར་བརྗེ་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་ན་ངེས་པར་དུ་ལམ་ལུགས་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་ཡང་ནན་གསུང་གནང་དོན། “ལམ་ལུགས་ཀྱི་དགེ་མཚན་ནི་སྲིད་ཏང་ཞིག་དང་རྒྱལ་ཁབ་ཅིག་གི་དགེ་མཚན་ཆེ་ཤོས་ཡིན་”ཞེས་དང་། “ལམ་ལུགས་ཀྱིས་དབང་ཆ་དང་། ལས་དོན། མི་དོན་བཅས་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།” “དབང་ཆ་དེ་ལམ་ལུགས་ཀྱི་རླུང་ཙེའི་ནང་དུ་འཇུག་དགོས།” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་འཛིན་པ་དང་། སྐོར་གཟིགས་ལྟ་སྐུལ་གྱི་རལ་གྲི་རྣོན་པོའི་ནུས་པ་དང་མངགས་གཏོང་ལྟ་སྐུལ་གྱི་མྱུལ་ཞིབ་བརྙན་མིག་གི་ནུས་པ་འདོན་སྤེལ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་སྲོལ་དང་། རྒྱལ་ཁབ་ལྟ་ཞིབ་ཀྱི་སྒྲིག་སྲོལ། རྩིས་བཤེར་ལྟ་སྐུལ་གྱི་སྒྲིག་སྲོལ་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ལྟ་སྐུལ་ཁག་རྒྱུན་མཐུད་དང་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་ཕྱོགས་ཡོངས་ལ་ཁྱབ་པ་དང་གཞུང་ལས་མི་སྣར་ལྟ་ཞིབ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཡོད། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བ་རྒྱུན་འཁྱོངས་བྱས་ནས་ཏང་གི་རྩ་འཛུགས་ཁྲིམས་སྲོལ་དང་། འགོ་ཁྲིད་ཁྲིམས་སྲོལ། རང་ངོས་འཛུགས་སྐྲུན་གྱི་ཁྲིམས་སྲོལ། ལྟ་སྐུལ་འགན་སྲུང་གི་ཁྲིམས་སྲོལ་བཅས་འཐུས་སྒོ་ཚང་དུ་བཏང་ཡོད། དུས་རབས་གསར་པའི་ཏང་གི་ལམ་ལུགས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། “ཅུང་འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་ཆགས་ཡོད་ལ། ཏང་གིས་གཅིག་གྱུར་གྱི་འགོ་ཁྲིད་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་དང་ལས་ཕྱོད་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་བསྐྲུན་ཡོད། ལམ་ལུགས་ལ་གོང་བཀུར་དང་ལམ་ལུགས་ལ་བརྩི་སྲུང་ཞུ་བའི་རྣམ་པ་བཟང་པོ་གཏོད་ཅིང་། ཕྱོགས་སོ་སོའི་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་གུང་ཁྲན་ཏང་གི་བཅོས་སྐྱོང་དང་ཀྲུང་གོའི་བཅོས་སྐྱོང་གི་ཐུན་མོང་མ་ཡིན་པའི་དགེ་མཚན་ཞིག་གྲུབ་ཡོད།”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཚན་རིག་དང་མཐུན་པའི་ནང་དོན། ལག་ལེན་གྱི་བླང་བྱ། ཐབས་ཤེས་དང་ཐབས་ལམ་བཅས་གསལ་འགྲེལ་གཏིང་ཟབ་གནང་སྟེ། ང་ཚོས་འཐབ་ལམ་རླབས་པོ་ཆེ་གསར་པའི་སྟེང་ཐོག་མཐའ་བར་གསུམ་དུ་རང་ངོས་གསར་བརྗེ་རྒྱུན་འཁྱོངས་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བླང་བྱ་ཁ་གསལ་བཏོན་ཡོད་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས།
ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གྱི་མཐོ་ཚད་གསར་པ།
