དེ་རིང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པ་སྤེལ་བ་དང་ནང་དོན་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུའི་སྐོར་ཡིན། ཐེངས་འདིའི་ཐུན་མོང་སློབ་སྦྱོང་སྤེལ་བའི་དམིགས་ཡུལ་ནི། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་དུས་རབས་གསར་པ་ནས་བཟུང་གི་མི་རིགས་ལས་དོན་གྱི་གྲུབ་འབྲས་གལ་ཆེན་ལ་ཕྱོགས་བསྡོམས་དང་། དེང་སྐབས་མི་རིགས་ལས་དོན་ལ་འཕྲད་པའི་གནས་བབ་གསར་པ་དང་འགྲན་སློང་གསར་པར་དབྱེ་ཞིབ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བཅས་བྱ་རྒྱུ་དེ་ཡིན།
གནའ་ནས་བཟུང་། རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འོད་སྟོང་འབར་བའི་ཀྲུང་ཧྭའི་ཤེས་དཔལ་གསར་གཏོད་བྱས་ཡོད་ལ། རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་བཞེངས་སྐྲུན་བྱས་ཡོད། ང་ཚོའི་ཏང་གིས་རང་ཉིད་དབུ་བརྙེས་པ་ནས་བཟུང་སྟེ་མི་རིགས་གནད་དོན་དང་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མི་རིགས་འབྲེལ་བ་ཐག་གཅོད་ཡང་དག་བྱེད་ཀྱི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སུ། ཏང་གིས་མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་འགྲོ་བ་བཅས་ནང་དོན་གཙོ་བོ་ཡིན་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་གཏན་ལ་ཕབ་པ་དང་། མི་རིགས་ཁག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་དོན་སྙིང་ངོ་མའི་ཐོག་ནས་འདྲ་མཉམ་དང་མཐུན་སྒྲིལ་དང་ཡར་ཐོན་མངོན་དུ་གྱུར་པ་རེད། བསྒྱུར་བཅོས་སྒོ་འབྱེད་ཀྱི་དུས་སྐབས་གསར་པའི་ནང་། ང་ཚོའི་ཏང་གིས་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཐོག །བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འདུ་ཤེས་ནན་བཤད་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་དང་། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཏུ་འཛིན་རྒྱུ་གསལ་པོར་བཏོན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པ་དེ་སྔར་བས་རྒྱ་ཇེ་ཆེར་བསྐྱེད་དེ། ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་བཏོད་ལ། ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་དགོས་ན། མི་རིགས་ཁག་གི་མི་དམངས་ལ་ཁྲིད་སྟོན་བྱས་ནས་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་འབྲེལ་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཏུ་འཛིན་པ་ནི། ང་ཚོའི་ཏང་གིས་“ཟུང་འབྲེལ་གཉིས་”རྒྱུན་འཁྱོངས་དང་“སྤྱི་ཡོངས་གཉིས་”ལ་དམིགས་ཏེ། རྒྱལ་ཁབ་ཕྱི་ནང་གི་མི་རིགས་ལས་དོན་གྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཕེལ་ཕྱོགས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཐོབ་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་ཡིན། འདུ་ཤེས་གལ་ཆེན་འདིས་མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་གྲ་རྒྱས་དང་གོང་འཕེལ་བཏང་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པ་དེ་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད་ལ། ཏང་གི་མི་རིགས་ལས་དོན་གྱི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པའི་སྟེང་བསྐྱོད་ཡོད་པ་དང་། ཏང་གི་མི་རིགས་ལས་དོན་ལ་གནས་བབ་དང་འགན་འཁྲི་གསར་པ་འཕྲད་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཚར་བར་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་། ང་ཚོས་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་ཤུགས་ཆེན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། ཕྱོགས་ཡོངས་ནས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་མངོན་འགྱུར་བྱས་ཏེ། མི་རིགས་ཁག་གི་མི་དམངས་ལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་མཉམ་རོལ་བྱེད་དུ་འཇུག་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་མི་རིགས་ལས་དོན་གྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གནད་ལ་འཁེལ་བར་ཤེས་རྟོགས། རྣམ་པ་ཡག་པོ་སྲ་བརྟན། མངོན་སུམ་གྱི་ལས་དོན་ནང་དུ་གནས་པའི་འགལ་བ་དང་གནད་དོན་ཐག་གཅོད། ཏང་གི་མི་རིགས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སྒྱུར། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཅས་བྱེད་དགོས།
