ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་དང་། རྒྱལ་ནང་དང་རྒྱལ་སྤྱི་འབྲེལ་མཐུད། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བཅས་བྱེད་པའི་གཟིགས་རྒྱང་ཡངས་པོའི་ཐོག་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་རྒྱག་པ་དང་ལེགས་བཅོས་བྱ་རྒྱུར་དམིགས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཞིང་། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ལག་ལེན་གྱི་ཁྲོད་དུ་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་པ་རེད། དགོངས་པ་གལ་ཆེན་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། ཏང་གི་འཐབ་ཕྱོགས་གཅིག་གྱུར་ལོ་བརྒྱའི་རིང་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཀྱི་བློ་གྲོས་སྙིང་བཅུད་དང་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་ལག་ལེན་གྱི་རིགས་པའི་གཞུང་ལུགས་ཀྱི་སྙིང་བཅུད། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བསམ་བློའི་དྲག་ཆས་སྟོབས་ལྡན་བཅས་ཡིན་པས་ངེས་པར་དུ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།
གཅིག དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་ཐོག་མའི་གསར་གཏོད་རང་བཞིན་ལྡན་པའི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པར་བརྟེན་ནས་མར་ཁེ་སིའི་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད།
2022ལོའི་ཟླ་7པར། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་འཚོགས་ཤིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཐེངས་འདིའི་ཚོགས་འདུའི་ཐོག་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེ་ཤོས་ནི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གཅིག་སྡུད་ཐོག་རྒྱས་བཤད་བྱས་པ་དང་། “བྱེད་དགོས་ངེས་བཅུ་གཉིས་”ལ་སྙིང་བསྡུས་བྱས་པ་སྟེ། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ངེས་པར་དུ་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ། ངེས་པར་དུ་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ། ངེས་པར་དུ་ཀྲུང་གོའི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་དང་འཐུས་ཚང་བཅས་ཡག་པོ་གཏོང་དགོས་པ། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་མི་རིགས་ལས་དོན་གྱི་གཞི་ཐིག་ཏུ་འཛིན་དགོས་པ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ངེས་པར་དུ་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་བྱུང་བར་སྐུལ་འདེད་གཏོང་དགོས་པ། ངེས་པར་དུ་ཀང་ཨའོ་ཐའེ་དང་རྒྱལ་ཕྱིའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་མི་སེམས་འགུག་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ། ངེས་པར་དུ་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས་པ། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་ལ་སྟངས་འཛིན་བྱེད་པ། ངེས་པར་དུ་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་དགོས་པ་བཅས་སོ། །“བྱེད་དགོས་ངེས་བཅུ་གཉིས་”ནི་གཏན་ཚིགས་ཚགས་དམ་ལ་ནང་གནས་གཅིག་གྱུར་གྱི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཡིན་པ་དང་ཆ་ཚང་བའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན། དེས་“སྤྱི་ཡོངས་གཉིས་”ཀྱི་མཐོ་ཚད་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་གལ་ཆེའི་གོ་གནས་དང་། ངོ་བོའི་བླང་བྱ། གཞི་རྩའི་བྱེད་ཕྱོགས་བཅས་གསལ་སྟོན་བྱས་ཡོད་ལ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་སྤྱིའི་དམིགས་འབེན་ནས་འགོ་བཙུགས་ཤིང་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་སོ་སོའི་ལས་དོན་གྱི་ལས་འགན་དང་གཙོ་གནད་ཁ་གསལ་བཟོས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ཀྱང་བརྩམས་ཡོད།
