ཚོགས་རའི་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུར་ཉན་སྐབས་ང་ལ་སྤོབས་སེམས་ཆེན་པོ་སྐྱེས་བྱུང་ལ། འཐབ་ལམ་གསར་པའི་ཐོག་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་ཏང་གི་དམངས་ཕྱུག་སྲིད་ཇུས་རེ་རེ་བཞིན་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་པའི་ཡིད་ཆེས་ཀྱང་སྔར་ལས་ཆེན་པོ་སྐྱེས་བྱུང་།”
སྤྱི་ཟླ་དང་པོའི་ཚེས་4ཉིན། ལུགས་རྙིང་ལི་ཐོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གསེར་ཐང་ཞང་སྟོང་མདའ་གྲོང་ཚོའི་རིག་གནས་ཐང་ཆེན་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་སྟོང་མདའ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་ཉིའུ་ཧྲེང་ཡིའུ་ཡིས་གྲོང་མི་ཚོར་རང་ཉིད་ཚོགས་འདུར་ཞུགས་པའི་མྱོང་ཚོར་གསུང་བཞིན་མཆིས། པེ་ཅིན་ནས་ཕ་ཡུལ་དུ་ལོག་རྗེས་ཁོང་སྒྲོག་འགྲེལ་བྱེད་སྒོ་70ལྷག་ཙམ་ནང་ཞུགས་པ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་ཆབས་ཅིག་ཁོང་གིས་བསམ་བློ་གཏོང་ས་མང་ཤོས་ནི་གྲོང་ཚོའི་མ་འོངས་པའི་འཕེལ་རྒྱས་ཀྱི་ལམ་བུ་དེ་རེད།
“སྟོང་མདའ་སྟོང་མདའ། སད་དང་སེར་བ་”ཞེས་པ་ལྟར། སྟོང་མདའ་གྲོང་ཚོ་ནི་མཚོ་བོད་ས་མཐོར་གནས་པ་དང་དེའི་རྒྱབ་ཏུ་མདོ་ལ་རིང་མོའི་རི་རྒྱུད་ཡོད་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡན་ཟིན་གྱི་ཡོད། རང་བྱུང་གི་ཆ་རྐྱེན་ངན་པ་ནི་ས་གནས་དེ་གའི་མིས་བཤད་པའི་ཁ་རྒྱུག་སྙན་ཚིག་དེའི་ཐོག་ནས་མངོན་ཐུབ། ས་བབ་ཆ་རྐྱེན་ཞན་པ་དང་གནམ་གཤིས་རྒྱུན་གཏན་མིན་པ་སོགས་ཀྱི་དབང་གིས་གྲོང་ཚོའི་ཡོང་འབབ་ཀྱི་ཐབས་ལམ་རྐྱང་པ་ཡིན་པ་དང་། གྲོང་ཚོའི་རྣམ་པ་ཟང་ཟིང་དང་གོག་ཧྲུལ་ཡིན་པ་རེད། གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཧ་ལམ་མེད་ཟེར་ན་ཆོག་པས་དེ་སྔ་ཞིང་ཆེན་རིམ་པའི་གྲོང་ཚོ་དབུལ་པོ་ཡིན་པ་རེད། འོན་ཀྱང་ད་ལྟ་སྟོང་མདའ་གྲོང་ཚོས་སྔ་ནས་དབུལ་ཞྭ་ཕུད་དེ་བདེ་འཇགས་འཐུང་ཆུའི་སྦུ་གུའི་དྲ་བ་ཕྱོགས་ཡོངས་ལ་ཁྱབ་པ་དང་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། རིག་གནས་བྱེད་སྒོ་ཁང་། རྒན་ཁོག་ཕན་བདེ་ཁང་སོགས་དམངས་ཕན་སྒྲིག་ཆས་བཙུགས་ཡོད་པས་གྲོང་མིའི་ཡོང་འབབ་2015ལོའི་སྒོར་4800ནས་2022ལོའི་སྒོར་14200བར་འཕར་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་ཚོར་གྱུར་ཡོད།
“ཚང་མས་གྲོང་གསེབ་འཕེལ་རྒྱས་གཏོང་དགོས་ན་ཐོན་ལས་ནི་འགག་རྩ་ཡིན་ཞེས་བརྗོད་ཀྱི་ཡོད། ལོ་འདི་དག་གི་རིང་། གྲོང་ཚོས་‘ཀྲི་པུའུ་+མཉམ་ལས་ཁང་’གི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་ནོར་ལུག་གསོ་ཚགས་དང་། བཟའ་བྱའི་ཤ་མོ་འདེབས་འཛུགས། ས་ཞིང་ཞིབ་བསྡུས་འདེབས་འཛུགས་བཅས་ཀྱི་གྲོང་ཚོའི་ཐུན་མོང་ཐོན་ལས་ཆེན་པོ་གསུམ་ཆགས་པ་བྱས་ནས། ནོར་ལུག་གསོ་ཚགས་ཁང་20དང་བཟའ་བྱའི་ཤ་མོ་འདེབས་འཛུགས་བྱ་ཡུལ་3བསྐྲུན་པ་དང་། གྲོང་ཚོ་ཡོངས་ཀྱི་ས་ཞིང་མུའུ་4000ཙམ་བསྡུ་སྒྲིལ་བྱས་ཏེ་གྲོང་ཚོའི་ཐུན་མོང་ཞིབ་བསྡུས་གཉེར་སྐྱོང་བྱས་པ་རེད། 