ཉེ་ཆར། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཕྱི་ཕྱོགས་སུ་ཁྲེང་ཡུས་ས་ཁོངས་ཀྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་ཤེས་ལྡན་མི་སྣའི་དགོས་མཁོའི་དཀར་ཆག་ཁྱབ་བསྒྲགས་བྱས་པ་དང་། དཀར་ཆག་ལས་སི་ཁྲོན་བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་སྤྱིའི་ཆ་ནས་ཆེ་བ་མངོན་ཡོད། དགོས་མཁོ་ཆེས་ཆེ་བའི་ཆེད་ལས་ལས་གནས་ནི་ས་འགུལ་བཟོ་སྐྲུན་ལག་རྩལ་དང་སྲ་མཁྲེགས་བསྲེས་ལྕགས་ཐོན་སྐྱེད། གསོ་རིག་ཞིབ་འཇུག་སོགས་ཡིན།
ཁྲེང་ཡུས་ས་ཁོངས་ཀྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་ཤེས་ལྡན་མི་སྣའི་དགོས་མཁོའི་དཀར་ཆག་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཁྲེང་ཡུས་ས་ཁོངས་ཀྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་རྣམ་གྲངས་གཙོ་བོ་ཡིན་ཞིང་།བསྟུད་མར་ལོ་3རིང་སྤེལ་བས།ཤེས་ལྡན་མི་སྣ་སྣ་ཚོགས་ཁྲེང་ཡུས་ས་ཁོངས་ཀྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་གཙོ་གནད་ཁྱབ་ཁོངས་སུ་གཅིག་བསྡུས་བྱེད་པར་ཁྲིད་སྟོན་དང་།འཕེལ་རྒྱས་སྔར་ལས་ལེགས་པོ་ཡོང་བར་རོགས་རམ་བྱེད་པར་དགེ་མཚན་ལྡན་པའི་ཁྲིད་སྟོན་གྱི་ནུས་པ་ལྡན།ད་ཐེངས་ཁྱབ་བསྒྲགས་བྱས་པའི་དཀར་ཆག་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དང་མཉམ་འབྲེལ་བྱས་ཏེ་རྩ་འཛུགས་དང་།གོང་འཕེལ་བཅོས་བསྒྱུར།སློབ་གསོ།ཚན་རྩལ་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་ཁྲུང་ཆིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མཉམ་དུ་དུས་ཡུན་ལོ་ཕྱེད་ཙམ་རིང་སྒྲིག་བཟོ་ལེགས་གྲུབ་བྱུང་བ་རེད།
དཀར་ཆག་ནི་རྒྱལ་ཁབ་དང་སི་ཁྲོན་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་གཏང་རྒྱུའི་སྐོར་གྱི་ཐབས་ཇུས་གལ་ཆེན་ལ་རྩེ་གཅིག་ཏུ་དམིགས་པ་དང་། སི་ཁྲོན་ཞིང་ཆེན་གྱི་གློག་རྡུལ་ཆ་འཕྲིན་དང་། སྒྲིག་ཆས་བཟོ་སྐྲུན།ཟས་རིགས་དང་ཡང་བའི་བཟོ་ལས།ནུས་ཁུངས་རྫས་འགྱུར་བཟོ་ལས།སྔོན་ཐོན་རྒྱུ་ཆ།སྨན་བཅོས་བདེ་ཐང་བཅས་དགེ་མཚན་ལྡན་པའི་ཐོན་ལས་ཆེན་པོ་དྲུག་ལ་དམིགས་ཏེ།སི་ཁྲོན་ཞིང་ཆེན་གྱི་མི་བཀོལ་ལས་ཁུངས་3252ཀྱི་ཤེས་ལྡན་མི་སྣ་ཁྲི་53.2ཀྱི་ད་ལྟའི་གནས་ཚུལ་དང་།དོན་དངོས་ཀྱི་ཤེས་ལྡན་མི་སྣ་ཁྲི་1.27གྱི་དགོས་མཁོ་གཙོ་གནད་དཔེ་འདེམས་བྱས་པ་དང་།དེ་དང་ཆབས་ཅིག་རིག་ལྡན་མཉམ་འབྲེལ་ལྷན་ཚོགས་ཀྱི་གདན་ཞུའི་ལས་སྟེགས་ཁྲི་1.6སི་ཁྲོན་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཤེས་ལྡན་མི་སྣ་གདན་ཞུའི་གྲངས་གཞི་ཆེན་པོར་དབྱེ་ཞིབ་བྱས་པ་དང་།ཁྲེང་ཡུས་ས་ཁོངས་ཀྱི་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་ཕྱོགས་གཉིས་འཁོར་རྒྱུག་གི་འཕེལ་ཕྱོགས་དང་མཉམ་སྡེབ་འཕེལ་རྒྱས་འགྲོ་ཚད་ལ་དུས་གཅིག་ཏུ་ཞིབ་འཇུག་བྱས།
ཆེད་དམིགས་དཔེ་དབྱིབས་དང་ངོ་བོ་གཏན་ཁེལ་དང་གྲངས་ཚད་གཏན་ཁེལ་དབྱེ་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར།ཞིང་ཆེན་ཡོངས་ཀྱི་ངོས་ནས་བལྟས་ན།སི་ཁྲོན་བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་སྤྱིའི་ཆ་ནས་ཆེ་བ་དང་།ཞིང་ཆེན་ཡོངས་ཀྱི་དགེ་མཚན་ལྡན་པའི་ཐོན་ལས་ཆེན་པོ་དྲུག་གི་ཤེས་ལྡན་མི་སྣའི་དགོས་མཁོའི་ལས་གནས་རིགས་431ལ་ཁྱོན་བསྡོམས་ཤེས་ལྡན་མི་སྣའི་དགོས་མཁོའི་མི་འདང་ས་ཁྲི་1.27ཡོད།དེའི་ནང་དགོས་མཁོ་ཆེ་ཤོས་ཀྱི་ཆེད་ལས་ལས་གནས་དང་ཀུན་སྤྱོད་ལས་གནས་སོ་སོ་ནི་ས་ཡོམ་ལས་གྲྭའི་ལག་རྩལ་དང་།སྲ་མཁྲེགས་བསྲེས་ལྕགས་ཐོན་སྐྱེད།གསོ་རིག་ཞིབ་འཇུག་དང་ཁྲལ་འབྲེལ་ཞབས་ཞུ། གློག་རྡུལ་ཚོང་དོན། མི་ཤུགས་ཐོན་ཁུངས་ཞབས་ཞུ་སོགས་རེད། །