དང་པོ། ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་པོའི་ལོ་རྒྱུས་ལ་གཞི་བཙུགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རིགས་པའི་གཞུང་ལུགས་ནི་འདུ་ཤེས་འཛིན་སྟངས་ཀྱི་རྨང་རྡོ་ལྟ་བུ་ཡིན། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཇི་ལྟར་གཏིང་ཟབ་བྱས་ན། དེས་འདུ་ཤེས་འཛིན་སྟངས་ལ་འདེགས་སྐྱོར་བྱེད་པ་དེ་ཙམ་གྱིས་ཞུམ་མེད་སྟོབས་ལྡན་ཡོང་གི་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་དགོས་ན། ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་བྱེད་དགོས། ཀྲུང་ཧྭ་མི་རིགས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ལྡན་པས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་བཀྲོལ་བཤད་བྱེད་པར་ནུབ་ཕྱོགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་བཤད་སྟངས་དེ་རིགས་འདྲ་སྤོས་བྱེད་མི་རུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་སྐྲུན་དགོས་ན། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་པོའི་ལོ་རྒྱུས་ལ་གཞི་བཙུགས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་ལ་བརྩི་སྲུང་། ཀྲུང་ཧྭ་མི་རིགས་ཆགས་པ་དང་འཕེལ་རྒྱས་འགྲོ་བའི་གནས་ལུགས་དང་། རིགས་ལམ། མཚན་ཉིད་བཅས་ཚན་རིག་དང་མཐུན་པར་གསལ་སྟོན་བཅས་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་ལ་གཅིག་འདོམས་དང་མཛུབ་སྟོན་བྱེད་དགོས། རིག་ཚན་གྱི་བཀོད་སྒྲིག་ལེགས་སྒྱུར་དང་། རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན། ཞིབ་འཇུག་གི་ཁ་ཕྱོགས་ཡང་དག་པར་ཟིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བཅས་བྱས་ཏེ། རང་རྒྱལ་གྱི་མི་རིགས་རིག་པའི་ཞིབ་འཇུག་ཁྲོད་གནས་པའི་ནུབ་ཕྱོགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དང་བསམ་བློ་དང་སྐད་ཆའི་མ་ལག་གིས་ཁ་ལོ་སྒྱུར་བའི་གནད་དོན་ཐག་གཅོད་བྱེད་པར་གཞོལ་བ་དང་། ཀྲུང་གོའི་རང་བདག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཡིག་ཆའི་མ་ལག་དང་། སྐད་ཆའི་མ་ལག །རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་མགྱོགས་པོར་ཆགས་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་རྩོམ་སྒྲིག་ལས་ཀར་མུ་མཐུད་ནས་སྐུལ་འདེད་གཏོང་དགོས་པ་དང་། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་བཤད་》ཅེས་པ་སོགས་སློབ་དེབ་རྩོམ་འབྲི་དང་བཀོལ་སྤྱོད་ཡག་པོ་བྱེད་དགོས་ལ། རིག་དངོས་དང་གནའ་དཔེ་སྔོག་འདོན་དང་། དག་སྒྲིག །བེད་སྤྱོད་བཅས་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས། རྒྱ་ཆེའི་ཆེད་མཁས་པ་དང་མཁས་དབང་དག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་དང་གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་། ན་གཞོན་ཆེད་མཁས་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁོང་ཚོར་ཁ་ཕྱོགས་ཡང་དག་པ་སྟོན་པ་དང་ལས་སྟེགས་དང་གོ་སྐབས་སྐྲུན་དགོས་པ་དང་། ཁོང་ཚོས་བརྟག་དཔྱད་ལ་གཞོལ་ཞིང་མང་བསགས་སྒྲུབ་སླ་ཡོང་བར་སྐུལ་ལྕག་གཏོང་དགོས་ལ། ཀྲུང་གོའི་ལོ་རྒྱུས་ལ་གཞི་བཅོལ་བ་དང་། ཀྲུང་གོའི་ལག་ལེན་ལ་འགྲེལ་བཤད་རྒྱག་པ། ཀྲུང་གོའི་གནད་དོན་ལ་དྲིས་ལན་འདེབས་པ་བཅས་ཀྱི་གསར་རྩོམ་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་འདོན་དགོས།
