འདན་མ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྔམ་ཁ་མཐུག་པའི་ཡུལ་ཁམས་ཤིག་ཡིན་པས། གནས་འདིའི་དམངས་ཁྲོད་སྒྱུ་རྩལ་བརྩམས་ཆོས་ཀྱི་གཟི་འོད་ལྡན་ལ། དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པ་ཡོད། དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་རིག་གནས་ཤུགས་རྐྱེན་གྱི་དབང་གིས། རྣམ་པ་སྣ་ཚོགས་པའི་གོས་རྒྱན་རིག་གནས་ཀྱི་ཁྱད་ཆོས་གྲུབ་ཡོད། དེ་ཡང་འདན་མའི་རྒྱན་གོས་གཙོ་བོ་ནི་ལོ་གཅིག་དུས་བཞིར་རྒྱན་གོས་མི་འདྲ་བ་ཡོད་ལ་དེ་ཡང་གཙོ་བོ་དབྱར་གོས་དང་དགུན་གོས་གཉིས་སུ་དབྱེ། དུས་ཆེན་དང་དུས་སྟོན་སྐབས་སུ་ཡང་རྒྱན་གོས་མི་འདྲ་བ་ཡོད།
འདན་མའི་སྲོལ་རྒྱུན་རྒྱན་གོས་སྤྲས་པའི་སྟག་ཤར།
འདན་མའི་སྲོལ་རྒྱུན་རྒྱན་གོས་སྤྲས་པའི་བུད་མེད།