སྤྱི་ཟླ་6པའི་ཚེས་29ཉིན། གསར་དུ་བསྐྲུན་པའི་སི་ཁྲོན་ཁྲེང་ཏུའུ་ནས་མཚོ་སྔོན་ཟི་ལིང་བར་གྱི་ལྕགས་ལམ་གྱི་ཀྲེན་ཅང་འགག་སྒོ་ནས་ཧོང་ཧྲེང་འགག་སྒོའི་བར་གྱི་ལམ་དུམ(གཤམ་དུ“ཁྲོན་ཆིང་ལྕགས་ལམ་ཀྲེན་ཧོང་ལམ་དུམ”ཞེས་བསྡུ་རྒྱུ)ཧོང་ཧྲེང་འགག་སྒོའི་འབབ་ཚུགས་ནས་སྒོར་བུད་པའི་སྨི་50ཡི་སར།མཐའ་མའི་རིང་ཚད་སྨི་500ཡི་རྣོ་ལྕགས་འཕལ་ལམ་བརྟན་པོའི་ངང་བཏིང་བ་དེ་ཁྲོན་ཆིང་ལྕགས་ལམ་གྱི་ཧོང་ཀྲེང་ལམ་དུམ་གྱི་འཕལ་ལམ་བཏིང་ཟིན་པ་མཚོན་ཡོད།
ཁྲོན་ཆིང་ལྕགས་ལམ་ནི་ཁྲེང་ཏུའུ་འབབ་ཚུགས་ཤར་མ་ནས་འགོ་བཙུགས་ཏེ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དང་།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།མཚོ་ཤར་གྲོང་ཁྱེར།ཟི་ལིང་གྲོང་ཁྱེར་བཅས་བརྒྱུད་དེ་ཟི་ལིང་འབབ་ཚུགས་སུ་མཐུད་འཇུག་བྱས་པ་དང་།དྲང་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་836དང་།ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་200ཇུས་འགོད་བྱས་ནས་རྒྱལ་ཁབ་རིམ་པ་དང་པོའི་ལམ་ཐིག་གཉིས་ལྡན་གྱི་ལྕགས་ལམ་ཡིན།
ཁྲོན་ཆིང་ལྕགས་ལམ་ཀྲེན་ཧོང་ལམ་དུམ་གྱི་སྨི་500ཡི་ལྕགས་ལམ་རིང་པོ་འདིང་བར“ཐད་འདིང་ཐབསདང་“བརྗེ་འདིང་ཐབསཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཨར་ལས་སྒྲིག་འཛུགས་བྱས་པ་དང་།རྡོ་གདན་མེད་པར“ཐད་འདིང་ཐབས”སྤྱད་པ་དང་། རྡོ་གདན་ཡོད་པར“བརྗེ་འདིང་ཐབས”སྤྱད་དེ་ཨར་ལས་བྱས་པ། ཡོ་བྱད་འཕལ་ལམ་སྤྱད་དེ་གཡས་ལམ་བཏིང་ནས་ལས་གྲྭའི་གཞུང་ལམ་རྒྱུ་ཆ་སྐྱེལ་འདྲེན་གྱི་གཙོ་ཐིག་བྱས་པ་དང་། དུས་མཚུངས་སུ་གཡོན་ལམ་འདིང་བ་དང་འཕལ་ལམ་རིང་པོར་ཚ་ལའི་ཟྭ་བརྒྱབ་པ་རེད།
ཁྲོན་ཆིང་ལྕགས་ལམ་ཀྲེན་ཧོང་ལམ་དུམ་ནི་རང་རྒྱལ་གྱི“འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ལན་ཀྲོའུ་དང་ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་བགྲོད་ལམ་གྱི་གྲུབ་ཆ་ཞིག་ཡིན་པ་དང་། ཤར་གཏོང་ཐུབ་རྗེས། ཁྲེང་ཏུའུ་ནས་ཧོང་ལུང་དང་གཟི་རྩ་སྡེ་དགུ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྱོད་པར་དེ་བས་མགྱོགས། །