རྫ་ཆུ་ཁའི་རྩྭ་ཐང་བརྒལ་ནས་འཛམ་གླིང་གི་ཆེས་མཛེས་སྡུག་ལྡན་པའི་བརླན་ས་རུ་བསྐྱོད་པ་ན། མུ་མཐའ་མེད་པའི་མཚོ་དང་མཚེའུ་མཐོང་ཞིང་རྩ་ཆེ་བའི་སྲོག་ཆགས་གྲངས་ལས་འདས་པ་དང་འཕྲད་སྲིད།
དེ་ཡང་སེར་ཤུལ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་པས། ལང་ལོང་དུ་རྒྱུ་བའི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཡུལ་དེར་འཛོམས་ནས་རྔམ་བརྗིད་ལྡན་པའི་སྐྱེ་ཁམས་མཛེས་ལྗོངས་མངོན་པར་བྱས་པས་འཛམ་གླིང་ཐོག་གི་བརླན་ས་མཛེས་ཤོས་ཀྱི་མཚན་སྙན་ཐོབ་ཡོད། སེར་ཤུལ་གྱི་བརླན་སའི་ཚོགས་ནི་བསྐལ་པ་ཡ་ཐོག་གི་དུས་མཇུག་ལས་བྱུང་བ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་ལ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསབ་སྤྲོད་ཁུལ་གལ་ཆེན་ཞིག་ཀྱང་ཡིན་པར་མ་ཟད། སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ལྟེ་བའི་ས་ཁོངས་དང་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་སུ་ཚུད་པའི་སི་ཁྲོན་ནུབ་བྱང་འབྲོག་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། རྫོང་འདི་རུ་རྒྱལ་སྤྱིའི་བརླན་ས་གལ་ཆེན་༡དང་ཞིང་ཆེན་རིམ་པའི་བརླན་ས་གལ་ཆེན་༦ཡོད།
མཐོ་གྲང་བརླན་སའི་སྐྱེ་ཁམས་མ་ལག་གིས་རི་སྐྱེས་སྲོག་ཆགས་ལ་འགེབས་སྲུང་ཁང་ལྟ་བུ་མཁོ་འདོན་བྱས་ཤིང་། མ་ཚད་པར་གནས་འདི་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་གི་བང་མཛོད་ལྟ་བུར་གྱུར། གནས་འདིར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་གསའ་དང་། རྐྱང་། ཤྭ་སྐྱ་སོགས་རིགས་༢༡དང་། དྲེད་མོང་དང་གནའ་བ་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་༣༦དང་། གཞན་མཐོ་སྒང་རི་སྐྱེས་སྲོག་ཆགས་༡༣༡བཅས་ཡོད་ཅིང་། དེ་མིན་ན་རྒྱུ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རྩི་ཤིང་རིགས་༡དང་། སྲོ་ལོ་དམར་པོ་དང་ཨུཏྤལ་དམར་པོ་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་རིགས་སྣ་༡༧ཡོད།
༢༠༢༤ལོའི་ཟླ་༢པར་སེར་ཤུལ་རྫོང་དེ་ཁག་གསུམ་པའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་གི་མིང་ཐོ་རུ་ཚུད་དེ། གོམ་གང་མདུན་སྤོས་སྒོས་སྐྱེ་ཁམས་ཀྱི་རྨང་གཞི་བྱས་པའི་ལྗང་མདོག་གི་སེར་ཤུལ་སྐྲུན་དང་བསྐྲུན་བཞིན་ནོ། །