ལོ་ངོ་བརྒྱ་ཕྲག་རིང་ལ་ཆར་རླུང་དྲག་པོའི་ཁྲོད་དཀའ་བ་ཚད་མེད་མྱངས་ཤིང་། ཏང་ཡོན་50ཙམ་ནས་ཏང་ཡོན་ཁྲི་9600ལྷག་ཡོད་པར་གྱུར་པ་དང་། མི་གྲངས་དུང་ཕྱུར་14ལྷག་ཡོད་པའི་རྒྱལ་ཁབ་ཅིག་ལ་འགོ་ཁྲིད་བྱེད་བཞིན་པ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་པའི་འཛམ་གླིང་གི་སྲིད་སྐྱོང་ཏང་ཆེན་པོ་ཨང་དང་པོར་གྱུར་པ་སྟེ། ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱེད་ཐུབ་པའི་གསང་བ་དང་ཆོས་ཉིད་ལ་འཛམ་གླིང་གི་ཤེས་ལྡན་མི་སྣ་ཀུན་གྱིས་ཉིན་བཞིན་དོ་སྣང་དང་འཚོལ་ཞིབ་རྒྱ་ཆེར་བྱེད་ཀྱི་ཡོད།
“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། དུས་ཡུན་རིང་པོར་སྲིད་སྐྱོང་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་དང་། དུས་ཡུན་རིང་པོར་སྲིད་སྐྱོང་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད།” རྩོམ་ཡིག་གལ་ཆེན་འདིའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“རྒྱུན་འཁྱོངས་བྱེད་དགོས་པ་དགུ་”བཀོལ་ནས་ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་ངོས་འཛིན་འདིར་སྙིང་བསྡུས་གནད་ལ་འཁེལ་བ་གནང་ཡོད།
གཅིག་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཀྲུང་གོའི་གུང་ཁྲན་ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཆེ་ཤོས་ཡིན་ལ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བསྟན་དོན། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་བ་དང་གཟབ་ནན་ཞིག་ཏུ་བརྩིས་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལས་དོན་ཧྲིལ་པོའི་ནང་ལག་བསྟར་བྱས་ནས་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པར་འགན་ལེན་བྱས་ཏེ་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བར་བྱས་ནས་དམར་པོའི་སྲིད་དབང་གི་ཁ་དོག་ནམ་ཡང་མི་འགྱུར་བ་འགན་ལེན་བྱེད་དགོས།
གཉིས་ནས་ཏང་གིས་ཏང་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་ངོས་གསར་བརྗེ་རླབས་པོ་ཆེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེ་ཡིས་ཏང་རླབས་པོ་ཆེ་ཉིད་བཞུན་བརྡར་དང་གསར་གཏོད་བྱེད་པ་དང་། རང་ངོས་གསར་བརྗེ་རླབས་པོ་ཆེ་ཡིས་བྱ་བཞག་རླབས་པོ་ཆེ་ལ་འགན་ལེན་དང་སྐུལ་འདེད་བྱེད་པ་ཡིན། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་སྒྲུབ་བཞིན་པའི་ལམ་ཐོག་ན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་ཆབ་སྲིད་ཀྱི་འགན་ལེན་ནུས་པ་འདོན་སྤེལ་བྱེད་དགོས་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཡང་འདོན་སྤེལ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོ་དང་ཏང་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་ཁྱབ་པ་བྱས་ནས་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཟམ་མི་འཆད་པར་ཆེ་རུ་བཏང་སྟེ་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