མར་ཁེ་སིའི་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པར་ལན་འདེབས་དགོས། “ཟུང་འབྲེལ་གཉིས་”ནི་ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་རིང་ཐོབ་པའི་ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་ངོས་འཛིན་ཡིན་པ་དང་། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་རེད། ལྷག་པར་དུ་“ཟུང་འབྲེལ་གཉིས་པའི་”ཐོག་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་ཀྲུང་ཧྭའི་ཤེས་དཔལ་གྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པའི་ནང་དུ་གནམ་འོག་སྤྱི་ལ་དབང་བ་དང་། དམངས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པ། ཀུན་སྤྱོད་ལ་བརྟེན་ནས་སྲིད་སྐྱོང་བ། རྙིང་དོར་གསར་འཛུགས་བྱེད་པ། སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱེད་པ། སྣོད་བཅུད་གཅིག་གྱུར་ཡོང་བར་བྱེད་པ། འབད་བརྩོན་ལྷོད་མེད་བྱེད་པ། སྤྱོད་བཟང་ཀུན་ཐེག །ཡིད་རྟོན་དང་འཆམ་མཐུན་ལ་སྣང་ཆེན་བྱེད་པ། གྲོགས་དང་ཁྱིམ་མཚེས་ལ་བྱམས་པ་སོགས་ཀྱི་བསམ་བློའི་ནང་དོན་ཚུད་ཡོད་པ་དེ་དག་མར་ཁེ་སིའི་རིང་ལུགས་དང་ཕན་ཚུན་གཅིག་འདྲེས་བྱུང་ཡོད། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་མར་ཁེ་སིའི་རིང་ལུགས་ཀྱི་བླ་རྩ་འདི་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་རྩ་འདི་བརྟན་སྲུང་བྱེད་པ་ནི་“ཟུང་འབྲེལ་གཉིས་”ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། དཔེར་ན། ཀྲུང་ཧྭའི་ཤེས་དཔལ་ལས་“སྤྱོད་བཟང་སྲིད་སྐྱོང་”དང་“བྱམས་པས་སྲིད་སྐྱོང་”གི་བསམ་བློ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ངོ་བོའི་བླང་བྱ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་ཡིན་ལ། ཐག་གཅོད་བྱ་རྒྱུ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཡིན། ཀྲུང་ཧྭའི་ཤེས་དཔལ་ལས་“མཉམ་འདུས་ཁོངས་ཡངས་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་”གི་ཆབ་སྲིད་ཀྱི་བློ་གྲོས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་བརྗོད་དོན་གཙོ་བོ་སྟངས་འཛིན་ནན་པོ་བྱས་ནས་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། སྤྱིའི་བགོ་གྲངས་ཆེ་ཤོས་བཙལ་ཞིང་ལྟེ་བ་གཅིག་པའི་སྒོར་ཐིག་ཆེ་ཤོས་བྲིས་ཡོད། ཀྲུང་ཧྭའི་ཤེས་དཔལ་ལས་གནམ་འོག་ཐུན་མོང་ཐོག་བཅོས་སྐྱོང་བྱེད་པའི་འདུ་ཤེས་དང་“སྤྱི་མཐུན་”དང་“གྲོས་མོལ”གྱི་སྲིད་སྐྱོང་སྲོལ་རྒྱུན་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་བྱེད་པའི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས་པ་ནན་བཤད་བྱས་ཡོད། ཀྲུང་ཧྭའི་ཤེས་དཔལ་ལས་“གནམ་འོག་ལུགས་སྲོལ་གཅིག་མཐུན་དང་། གླིང་ཆེན་དགུ་ཉིད་མཉམ་གནས་”ཀྱི་གཅིག་གྱུར་ཆེན་པོའི་བསམ་བློ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ནང་ངོས་སུ་གོང་བུ་གཅིག་འགྲིལ་དང་སྣེ་མང་གཞི་གཅིག་གི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་དགོས་པའི་ནན་བཤད་བྱས་ཡོད། ཀྲུང་ཧྭའི་ཤེས་དཔལ་ལས་རྙིང་དོར་གསར་འཛུགས་དང་དུས་བསྟུན་འཕེལ་རྒྱས་ཀྱི་བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། མཛའ་མཐུན་ལྷད་མེད་དང་གཅིག་གྱུར་གྱི་སྲིད་ཚོང་འབྲེལ་བ་གསར་པ་འཛུགས་རྒྱུ་ནན་བཤད་བྱེད་པ་དང་། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་ལས་དོན་ཡག་པོར་སྒྲུབ་ཅིང་། ཐུན་མོང་ཐོག་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་བརྒྱབ་ཡོད། ཀྲུང་ཧྭའི་ཤེས་དཔལ་ལས་རྒྱ་མཚོས་ཆུ་བོ་ཐམས་ཅད་བསྡུ་བ་དང་ཀུན་སྤྱོད་བཟང་པོས་ས་ཆེན་ཐེག་པ་ལྟ་བུའི་བློ་རྒྱ་ཆེན་པོ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་པས། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་སྐུལ་སློང་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་དམིགས་ཏེ་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་དོན་སྒྲུབ་དགོས་པ་ནན་བཤད་བྱས་ཡོད་པ་སོགས་ལྟ་བུ་རེད། དགོངས་པ་གལ་ཆེན་འདིས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ལྟེ་བའི་རིན་ཐང་འདུ་ཤེས་དེ་ཉིད་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་ཁྲོད་དུ་སྤྱད་དེ། མར་ཁེ་སིའི་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་འཕེལ་རྒྱས་གསར་པ་མངོན་འགྱུར་དང་གོ་འཕང་གསར་པ་གསར་དུ་བཏོད་ཡོད།
ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ལ་གཞི་ཚུགས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱིས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པའི་ཐབས་མཆོག་གི་ནུས་པ་ཆེན་པོ་མངོན་གསལ་དོད་པོས་ནན་བཤད་བྱས་ཡོད། རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ང་ཚོའི་ཏང་གིས་སྔ་རྗེས་སུ་རྒྱལ་དམངས་གསར་བརྗེའི་མཉམ་འབྲེལ་འཐབ་ཕྱོགས་དང་། བཟོ་ཞིང་དམངས་གཙོའི་འཐབ་ཕྱོགས་གཅིག་གྱུར། ལྗར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར། མི་དམངས་དམངས་གཙོའི་འཐབ་ཕྱོགས་གཅིག་གྱུར། དུས་སྐབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བཅས་བཙུགས་ཡོད། དུས་སྐབས་མི་འདྲ་བར་འཐབ་ཕྱོགས་གཅིག་གྱུར་གྱིས་འཁུར་བའི་ལོ་རྒྱུས་ཀྱི་ལས་འགན་མི་འདྲ་བ་དང་། མཐུན་སྒྲིལ་དང་མཉམ་འབྲེལ་བྱེད་པའི་ཁྱབ་ཁོངས་ལ་འགྱུར་ལྡོག་ཕྱིན་པ། ལག་བསྟར་བྱེད་པའི་སྲིད་ཇུས་དང་ཐབས་ཇུས་ལ་ཡང་ཁྱད་པར་ཕྲན་བུ་ཡོད་མོད། འོན་ཀྱང་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ངོ་བོའི་བླང་བྱར་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་བྱུང་མེད་པ་དང་། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས་ཀྱི་ཐབས་མཆོག་གི་ནུས་པར་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་བྱུང་མེད། དུས་རབས་གསར་པར་སླེབས་སྐབས་སུ་ང་ཚོའི་མདུན་དུ་སྣེ་མང་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་དང་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པའི་གནས་བབ་གསར་པ་ལྷགས་ཡོད་པས། ཏང་ཀྲུང་དབྱང་གིས་ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩི་དགོས་པ་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་དུ་བརྩིས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་འགོད་ཅིག་བཟོ་དགོས་ཞེས་ནན་བཤད་བྱས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཏང་གི་ལྟེ་བའི་ལས་འགན་དང་འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བར་བསྟུན་ནས་འགན་འཁྲི་དེ་བས་གལ་ཆེ་བ་འཁུར་བཞིན་ཡོད། ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་དེ་ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མདུན་གནས་གཡུལ་སར་གནས་ཡོད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཐད་ཀྱི་ནུས་པ་དེ་བས་གལ་ཆེན་ཡིན་ལ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་ཀྱི་ནུས་པ་དེ་བས་གལ་ཆེན་ཡིན་ཞིང་། ཏང་གི་གྲལ་རིམ་རྨང་གཞིར་ཤུགས་རྒྱག་པ་དང་ཏང་གི་མང་ཚོགས་རྨང་གཞི་རྒྱ་སྐྱེད་གཏོང་བའི་ཐད་ཀྱི་ནུས་པ་དེ་བས་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མངོན་གསལ་དོད་པོས་བསྟན་གནང་དོན། ཏང་གནས་སའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་། མདུན་དུ་ལྷགས་པའི་ཕྱི་ནང་གི་གནས་བབ། ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་བཅས་ལ་འགྱུར་ལྡོག་ཆེན་པོ་འགའ་ཞིག་བྱུང་བ་དང་། འགྱུར་ལྡོག་ཇི་ཙམ་ཆེ་བ་ཡིན་ན། དེ་ཙམ་གྱིས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཡག་པོ་གཏོང་བ་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོར་སྤེལ་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་བཏུལ་གཡུལ་རྒྱལ་དང་སྲིད་སྐྱོང་རྒྱལ་དར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་རྣམས་མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་རེད་ཅེས་ནན་གསུང་གནང་ཡོད། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་དང་བསྟུན་ཏེ་དགོས་མཁོ་དང་བསྟུན་ནས་བྱུང་ཞིང་དུས་བབ་དང་བསྟུན་ནས་གྲུབ་པ་ཞིག་ཡིན། དེའི་ཐོག་ནས་དུས་རབས་གསར་པར་འཐབ་ཕྱོགས་གཅིག་གྱུར་ཡོང་དགོས་དོན་གང་ཡིན་པ་དང་། འཐབ་ཕྱོགས་གཅིག་གྱུར་གང་འདྲ་ཞིག་ཡོང་དགོས་པ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཅི་ལྟར་སྒྲུབ་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་འདེབས་པ་དང་། དུས་རབས་གསར་པར་ཁྱབ་རྒྱ་ཆེ་ཤོས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཡོད།
དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་བྱས་ནས་མཐོང་རྒྱ་གསར་རྐྱང་ཞིག་གི་ཐོག་ནས་འཐབ་ཕྱོགས་གཅིག་གྱུར་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཟབ་མོ་ཆུད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཆབས་ཅིག་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པ་བཏོད་དེ་འཐབ་ཕྱོགས་གཅིག་གྱུར་དེ་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཏུ་འཕེལ་རྒྱས་བཏང་ཡོད། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་དང་། ལས་འགན་དང་བླང་བྱ་གསར་པ་མང་པོ་ལྡན་ཡོད་པས། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། སྔ་མཐུད་ཕྱི་འཛིན། དུས་བསྟུན་མདུན་སྐྱོད་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“དུས་བབ་གསར་པའི་འོག་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཆོས་ཉིད་སྟངས་འཛིན་དང་། རྩ་དོན་རྒྱུན་འཁྱོངས། བྱེད་ཐབས་ལ་དང་དོད་བཅས་བྱེད་དགོས་”ཞེས་འབུར་དུ་བཏོན་ནས་ནན་གསུང་གནང་བ་དང་། ལྟེ་བ་གཅིག་པའི་སྒོར་ཐིག་བརྟན་སྲུང་དང་ཐུན་མོང་ངོས་འཛིན་རྒྱ་སྐྱེད་དང་། མངོན་མིན་གྲུབ་འབྲས་དང་མངོན་གསལ་གྲུབ་འབྲས། རྩ་དོན་རང་བཞིན་དང་བབ་བསྟུན་རང་བཞིན། མཐུན་སྒྲིལ་དང་འཐབ་རྩོད་བཅས་ཀྱི་“འབྲེལ་བ་ཆ་བཞི་”ཐག་གཅོད་ཡག་པོ་བྱེད་དགོས་པ་ནན་གསུང་གནང་ཡོད། རྒྱས་བཤད་གལ་ཆེན་འདི་དག་ལས་“གནད་གཉིས་སྨྲ་བ་”གླེང་བཞིན་ཡོད་ལ་“གཙོ་གནད་སྨྲ་བ་”ཡང་གླེང་བཞིན་ཡོད་ཅིང་། འགལ་བའི་ཡོངས་ཁྱབ་རང་བཞིན་གླེང་བཞིན་ཡོད་ལ་འགལ་བའི་དམིགས་བསལ་རང་བཞིན་ཡང་གླེང་བཞིན་ཡོད་པས། འཐབ་ཇུས་དང་ཐབས་ཇུས་ཟུང་འབྲེལ་དམ་ཚགས་ཡོང་བ་མཚོན་ཡོད་ལ། འགལ་ཟླ་གཅིག་འདུའི་རྩོད་སྒྲུབ་རིག་པས་ཀྱང་ཁྱབ་ཡོད། དེ་ལ་བསམ་བློའི་རང་བཞིན་དང་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བརྟག་ཐབས་སྨྲ་བའི་སློབ་སྟོན་འདོན་སྤྲོད་བྱས་ཡོད། དཔེར་ན་མངོན་མིན་གྲུབ་འབྲས་དང་མངོན་གསལ་གྲུབ་འབྲས་བར་གྱི་འབྲེལ་བ་ལ་ཆ་མཚོན་ན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནི་མི་སེམས་ཀྱི་ལས་དོན་ཡིན་པ་དང་། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཡིན་ལ། དེ་བས་ཀྱང་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་མངོན་མེད་གྲུབ་འབྲས་ཡིན་པས། ཚད་འབེབས་དཔྱད་དཔོག་བྱེད་རྒྱུ་ཧ་ཅང་དཀའ་བ་དང་། དུས་ཐུང་ནང་འགྱུར་ལྡོག་མངོན་གསལ་དོད་པོ་ཡོང་ཐུབ་ཟེར་དཀའ་མོ་ཡིན། ང་ཚོས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་“སྒུག་སྡོད་མི་རུང་བའི་”དགོས་གཏུགས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་མིག་སྔར་སྟངས་འཛིན་ཐུབ་པ་བྱེད་དགོས་ལ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་“འཚབ་འཚུབ་མི་རུང་བའི་”ངོས་འཛིན་གསལ་པོ་ཡང་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་དང་ལོ་རྒྱུས་ཀྱི་བཟོད་ནུས་མཐའ་འཁྱོངས་བྱས་ནས་རྒྱུན་སྲིང་ལྷོད་མེད་དང་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་བྱེད་ཐབས་གསུམ་ལ་བརྟེན་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལ་འཕྲད་པའི་དུས་བབ་དང་། ཕྲག་ཐོག་གི་ལས་འགན། ནང་ཁུལ་གྱི་གྲུབ་ཚུལ་བཅས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་མཐིལ་རྟོགས་གཏིང་ཟབ་བྱས་ཤིང་། ཕུགས་ཀྱི་ཐབས་ཇུས་འདིང་བ་དང་རྩ་བ་བརྟན་པོར་འཛུགས་པའི་བྱ་ཐབས་ཐོག་ནས་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་གཏིང་ཟབ་པའི་འགལ་ཟླ་དང་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱས་ཡོད། དེའི་ཐོག་ནས་ང་ཚོའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
གཉིས། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་མཛུབ་སྟོན་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
སྔོན་ཐོན་གྱི་བསམ་བློ་དང་རིག་གནས་ཉིད་མང་ཚོགས་ཀྱིས་ཁོང་དུ་ཆུད་པ་ཡིན་ན་དངོས་པོའི་སྟོབས་ཤུགས་ཆེན་པོར་འགྱུར་སྲིད། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གཙོ་གནད་དང་དཀའ་གནད་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པ་དང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལག་ལེན་དང་ཉམས་མྱོང་ལ་ཚན་རིག་དང་མཐུན་པར་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་གྲུབ་པ་ཞིག་ཡིན། དེའི་ཐོག་ནས་ལོ་རྒྱུས་ཀྱི་ཚོར་རྟོགས་ནུས་པ་ཆེན་པོ་དང་ལག་ལེན་གྱི་མཛུབ་སྟོན་ནུས་པ་ཆེན་པོ་མངོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག །དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། འཐབ་ཕྱོགས་གཅིག་གྱུར་ལ་མཐུན་སྒྲིལ་དང་། ཡར་བརྩོན། གསར་གཏོད། འཁྲུག་ཆ་དོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།
ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་བརྒྱབ་སྟེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་ཞིན་ཅང་ལས་དོན་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་སོགས་ཚོགས་འདུ་གལ་ཆེན་རབ་དང་རིམ་པ་འཚོགས་ནས་《ཀྲུང་གོའི་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག་》དང་《ཀྲུང་གོའི་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་ལས་དོན་སྲོལ་ཡིག་》སོགས་ཁྲིམས་སྲོལ་ཡིག་ཆ་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཡོད། ཏང་ཀྲུང་དབྱང་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་ཁག་ཏང་ཨུ་ཚང་མས་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལས་འགན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཏང་སྲིད་སྡེ་ཚན་དང་མི་དམངས་ཚོགས་པ་རྣམས་ཁོངས་གཏོགས་སྡེ་ཚན་དུ་བཅུག་ཡོད། ཏང་ཨུ་(ཏང་ཙུའུ་)ཡིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཞིང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་བཏང་ལ། ཏང་ཨུ་ཡིས་གཅིག་གྱུར་ཐོག་འགོ་ཁྲིད་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྣེ་ཁྲིད་ནས་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་ཕྱོགས་ཀྱིས་རང་འགན་རང་འཁུར་བཅས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་དོན་གྱི་བཀོད་པ་རགས་ཙམ་ཆགས་ཡོད།
ཀྲུང་གོའི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། འཕེལ་རྒྱས་ཡག་པོ། འཐུས་ཚང་ཡག་པོ་བཅས་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་2023ལོའི་ལོ་མཇུག་བར་ཏང་ཀྲུང་དབྱང་གིས་འཚོགས་པའམ་འབྲེལ་ཡོད་སྡེ་ཚན་ལ་མངགས་བཅོལ་གནང་སྟེ་འཚོགས་པའི་སྲིད་ཏང་གྲོས་མོལ་ཚོགས་འདུ་ཐེངས་201ཟིན་པ་དང་། དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་གཙོ་སྐྱོང་གནང་བ་དང་ཚོགས་འདུར་ཞུགས་ཚད་ཐེངས་48ཟིན་ཞིང་། ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་འགའི་ཐད་ཏང་ཕྱི་མི་སྣའི་བསམ་འཆར་ལ་སྒོ་ཀུན་ནས་བསྡུ་ལེན་གནང་། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་དམིགས་ནས་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་དམངས་གཙོའི་ཇུས་ཐག་གཅོད་པར་སྐུལ་འདེད་གཏོང་བ་ལ་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གུང་ཀྲུང་དབྱང་གི་བཀའ་མངགས་ལྟར་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་སྔ་རྗེས་སུ་དབུལ་བྲལ་འགག་སྒྲོལ་དང་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཆེད་དོན་ལྟ་སྐུལ་བྱས་ནས་ཏང་མང་མཉམ་ལས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་གསར་པ་གཏོད་པ་དང་། རང་རྒྱལ་གྱི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་ཀྱི་དགེ་མཚན་མངོན་པའི་ལག་ལེན་གསར་པ་བཏོད་ཡོད། དམངས་གཙོའི་ཏང་ཤོག་ཁག་གིས་“བློ་སྒྲིམ་སེམས་སྐྱེད་ཀྱིས་རྨང་གཞི་བརྟན་པོར་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱིས་འཐམ་ལམ་གསར་པར་བསྐྱོད་པའི་”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་རྒྱབ་སྐྱོར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་ལ་ཤུགས་བརྒྱབ་པས་དུས་རབས་གསར་པའི་ཏང་མང་མཉམ་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་གཙོ་ཐིག་བྱས་ནས་“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་པ་གཅིག་གིས་ཀྲུང་གོའི་ཕུགས་འདུན་གཏོད་”ཅེས་པའི་གསོན་ཉམས་དོད་པའི་རྣམ་པ་སྔར་བས་སྲ་བརྟན་དུ་བཏང་ཡོད། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པའི་ཐོག་བསྐྱོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