སྤྱི་ཟླ་4པའི་ཚེས་16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ།》དུས་དེབ་འདོན་ཐེངས་8པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི《རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས།》ཞེས་པའི་རྩོམ་ཡིག་གལ་ཆེན་བཀོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2013ལོའི་ཟླ་8པ་ནས་2023ལོའི་ཟླ་9པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཡིན། དེའི་ནང་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་མཐོང་ཆེན་བྱ་དགོས་ཞེས་བསྟན་ཡོད།
རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་མི་རིགས་མང་པོ་རྒྱུན་ཆད་མེད་པར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱས་ནས་གྲུབ་པ་ཞིག་ཡིན། ཀྲུང་ཧྭའི་ཤེས་རིག་ནི་འཆམ་ཡང་མི་འདྲ་བའི་མི་རིགས་མང་པོའི་རིག་གནས་ཀྱི་ས་གཤིན་དུ་རྩ་བ་ཚུགས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་ཞིང་འཛམ་གླིང་ཐོག་བར་མཚམས་ཆད་མེད་པ་དང་ད་ལྟའི་བར་འཕེལ་རྒྱས་བྱུང་བའི་ཤེས་རིག་ཉག་ཅིག་ཡིན། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་མཐོང་ཆེན་བྱས་ཏེ། 《གེ་སར།》སོགས་དངོས་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་ནས་རྒྱུན་འཛིན་པ་གསོ་སྐྱོང་ཡག་པོ་བྱས་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། མི་རྣམས་ལ་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་། རྒྱལ་ཁབ་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་ངོས་འཛིན་གཅིག་མཐུན་དང་། ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་གཅིག་མཐུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་ངོས་འཛིན་གཅིག་མཐུན་བཅས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།
(2019ལོའི་ཟླ་7པའི་ཚེས་15ཉིན་ནང་སོག་ཏུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད།)