གསུམ་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་པ། ཆབ་སྲིད་ཀྱི་གནད་དོན་ནི་ག་དུས་ཡིན་ཡང་རྩ་བའི་རང་བཞིན་ལྡན་པའི་གནད་དོན་ཆེན་པོ་ཡིན། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་བྱེད་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་རྩ་བའི་བླང་བྱ་ཞིག་ཡིན་ལ། ཆབ་སྲིད་ལ་དང་དོད་བྱེད་པ་ནི་ང་ཚོའི་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་དགེ་མཚན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བསྟན་དོན། ངེས་པར་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་རྨང་གཞིར་འཛིན་པ་དང་། ཆབ་སྲིད་ཀྱི་འཚོ་བ་ནན་དུ་གཏོང་བ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་སྐྱེད་སྲིང་བྱེད་ཅིང་། ཏང་ཡོན་དང་ལས་བྱེད་པར་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་ཐོག་ནས་མཚོན་པར་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་བྱེད་པ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།
བཞི་ནས་དགོངས་གཞི་གཙོ་བོ་ནན་པོ་བྱེད་པར་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་ནན་པོ་གཙོ་བོར་འཛིན་པ་དང་ནན་པོ་མཐའ་གཅིག་ཏུ་བྱེད་ཅིང་། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་གཏོང་བ་དང་། ཚུལ་མིན་སྤྱོད་ངན་བཅོས་སྒྲིག་བྱེད་པ། སྲོལ་གསར་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བསྟན་དོན། ངེས་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལག་བསྟར་བྱས་ཏེ་སྒྲིག་ཁྲིམས་ཁག་ཕྱོགས་ཡོངས་ནས་ནན་པོ་བྱེད་པ་མ་ཟད། ནན་པོ་མཐར་ཕྱིན་པ་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་དང་། སྒྲིག་ཁྲིམས་བཅའ་ཁྲིམས་ལས་ནན་དུ་གཏོང་བ་དང་། སྒྲིག་བསྟར་དང་ཁྲིམས་བསྟར་གཉིས་འབྲེལ་མཐུད་རྒྱུན་འཁྱོངས་བྱེད་ཅིང་། “རྣམ་པ་རིགས་བཞི་”ཡི་སྲིད་ཇུས་དང་ཐབས་ཇུས་བཀོལ་སྤྱོད་ལེགས་པོ་བྱས་ཏེ། སྒྲིག་བསྟར་ངེས་པར་དུ་ནན་པོ་དང་སྒྲིག་འགལ་ངེས་པར་དུ་རྩད་གཅོད་བྱས་ནས་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་ཡོངས་ཀྱི་དམིགས་འབེན་གཅིག་གྱུར་དང་། མཐུན་སྒྲིལ་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཡོང་བའི་འགན་ལེན་བྱེད་དགོས།
ལྔ་ནས་ལྕགས་གཟེར་འདེབས་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱོད་ཚུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་སུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་པ། སྤྱོད་ཚུལ་གྱི་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པ་དང་། སྤྱོད་ཚུལ་བཟང་པོ་ཞིག་ཆགས་པར་བྱ་རྒྱུ་ནི་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ལྟ་བུ་ཞིག་ཡོང་མི་སྲིད་ལ། སྤྱོད་ཚུལ་ངན་པ་སེལ་རྒྱུ་དེའང་སྒྲུབ་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་མིན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་སྤྱོད་ཚུལ་གྱི་གནད་དོན་དམ་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བསྟན་དོན། ངེས་པར་དུ་ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ་དང་། དུས་རྒྱུན་དང་ཡུན་རིང་། གཟབ་ནན་དང་ཏན་ཏིག །གཏིང་ཟབ་དང་ཞིབ་ཕྲ་བཅས་ཀྱི་ཐོག་ཏུ་ཤུགས་བརྒྱབ་སྟེ། “སྤྱོད་ཚུལ་བཞི་”བཅོས་པ་དང་སྲོལ་གསར་གཏོད་རྒྱུ་མཉམ་འཛིན་བྱས་ནས་རུལ་སུངས་འབྱུང་རྐྱེན་གྱི་སྤྱོད་ཚུལ་ངན་པ་མཐའ་གཅིག་ཏུ་མེད་པ་བཟོ་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ནས་སྤྱོད་ཚུལ་བཟང་པོར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་དགོས།