་དང་གཏིང་ཟབ་དང་རྒྱུན་སྲིང་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་པ། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་རིགས་ས་ཁུལ་དང་མི་རིགས་ལས་དོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆེན་མོ་དང་བོད་ལྗོངས་སྐྱོང་བའི་ཇུས་གཞི་ཆེན་མོ་ལག་བསྟར་དོན་འཁྱོལ་བྱས་ནས་བརྟན་བརླིང་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་གཉིས་ཀྱི་ལས་དོན་གཅིག་འདོམས་དང་ཟུང་འབྲེལ་བྱ་རྒྱུར་ཤུགས་བརྒྱབ་སྟེ་ཁྲིམས་ལ་བརྟེན་ནས་ཞིན་ཅང་སྐྱོང་བ་དང་། མཐུན་སྒྲིལ་ལ་བརྟེན་ནས་ཞིན་ཅང་བརྟན་བརླིང་ཡོང་བ། རིག་གནས་ལ་བརྟེན་ནས་ཞིན་ཅང་ཞི་བར་བྱེད་པ། དམངས་ཕྱུག་ལ་བརྟེན་ནས་ཞིན་ཅང་དར་རྒྱས་གཏོང་བ། དུས་ཡུན་རིང་པོར་ཞིན་ཅང་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་ངང་སྒྲུབ་དགོས། བོད་བརྒྱུད་ནང་བསྟན་ལས་རིགས་ནང་ཁུལ་གྱི་དོ་དམ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། དེང་རབས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཞིང་། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་མི་རིགས་ཁག་སེ་འབྲུའི་འབྲུ་རྡོག་བཞིན་དུ་གོང་བུར་འགྲིལ་བ་བྱེད་དགོས།
རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་རང་རྒྱལ་གྱི་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པའི་ཐད་གོམ་སྟབས་གསར་པ་སྤོས་ཡོད། ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། 《ཆོས་ལུགས་ལས་དོན་སྲོལ་ཡིག་》ལག་བསྟར་དོན་འཁྱོལ་བྱས་ནས་ཆོས་ལུགས་ལས་དོན་གྱི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་ཚང་དུ་བཏང་ཞིང་། “ཁྲིམས་མཐུན་ལ་སྲུང་སྐྱོབ་དང་། ཁྲིམས་འགལ་ལ་བཀག་འགོག། ཐལ་སྐྱོད་ལ་གཏན་འགོག །སིམ་འཛུལ་ལ་འགོག་རྒོལ། ཉེས་གསོག་ལ་རྡུང་རྡེག་གཏོང་བ་”བཅས་ཀྱི་རྩ་དོན་ལྟར་ཆོས་ལུགས་ཁྱབ་ཁོངས་སུ་གནས་པའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། “ཆབ་སྲིད་ཐད་བློས་འཁེལ་ཐུབ་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་བྱེད་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་”བཅས་ཀྱི་བླང་བྱ་ལྟར་ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མངའ་ཁོངས་ཕྱི་རོལ་དུ་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱེད་པར་རང་འགུལ་ངང་འགོག་རྒོལ་བྱེད་པ་དང་། ཆོས་ལུགས་ཀྱི་འབྲེལ་བ་ཉིན་རེ་བཞིན་སྐྱོན་བྲལ་དང་ཞི་མཐུན་ཡོང་བར་བྱེད་དགོས།
ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣར་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འཛུགས་དང་སྐུལ་སློང་དེ་བས་ཆེ་བ་དང་། ནུས་པ་འདོན་པར་དེ་བས་ཕན་ནུས་ལྡན་པ་བཅས་བྱས་ཡོད། ཏང་ཕྱིའི་ཤེས་ཡོན་ཅན་གྱི་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དང་། རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ། དུས་རབས་གསར་པར་བྱས་རྗེས་འཇོག་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་རྗེས་སུ་འབྲང་བ་སོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་དགོས་ལ། ཆབ་སྲིད་ཀྱི་ཁྲིད་སྟོན་དང་། རིན་ཐང་ལྟ་བའི་ཁྲིད་སྟོན། བྱ་གཞག་གི་ཁྲིད་སྟོན་བཅས་ལ་ཤུགས་རྒྱག་དགོས། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་ཁྲོད་དུ་“སྟོབས་ཤུགས་གསར་པ་གོང་བུར་འགྲིལ་བ་དང་དུས་རབས་གསར་པར་ཕུགས་འདུན་གཏོད་པ་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ཚོགས་སྤྱི་གཙོ་བོའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྲིད་ཇུས་ཡིག་ཆ་ཞིབ་འཇུག་དང་གཏན་འབེབས་བྱས་ནས་སྲིད་ཇུས་ཀྱི་འགན་སྲུང་སྔར་ལས་འཐུས་ཚང་དུ་བཏང་ཡོད། ལག་ལེན་གསར་གཏོད་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བརྒྱབ་ནས་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣས་ཏང་དང་སེམས་པ་གཅིག་མཐུན་ཡོང་བ་དང་། མཐུན་སྒྲིལ་ཡར་བརྩོན་གྱི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་འཆད་པར་བརྟན་དུ་གཏོང་བར་ཁྲིད་སྟོན་བྱེད་དགོས།
སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་བྱུང་བར་སྐུལ་འདེད་བཏང་ནས་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་སྔར་བས་ཤུགས་རྒྱག་དགོས། 《དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློའི་ཁྲིད་སྟོན་དང་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་འགྲེལ་བཤད་ལ་ཤུགས་རྒྱག་པ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་དམངས་གཉེར་དཔལ་འབྱོར་མི་སྣས་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ་དང་། འཕེལ་རྒྱས་ཀྱི་སྔོན་དཔག་བརྟན་པོ་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་བཅས་ལ་རོགས་རམ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཕུལ་བྱུང་བ་དཔྱད་འདེམས་དང་གཟེངས་བསྟོད་བྱས་ཏེ་མཛའ་མཐུན་ལྷད་མེད་དང་གཅིག་གྱུར་གྱི་སྲིད་ཚོང་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། བཟོ་ཚོང་མཉམ་འབྲེལ་ལ་བསྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་ཞིང་། དམངས་གཉེར་དཔལ་འབྱོར་མི་སྣའི་བསམ་བློ་དང་ཆབ་སྲིད་འཛུགས་སྐྲུན་ཁྲོད་ཀྱི་བཟོ་ཚོང་མཉམ་འབྲེལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དམངས་གཉེར་དཔལ་འབྱོར་མི་སྣས་རྒྱལ་གཅེས་ལས་བཀུར་དང་། ཁྲིམས་སྲུང་གཉེར་སྐྱོང་། ལས་གཏོད་གསར་སྤེལ། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་མཉམ་དུ་ཕྱུག་འགྱུར་ཡོང་བ་ལ་རོགས་རམ་བྱེད་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་སློབ་གསོ་ཐོབ་པ་དང་ལེགས་སྐྱེས་འབུལ་དགོས།
ཀང་ཨའོ་ཐའེ་དང་རྒྱལ་ཕྱིའི་མི་སེམས་འགུག་པའི་ལས་དོན་ཡག་པོ་སྒྲུབ་ཅིང་ཕྱིར་སྡོད་རང་མིའི་བསམ་པ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ཡོད། བློ་བརྟན་འགྱུར་མེད་ངང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། བློ་བརྟན་འགྱུར་མེད་ངང་“རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”དང་“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི་”རྩ་དོན་དོན་འཁྱོལ་བྱེད་པ། རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་རྒྱུན་མཐུད་ངང་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ། སྤུན་ཟླ་ཞང་ཀང་པ་དང་ཨའོ་མོན་པའི་རྒྱལ་གཅེས་སྙིང་སྟོབས་ཆེ་རུ་གཏོང་བ། ཞང་ཀང་དང་ཨའོ་མོན་གྱི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་གཅེས་ཚོགས་པའི་ལས་དོན་སྣ་ཚོགས་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་སྔར་ལས་རྒྱ་ཆེ་བ་ཞིག་ཆགས་པར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་དང་། “གོ་གཉིས་ཐུན་མོང་ངོས་འཛིན་”གྱི་ཆབ་སྲིད་རྨང་གཞི་རྒྱུན་འཁྱོངས་བྱེད་པ། ངོགས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་ཐའེ་ཝན་པར་མཐུན་སྒྲིལ་རྒྱ་ཁྱབ་ཏུ་བྱེད་པ། “རང་བཙན་”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་བྱེད་པའི་ལས་དོན་ལ་སྐུལ་སྤེལ་བརྟན་པོ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཅིག་གྱུར་ལ་རྒྱབ་སྐྱོར་དང་བརྩོན་གཉེར་བྱེད་པའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཕྱིར་སྡོད་རང་མིའི་སེམས་པ་གཅིག་སྒྲིལ་དང་། ཕྱིར་སྡོད་རང་མིའི་བློ་རིག་གཅིག་བསྡུས། ཕྱིར་སྡོད་རང་མིའི་སྟོབས་ཤུགས་འདོན་སྤེལ། ཕྱིར་སྡོད་རང་མིའི་ཁེ་ཕན་སྲུང་སྐྱོང་བཅས་རྒྱུན་འཁྱོངས་བྱེད་དགོས། ཕྱིར་སྡོད་རང་མིའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱིར་སྡོད་རང་མི་རྣམས་“རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་ཅིང་། ཕྱིར་སྡོད་རང་མི་དང་རྒྱ་ཁྱབ་ཏུ་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་གཞོལ་དགོས།
གསུམ། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དེ་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་བསྒྱུར་དགོས།