2022ལོར་གྲོང་ཚོ་ཡོངས་སུ་ལུག་གསོ་ཚད་ལོ་རེར་ཁྲི་6ཟིན་པ་དང་། ལོ་རེར་ཆ་སྙོམས་ཤ་མོ་རྒྱ་མ་ཁྲི་6ཐོན་པ། ས་ཞིང་ཚབ་གཉེར་ལོ་རེར་མུའུ་རེ་ནས་ཁེ་སྤོགས་སྒོར་570རག་སྟེ་ཐོན་ལས་སྣ་མང་ཅན་དུ་འཕེལ་རྒྱས་ཕྱིན་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་ཆེ་རུ་སྐྱེད་ཡོད་”ཅེས་གསེར་ཐང་ཞང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྟོང་མདའ་གྲོང་ཚོའི་བཅའ་སྡོད་ཧྲུའུ་ཅི་དང་པོ་ཐེང་ཧྥེ་ཡིས་བཤད།
གྲོང་ཚོའི་ནང་གི་ནོར་ལུག་གསོ་ཚགས་ཀྱི་ཐོན་ལས་སྣེ་ཁྲིད་པ་སྔ་ཤོས་ཤིག་ཡིན་པའི་གྲོང་མི་ལེ་ཡན་མིང་གིས་“2010ལོ་ནས་བཟུང་ལུག་གསོ་འགོ་ཚུགས་པ་ནས་ད་བར་རང་གི་བུ་སློབ་ཆེན་དུ་བཏང་བ་མ་ཟད། རྫོང་གྲོང་དུ་སྡོད་ཁང་ཡང་ཉོས་ཐུབ་ཡོད། འཚོ་བ་ནི་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད། སླད་ཕྱིན་གསོ་ཚགས་ལས་རིགས་མུ་མཐུད་ཡག་པོ་གཉེར་ཐུབ་ཚེ་འཚོ་བར་མདུན་ལམ་ཆེན་པོ་ལྡན་ངེས་རེད་”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
“ཚང་མས་གྲོང་གསེབ་དར་རྒྱས་གཏོང་དགོས་ཞེས་བརྗོད་ཀྱི་ཡོད། གོམ་སྟབས་རྗེས་མར་ང་ཚོའི་གྲོང་ཚོའི་གསོ་ཚགས་ཐོན་ལས་ཀྱི་ཡོང་འབབ་ཇི་ལྟར་བྱས་ནས་མང་དུ་གཏོང་དགོས་སམ།” “ས་ཞིང་ཚབ་གཉེར་བྱས་རྗེས་ཡུལ་མི་ཚོར་ཁེ་སྤོགས་རག་ཡོད་མོད། འོན་ཀྱང་འབྲུ་རིགས་ཚོང་ལམ་ཐད་ད་དུང་བསམ་ཚུལ་ཡག་པོ་ཅི་ཞིག་ཡོད་”ཅེས་ཚང་མས་ཕན་ཚུན་ལབ་གླེང་བྱེད་པའི་རྣམ་པ་ཤིན་ཏུ་འཁྲུག་ཆ་དོད་པོ་རེད།
“ད་ལྟ་ཚང་མའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་མོད། འོན་ཀྱང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་དེ་མཚམས་འཇོག་མི་རུང་།” གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཀྲུའུ་ཧྲི་ཧུང་གིས་“གོམ་སྟབས་རྗེས་མར་ཞིང་གྲོང་མགྲོན་ཁང་ཁག་ཅིག་བསྐྲུན་རྒྱུ་དང་། གྲོང་གསེབ་ཀྱི་ཞིང་སྡེའི་ལྗོངས་སྐོར་དང་དམར་པོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་སྟེ་དམར་པོའི་རིག་གནས་ཀྱི་ཐོན་ཁུངས་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འདེགས་སྐྱོར་བྱ་ཡུལ་དུ་འགྱུར་བ་བྱ་རྒྱུ་ཡིན་”ཞེས་བཤད།
འཕེལ་རྒྱས་ཀྱི་ལམ་བུ་དེ་གང་ནས་བྱུང་བ་ཡིན་ནམ་ཞེ་ན།
སྟོང་མདའ་གྲོང་ཚོ་ནས་ནུབ་ཏུ་སྐར་མ་30ཙམ་བསྐྱོད་ཚེ་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དང་“མདེལ་གཉིས་སྐར་གཅིག་”གི་ཕུགས་བསམ་དང་དད་སེམས་སློབ་གསོའི་སློབ་གླིང་ཞིག་ཡོད། 