དྲུག་ནས་བཟོད་སྒོམ་སྤུ་ཙམ་མེད་པར་རུལ་སུངས་ལ་ཆད་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་སྐྱོད་པ། རུལ་སུངས་ནི་ཏང་གི་སྐྱེ་སྟོབས་དང་འཐབ་འཛིང་ནུས་ཤུགས་ལ་གནོད་འཚེ་གཏོང་བའི་དུག་སྐྲན་ཆེ་ཤོས་ཡིན་པ་དང་། མིག་སྔའི་རུལ་རྒོལ་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་རྙོག་འཛིང་ཆེ་ཞིང་། འཕར་ཚད་ཚོད་འཛིན་དང་བསགས་འབོར་གཙང་སེལ་བྱ་རྒྱུའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ལམ་ཐོག་ན་ཡོད་པ་ངེས་པར་དུ་ཡིད་ལ་བརྟན་པོར་ངེས་དགོས། ཆད་གཅོད་ནན་པོ་བྱེད་པར་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། ཆད་གཅོད་ཀྱིས་ཟིལ་གནོན་དང་། ལམ་ལུགས་ཀྱིས་གཅུན་སྡོམ། གོ་རྟོགས་མཐོར་འདེགས་བཅས་ལ་གཞི་གཅིག་ཏུ་ཤུགས་སྣོན་རྒྱག་དགོས། ཁྲིམས་སྐྱོང་གི་བསམ་ཕྱོགས་དང་ཁྲིམས་སྐྱོང་གི་ཐབས་ཤེས་ལ་བརྟེན་ནས་རུལ་སུངས་ལ་ཆད་གཅོད་བྱེད་ཅིང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་དང་རྩ་ལག་མཉམ་བཅོས་ཀྱི་འདུ་ཤེས་ཐོག་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱས་ནས་ལས་བྱེད་པ་སྤྱོད་བཟང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་བཅས་མངོན་འགྱུར་ཡོང་བ་བྱེད་དགོས།
བདུན་ནི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་དང་ཚུལ་མིན་གྱི་སྤྱོད་ཡན་ཐམས་ཅད་ཡོ་བསྲང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ལ་དྲང་སྙོམས་དང་དྲང་བདེན་ཉེ་འགྲམ་དུ་ཡོད་པ་ཚོར་དུ་བཅུག་པ། མི་དམངས་ཀྱི་རང་བཞིན་ནི་མར་ཁེ་སིའི་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བསྟན་དོན། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་བྱེད་དགོས་པ་དང་། མང་ཚོགས་ཀྱི་བསམ་ལུགས་དང་བསམ་ཚུལ། སེམས་ཁྲལ་དང་རེ་སྒུག་བཅས་ལ་བསྟུན་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་བསམ་འཆར་ཆེ་བའི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས།
བརྒྱད་ནི་“འགག་རྩའི་ཉུང་ཤས་”དམ་འཛིན་བྱས་ནས་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་བཏང་བ། གཞན་སྐྱོན་སྲོང་བར་སྔོན་ལ་རང་ཚུགས་འདྲོང་དགོས་པ་དང་། རང་ཚུགས་དྲང་ན་གཞན་སྐྱོན་སྲོང་བར་སླ། ཞེས་པ་ལྟར། འགོ་ཁྲིད་ལས་བྱེད་པ་ཞེས་པའི་“འགག་རྩའི་ཉུང་ཤས་”འདི་འབུར་དུ་ཐོན་པར་བྱས་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་པའི་“གླང་སྣ་”འདི་དམ་འཛིན་བྱས་ནས། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བསྟན་དོན། ངེས་པར་དུ་འགོ་ཁྲིད་ལས་བྱེད་པའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཅིང་། འགོ་ཁྲིད་ལ་དམ་འཛིན་བྱ་རྒྱུ་དང་འགོ་ཁྲིད་ཀྱིས