ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་2023ལོའི་ཆེས་མཛེས་པའི་གྲོང་གསེབ་བགྲོད་ལམ་ཆེན་པོ་བཅུ་ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཏེ། གསེར་རྟ་རྫོང་མཚོ་ལྔའི་ཡུལ་སྐོར་ལམ་ཐིག་དེའི་ནང་དུ་ཚུད།
མཚོ་ལྔའི་ཡུལ་སྐོར་ལྗོངས་རྒྱུའི་ལམ་ཐིག་ནི་ཧོར་ཤུལ་ཡུལ་ཤོག་མ་སྐོར་གྲོང་ཚོ་ནས་འགོ་ཚུགས་པ་དང་། རྣུབ་གཟུར་གྲོང་རྡལ་རྣུབ་གཟུར་གྲོང་ཚོ་ནས་མཇུག་བསྒྲིལ་བ་རེད། གཞུང་ལམ་གྱི་རིང་ཚད་ལ་སྤྱི་ལེ་23.39དང་། གསེར་རྟ་རྫོང་གི་ཡུལ་སྐོར་ལམ་བུ་གལ་ཆེན་ཞིག་ཡིན་པ་དང་གྲོང་མིའི་ཡོང་འབབ་ཇེ་ཆེར་འགྲོ་བའི་ཕྱུག་འགྱུར་གྱི་ལམ་ཞིག་ཀྱང་ཡིན། །