“སློབ་སྦྱོང་བྱེད་པའི་དོན་དངོས་ནི་ལག་ལེན་དོན་འཁྱོལ་བྱ་རྒྱུ་དེ་ཡིན།” དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩ་ནི་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་དང་། ཤེས་རྟོགས་དང་བྱ་སྤྱོད་གཅིག་གྱུར་བྱ་རྒྱུ་ཡིན་ལ། ཐུན་མོང་གི་ངོས་འཛིན་ཆེ་རུ་གཏོང་བ་དང་། མི་སེམས་གཅིག་སྡུད་བྱེད་པ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པ་བྱས་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཧྲིལ་པོའི་ཁྲོད་ནས་དགོངས་པ་གལ་ཆེན་དེར་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་བློའི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ཀྱི་ཕྱོགས་གཞན་པའི་བསམ་བློ་གལ་ཆེན་དང་རྒྱས་བཤད་གལ་ཆེན་ནི་འབྲལ་ཐབས་མེད་ཅིང་ཕན་ཚུན་འབྲེལ་མཐུད་ཅན་གྱི་གཞི་མཐུན་ཚོགས་སྤྱི་ཞིག་ཡིན། ངེས་པར་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་གོ་དོན་མཐིལ་རྟོགས་ཐུབ་པ་བྱེད་དགོས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་ལྟ་བ་བྱེད་ཐབས་གསུམ་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་དགོས། ཚན་རིག་དང་མཐུན་པར་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱས་ནས་སློབ་སྦྱོང་དང་། བསམ་གཞིགས། ལག་ལེན་བཅས་ཀྱི་ཁྲོད་ནས་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དངོས་འབྲེལ་ཤེས་རྟོགས་བྱེད་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བྱས་ཏེ་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ནས་དགོངས་པ་གལ་ཆེན་འདིར་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་ཆབ་སྲིད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་ནི་ཏང་གི་ཆབ་སྲིད་ལས་ཀ་ཡིན་པས། དེ་ལ་ཆབ་སྲིད་ཀྱི་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན་ཧ་ཅང་ཆེན་པོ་ལྡན། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བར་ཐོག་མར་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོའི་རང་བཞིན་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཐོག་ནས་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱེད་མཁས་པ་དགོས་ལ། འཐབ་ཇུས་གལ་ཆེན་ཇུས་འགོད་དང་། སྲིད་ཇུས་གལ་ཆེན་གཏན་འབེབས། ལས་འགན་གལ་ཆེན་བཀོད་སྒྲིག །འགལ་བ་དང་གནད་དོན་ཐག་གཅོད་བཅས་བྱེད་སྐབས་ཆབ་སྲིད་ཀྱི་ཁ་ཕྱོགས་གཏན་འཁེལ་དང་ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་བྱེད་དགོས། ལྷག་པར་དུ་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་དགོས་པ་དང་། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་དགོས། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིར་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞེས་པའི་ཆབ་སྲིད་ཆེ་ཤོས་འདི་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་འདི་གཞིར་བཟུང་ནས་འགན་འཁྲི་གཙང་སྒྲུབ་དང་དགེ་མཚན་འདོན་སྤེལ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ཁག་ལེགས་སྒྲུབ་ཧུར་ཐག་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཕྱིར་རྒྱ་ཁྱབ་ངང་སེམས་ཤུགས་གཅིག་སྡུད་བྱེད་དགོས།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་ལག་ལེན་ཁྲོད་ནས་དགོངས་པ་གལ་ཆེན་དེར་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནི་རྒྱུན་མི་འཆད་པར་སྤེལ་ཞིང་སྒོ་འབྱེད་རྣམ་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་པས། ལག་ལེན་གཏིང་ཟབ་ཕྱིན་པ་དང་བསྟུན་ནས་གྲ་རྒྱས་དང་འཕེལ་རྒྱས་སུ་ཕྱིན་ཡོད། དེར་ང་ཚོས་རྒྱུན་ཆད་མེད་པར་ནང་རྐྱེན་ཅན་དུ་འགྱུར་བའི་ཐད་མུ་མཐུད་ཤུགས་རྒྱག་དགོས། ངེས་པར་དུ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་རྒྱུན་འཁྱོངས་བྱེད་ཅིང་། གནད་དོན་གྱི་ཁྲིད་ཕྱོགས་དང་། ལག་ལེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་དང་ཁྱབ་ཁོངས་ཁག་གི་གཙོ་གནད་དང་དཀའ་གནད་ཆེ་ཞིང་གླེང་ཆ་ཆེ་བའི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་བསམ་བློ་འཆང་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་ཆེ་རུ་སྐྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་ཐོན་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་ཐབས་སྤྱོད་མཁས་ལ། སྐུལ་སློང་བྱེད་ཆོག་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱེད་པ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་དགོས།
པདྨ་མཚོས་བསྒྱུར།