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་ནས་འགོ་བཙུགས་ཏེ་སྒྲུབ་པ་དང་། མཐོ་རིམ་ལས་བྱེད་པ་ནས་འགོ་བཙུགས་ཏེ་ནན་པོ་བྱེད་ཅིང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དཔེ་སྟོན་བྱེད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་ནས་སྒྲུབ་པ་དང་། སྒེར་སེམས་མེད་ལ་འཇིགས་པ་མེད་པ། དར་ཆ་གསལ་པོར་བསྒྲེང་བ། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་བྱས་ནས་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་གཉིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཏང་ཡོངས་ཀྱིས་མཉམ་དུ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
དགུ་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཡོངས་ལ་ཁྱབ་པ་དང་རྒྱུན་རིང་དང་ཕུགས་ཕན་གྱི་ལྟ་སྐུལ་སྡོམ་ཤུགས་ཤིག་ཆགས་པར་བྱས་པ། དབང་ཆ་ཆེ་ཆུང་གང་ཡིན་ཡང་དེ་ལ་ཚོད་འཛིན་དང་ལྟ་སྐུལ་མ་བྱས་ན་གང་བྱུང་དུ་སྤྱོད་སྲིད། ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དོན་འཁྱོལ་དང་རང་ངོས་གསར་བརྗེ་མངོན་འགྱུར་བྱེད་པའི་གལ་ཆེ་བའི་ཐབས་ལམ་དང་རྨང་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བསྟན་དོན། ངེས་པར་དུ་ཏང་གི་རང་ངོས་ལྟ་སྐུལ་དང་མི་དམངས་ཀྱི་ལྟ་སྐུལ་ལ་བརྟེན་ནས་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་འཛིན་པ་དང་། རིགས་སྣ་ཚོགས་པའི་ལྟ་སྐུལ་འབྲེལ་མཐུད་མཐུན་སྦྱོར་གྱི་ལམ་སྲོལ་བཙུགས་ཏེ། དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ལ། ལྟ་སྐུལ་ལམ་ལུགས་ཀྱི་དགེ་མཚན་ཉིད་དེ་བས་ལེགས་པའི་སྒོ་ནས་བཅོས་སྐྱོང་གི་ཕན་ནུས་ལ་འགྱུར་བ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་བསྡོམས་གཏིང་ཟབ་གནང་བའི་“རྒྱུན་འཁྱོངས་བྱེད་དགོས་པ་དགུ་”ཡིས་མར་ཁེ་སིའི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་དང་། ལོ་བརྒྱའི་ཏང་ཆེན་པོས་རང་ངོས་གསར་བརྗེ་བྱེད་པའི་རྣམ་པ་གསར་པ་བཏོད་ཡོད་པས། ཏང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་ལེན་བྱེད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད།
ཆར་རླུང་དྲག་པོ་བརྒྱུད་ཀྱང་ཐོག་མའི་བསམ་འདུན་མི་བསྒྱུར་བའི་ཏང་ཞིག་ཡིན་ཕྱིན། གཞི་ནས་བྱ་གཞག་གི་རྨང་གཞི་རྟག་བརྟན་ཡོང་ངེས། འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཀྱང་སྔར་བཞིན་རང་ངོས་གསར་བརྗེ་བྱེད་ཕོད་པའི་ཏང་ཞིག་ཡིན་ཕྱིན། གཞི་ནས་གཞོམ་གཞིག་མེད་པ་ཞིག་ཡོང་ངེས། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་ཀྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་མཐའ་འཁྱོངས་བྱེད་པ་དང་། སྐད་ཅིག་ཙམ་ཡང་མཚམས་མི་འཇོག་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་བྱ་གཞག་རླབས་པོ་ཆེར་བརྩོན་པའི་ཀྲུང་གོའི་གུང་ཁྲན་ཏང་གིས་རང་ངོས་གསར་བརྗེའི་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་ལེའུ་མུ་མཐུད་དུ་རྩོམ་ཐུབ་ངེས་རེད།
ཡ་མ་དབང་མོས་བསྒྱུར།