2018ལོར་“མདེལ་གཉིས་སྐར་གཅིག་”གི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་སུ། སྟོང་མདའ་བས་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་པའི་བསམ་པའི་ཉམས་འགྱུར་མངོན་ཆེད། དབུལ་ཞྭ་ཕུད་རྗེས་ཀྱི་སྟོང་མདའ་གྲོང་ཚོར་མདའ་བཞི་རྫོང་གི་གྲོང་ཚོའི་ལོ་རྒྱུས་ཁང་དང་པོ་དེ་བཙུགས་པ་རེད། གྲོང་ཚོའི་ལོ་རྒྱུས་ཁང་“མདེལ་གཉིས་སྐར་གཅིག་”གི་ཕུགས་བསམ་དང་དད་སེམས་སློབ་གསོའི་སློབ་གླིང་གི་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས་ནང་བཅུག་པ་དང་བསྟུན་ནས་ཉེ་བའི་ལོ་3རིང་རིམ་རྩིས་བྱས་ན་འཚམས་འདྲིར་ཡོང་བའི་སློབ་མ་ཁྲི་2ལྷག་ཙམ་ཟིན་ཡོད།
གྲོང་མི་ཝང་ཧྥུ་ཡིང་ནི་གྲོང་ཚོའི་ནང་ནས་གྲོང་གསེབ་ཡུལ་སྐོར་གྱི་“ཁེ་བཟང་”ཐོབ་མཁན་སྔ་ཤོས་ཀྱི་གྲས་ཤིག་རེད། ད་ལྟ་སླར་ཡང་རེ་བ་གསར་པ་མཐོང་ཡོད། “ལོ་གཉིས་ཀྱི་སྔོན་ལ་གྲོང་ཚོས་སློབ་ཁྲིད་ས་ཚིགས་ཀྱི་སྣེ་ལེན་ཞུ་མཁན་དུ་གཏན་འཁེལ་བྱས་རྗེས། ངས་ཡག་པོ་བསྒྲུབ་ཐུབ་ཨེ་ཡོང་སྙམ་ནས་གྲོང་ཚོའི་འགོ་ཁྲིད་ལ་ལེགས་བཅོས་གཏོང་དགོས་ས་ཐེངས་མང་པོར་འདྲི་མྱོང་། ད་རེས་གྲོང་གསེབ་ཡུལ་སྐོར་གྱི་སྣེ་ལེན་ཞུ་མཁན་དུད་ཚང་5ཡི་གྲས་སུ་གཏན་འཁེལ་བྱས་པས་སྐུ་མགྲོན་རྣམས་ལ་སྣེ་ལེན་ཡག་པོ་ཞུས་པའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང་”ཞེས་བཤད།
“དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཡོང་དགོས་ན་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་དོན་ཡག་པོ་བསྒྲུབ་དགོས།” “ཚང་མས་མུ་མཐུད་འབད་བརྩོན་བྱས་ནས་ཡག་ཐོག་ཡག་བརྩེགས་ངང་གོམ་གང་མདུན་སྤོས་ཀྱིས་གྲོང་གསེབ་དར་རྒྱས་ཁྲོད་དེ་བས་ཆེ་བའི་གྲུབ་འབྲས་གསར་པ་ཐོབ་པ་བྱས་ཏེ། ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་བསྐྱོད་ནས་འཚོ་བ་ཇེ་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད་”ཅེས། དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་སྦྲེལ་མཐུད་ཀྱི་ཐོག་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བའི་གསུང་ཚིག་དུམ་བུ་དེ་ཐོས་དུས་ཝང་ཧྥུ་ཡིང་དང་བཅས་པའི་སྟོང་མདའ་གྲོང་ཚོའི་ལས་བྱེད་མང་ཚོགས་རྣམས་རེ་བས་ཁེངས་ཤིང་སྙིང་རུས་ཀྱང་ཇེ་ཆེར་རྒྱས།
ཚགས་དམ་པའི་རྩ་འཛུགས་མ་ལག་ནི་ཏང་གི་དགེ་མཚན་གནས་ས་དང་སྟོབས་ཤུགས་གནས་ས་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དུ་“ཏང་འཛུགས་སྐྲུན་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་”ཞེས་དང་། “གཞི་རིམ་ཏང་གི་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་”ཞེས་ནན་བཤད་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྟོང་མདའ་གྲོང་ཚོས་ཏང་འཛུགས་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱུག་འགྱུར་འབྱོར་འབྲིང་གི་ཡངས་ཤིང་རྒྱ་ཆེའི་འགྲོ་ལམ་ཐོག་བསྐྱོད་པ་རེད།