གཉིས་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མུ་མཐུད་ནས་སྐྲུན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ནས་ཡུན་རིང་མ་སོང་བར་ངས་གནད་ཆེའི་བརྗོད་གཞི་སྟེ་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་རྒྱུའི་སྐོར་བཏོན་པ་ཡིན། ད་ལོའི་ཟླ་6པར། ངས་རིག་གནས་འཛིན་སྐྱོང་སྤེལ་གསུམ་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་དེའི་སྐོར་ལ་རྒྱས་བཤད་རགས་ཙམ་བྱས་པ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྲུན་བྱེད་པ་ནི། ང་ཚོ་ལྟ་བུའི་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་གི་རླབས་ཆེན་མཛད་འཕྲིན་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཡོད་དགོས་པའི་ནང་དོན་ཡང་ཡིན། ཏང་གི་མི་རིགས་ལས་དོན་གྱི་ངོས་ནས་བལྟས་ན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྲུན་བྱེད་དགོས་ན། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཉིད་ལོ་རྒྱུས་ནས་མ་འོངས་པར་སྐྱོད་པ་དང་། སྲོལ་རྒྱུན་ནས་དེང་རབས་སུ་སྐྱོད་པ། སྣེ་མང་ནས་གཞི་གཅིག་ཏུ་གོང་བུ་འདྲིལ་བ་བཅས་བྱས་པའི་འཕེལ་ཕྱོགས་ཆེན་པོ་ཡིན་པས། ཀྲུང་ཧྭའི་ཤེས་དཔལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་གོ་བ་གཏིང་ཟབ་པོར་ལེན་པ་དང་ཁོང་དུ་ཆུད་དགོས་པ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མུ་མཐུད་ནས་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་ཆེད་བསམ་བློ་དང་རིག་གནས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།
བསམ་པའི་ཁྱིམ་གཞིས་སྐྲུན་དགོས་ན་ངེས་པར་དུ་བརྩོན་པ་རྒྱུན་ཆགས་སུ་བསྟེན་དགོས། མི་རིགས་ཁག་གི་མང་ཚོགས་ལ་ཁ་ཕྱོགས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་སྐོར་གྱི་སློབ་གསོར་ཤུགས་སྣོན་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན། ཐུན་མོང་གི་ཕུགས་བསམ་དང་དད་སེམས་སྤྱད་དེ་བློ་སྒྲིམ་སེམས་སྐྱེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས། གཞི་རྒྱུ་དམར་པོ་རྒྱུན་འཛིན་གྱི་ལས་གྲྭ་ལག་བསྟར་གཏིང་ཟབ་དང་། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བྱས་ཏེ། ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་གཅིག་མཐུན་བྱེད་སེམས་དང་སྤོབས་སེམས་མུ་མཐུད་ནས་ཆེ་རུ་གཏོང་དགོས་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་འཐབ་ལམ་གསར་པའི་སྟེང་འབད་བརྩོན་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྙིང་སྟོབས་ཆེ་རུ་སྐྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་སྐོར་གྱི་ལས་གྲྭ་ལག་བསྟར་བྱས་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་ཕུལ་བྱུང་དང་དུས་རབས་ཀྱི་རིན་ཐང་ལ་ཞིབ་འཇུག་དང་དེ་སྔོག་འདོན་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་སྤེལ་ལ་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་སྤེལ། ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས། ཀྲུང་གོའི་རྒྱལ་ཁབ་ཀྱི་སྣང་བརྙན་བཅས་ཀྱི་མཚོན་བྱེད་མ་ལག་འཛུགས་སྐྲུན་དང་བཀོལ་སྤྱོད་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་སེམས་མུ་མཐུད་ནས་ཆེ་རུ་སྐྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ཕྱོགས་ཡོངས་ནས་བཀོལ་སྤྱོད་བྱས་ཏེ། སྐད་ཡིག་གཅིག་མཐུན་དུ་གྱུར་པའི་ཐོག་ནས་སེམས་པ་གཅིག་མཐུན་དང་ལས་དབང་གཅིག་མཐུན་ཡོང་བ་བྱེད་དགོས།
