འབྲི་ཆུའི་འགྲམ་རྒྱུད་དུ་རང་བྱུང་གི་རྡོ་ལ་ངོ་མཚར་བའི་གཟུགས་བརྙན་སྣ་ཚོགས་དོད་ཡོད་པས་དེ་དག་ནི་ཡ་མཚན་ཆེ་བ་དང་། ངོ་མཚར་བ། ཧ་ལས་པ། ཧང་སང་བ། ཆེས་མཛེས་པ་སོགས་ཀྱི་ཐ་སྙད་ཙམ་ལས་དེའི་ངོ་མཚར་བརྗོད་ཐབས་བྲལ་ལོ། །
སེར་ཤུལ་རྫོང་གི་འབྲི་ཆུའི་རྡོའི་རིག་གནས་མཐུན་ཚོགས་ཀྱི་ཉེ་བའི་ལོ་ཤས་རིང་ངོ་མཚར་བའི་རྡོ་སྣ་ཚོགས་ཉར་ཚགས་བྱས་ཡོད་པས་རྡོ་ལ་དགའ་ཞེན་དང་ཉར་ཚགས་བྱེད་མཁན་ཚོའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། །