གྲོང་ཚོ་ཕྱུག་པོ་ཡིན་མིན་གྱི་འགག་རྩ་དེ་ཀྲི་པུའུ་ལ་ཐུག་ཡོད། ཏང་ཀྲི་པུའུ་ཡི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་ནས་འགོ་བརྩམས་ཏེ། སྟོང་མདའ་གྲོང་ཚོས་“ཏང་ཡོན་གྱི་སྐར་གྲངས་བརྩི་བའི་ལམ་ལུགས་”དང་“ཆུང་གྲས་དྲུག་སེལ་བའི་ཐབས་ལམ་”སོགས་ཀྱི་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་བྱས་ནས། གྲོང་ཚོ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། དང་བླངས་ཞབས་ཞུ་བཅས་ཀྱི་ནང་ཏང་ཡོན་ཞུགས་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ནས་“ཀྲི་པུའུ་ཡིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་དཔེ་སྟོན། མང་ཚོགས་ཧུར་ཐག་ཞུགས་པ་”བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་མངོན་ཡོད་ལ། ཏང་ཀྲི་པུའུ་ཡི་གོང་བུ་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། དམག་འཐབ་ནུས་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2021ལོར་སྟོང་མདའ་གྲོང་ཚོའི་ཏང་ཀྲི་པུའུ་ནི་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་སུ་བདམས་པ་རེད།
“ལོ་འདི་དག་གི་རིང་གྲོང་ཚོར་ཉིན་བཞིན་འགྱུར་ལྡོག་བྱུང་ནས་ཡུལ་མི་ཚོའི་ཡོང་འབབ་མང་དུ་ཕྱིན་ཡོད་ལ་ཐུན་མོང་ཐོན་ལས་འཁྲུག་ཆ་དོད་པོར་ཕྱིན་ཡོད། མཐར་གཏུགས་ནས་བཤད་ན་ཏང་གི་འགོ་ཁྲིད་དང་། ལས་བྱེད་པ་དང་མང་ཚོགས་བློ་སེམས་གཅིག་མཐུན་བྱས་པ་ལས་བྱུང་བ་རེད།” ཉིའུ་ཧྲེང་ཡུའུ་ཡིས་“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ང་ཚོ་གྲོང་ཚོའི་‘ཨུ་ལྷན་གཉིས་’ཀྱི་ཚན་པས་ངེས་པར་དུ་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་དགོས་པ་དང་། གྲོང་ཚོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་མང་ཚོགས་ལ་སྒྲུབ་སེམས་ཡོད་པ་དང་། རེ་སྒུག་ཡོད་པ། དམིགས་བྱ་ཡོད་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས་”ཞེས་གསུངས།
གསར་འགོད་པའི་ཟིན་ཐོ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་“གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་རྒྱས་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་”ཞེས་པ་དང་། “གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས་”ཞེས་ནན་བཤད་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྟོང་མདའ་གྲོང་ཚོས་རང་བྱུང་གི་ཆ་རྐྱེན་ངན་པའི་མདུན་དུ་ཏང་འཛུགས་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དམངས་ཕྱུག་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ནས་གྲོང་མི་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱུང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག །སྟོང་མདའ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བསྒྲུབ་ན། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགྲོ་ལམ་ནི་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་འགྲོ་ངེས་རེད།
ལྷག་པ་ཚེ་རིང་གིས་བསྒྱུར།