གསུམ་པ། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་རྒྱ་ཁྱབ་ཏུ་ཡོང་བར་སྐུལ་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་དགོས། འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་ནི། མི་རིགས་མཐུན་སྒྲིལ་སྐུལ་སྤེལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཅས་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་བྱས་པ་ལས་བྱུང་བ་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་དེའང་མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་བྱེད་པ་ལས་མངོན་འགྱུར་འབྱུང་ངེས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ནི་མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་རྒྱ་ཁྱབ་ཏུ་ཡོང་བར་བྱེད་པའི་གོ་རིམ་ཞིག་ཡིན་ངེས་པ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་གོ་རིམ་ཞིག་ཡིན་ངེས་རེད།
ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ཏེ། མི་རིགས་ཁག་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་འཐབ་ལམ་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་འགན་འཁྲི་གལ་ཆེན་དུ་བརྩི་དགོས། མི་རིགས་ཁག་གི་མི་འབོར་འགྲོ་རྒྱུག་དང་འདྲེས་སྡོད་བྱེད་པར་སྐུལ་འདེད་དང་། འདུས་འདྲེས་ཅན་གྱི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་སྐྲུན་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཆ་རྐྱེན་སྐྲུན་པ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་ཀ་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཀུན་སློང་དང་དམིགས་ཡུལ་བྱས་ཐོག །མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་འདྲེས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་དང་། སྤྱི་པའི་ཞབས་ཞུ་འགན་ལེན་གྱི་ནུས་པ་དང་ཆུ་ཚད་མུ་མཐུད་ནས་མཐོར་འདེགས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དྲང་སྙོམས་ངང་མི་རིགས་ཁག་གི་མང་ཚོགས་ལ་ཕན་པའི་གསོས་སུ་སྒྲུབ་པར་སྐུལ་འདེད་བཅས་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་བཏང་སྟེ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
བཞི་པ། ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་བསྒྲགས་ཤུགས་ཆེན་གཏོང་དགོས། མི་རིགས་ལས་དོན་ནི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ལས་ཀ་ཡིན་ལ། མི་རིགས་དང་འབྲེལ་བའི་དྲིལ་བསྒྲགས་ཡག་པོ་བྱེད་ཐུབ་མིན་དེ་མི་སེམས་གཏད་ཕྱོགས་དང་ཏང་དང་རྒྱལ་ཁབ་ཀྱི་སྣང་བརྙན་དང་འབྲེལ་བ་ཡོད། ངེས་པར་དུ་“གདེང་ཚོད་བཞི་”བརྟན་དུ་གཏོང་དགོས་པ་དང་། ཧུར་བརྩོན་དང་རང་འགུལ་ངང་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པའི་མདུན་ལྗོངས་བཟང་པོ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས།
མི་རིགས་དྲིལ་བསྒྲགས་དང་འབྲེལ་བའི་རྒྱུད་སྤེལ་བྱེད་སྟངས་གསར་གཏོད་དང་། རྒྱུད་སྤེལ་གྱི་ནང་དོན་འཐུས་ཚང་། རྒྱུད་སྤེལ་གྱི་ཐབས་ལམ་རྒྱ་སྐྱེད་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་རང་རྒྱལ་མི་རིགས་ཁག་ཐུན་མོང་ཐོག་ཡར་རྒྱས་གོང་འཕེལ་ཡོང་བའི་བློས་འཁེལ་བའི་འགན་སྲུང་ཡིན་པ་གསལ་པོར་ཤོད་པ། ཀྲུང་ཧྭ་མི་རིགས་ནི་ངོས་འཛིན་གཅིག་མཐུན་དང་གོང་བུར་འགྲིལ་ཤུགས་ཆེན་པོ་ཡོད་པའི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་པ་གསལ་པོར་ཤོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པར་མངའ་བའི་དགེ་མཚན་མངོན་གསལ་དོད་པོ་གསལ་པོར་ཤོད་པ་བཅས་བྱེད་དགོས། “ནང་དུ་འདྲེན་པ་”དང་“ཕྱི་རུ་སྐྱོད་པ་”ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཕྱིའི་རིག་གཞུང་ལས་རིགས་དང་དམངས་ཁྲོད་ཀྱི་ཚོགས་པས་སྤེལ་རེས་དང་སྐུལ་རེས་བྱེད་པར་སྐུལ་འདེད་ཧུར་ཐག་བྱེད་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པ་རྒྱུན་འཁྱོངས་དང་། ཏང་གི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཁག་ནན་ཏན་གྱིས་ལག་བསྟར་བྱས་ཏེ། རང་ས་ཁུལ་དང་རང་སྡེ་ཚན་གྱི་མི་རིགས་ལས་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གང་ནུས་འཇོག་དགོས།
བསོད་ནམས་མཚོས་བསྒྱུར།