རྔ་བ་ཁུལ་ཆུ་ཆེན་རྫོང་ཨན་ཉིང་གྲོང་རྡལ་མོང་འབྲག་གྲོང་ཚོའི་འགྲོ་ལམ་གཡས་གཡོན་དུ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ཤིང་། རྩི་ཤིང་སྔོ་ལྗང་ལོ་འདབ་རྒྱས། གྲོང་མི་ཚོས་དགའ་སྤྲོའི་ངང་གླེང་མོལ་བྱེད་པ་དང་། དམངས་ཀྱི་སྡོད་ཁང་སྣོལ་ཞིང་གྲ་འགྲིག་པ། སྔོ་བསངས་ནམ་མཁའ་དང་སྤྲིན་པ་དཀར་པོའི་འོག་དང་།རྩྭ་དང་རྩི་ཤིང་གིས་མཛེས་རྒྱན་སྤྲས་པ་དང་ལྷད་མ་ཞུགས་པའི་དགོད་སྒྲའི་ཁྲོད། མཛེས་ཤིང་ལྟ་ན་སྡུག་ལ་འཆམ་མཐུན་ལྡན་པའི་གྲོང་ཚོ་ཞིག་ཆགས།
མོང་འབྲག་གྲོང་ཚོའི་རྣམ་པ།
མོང་འབྲག་གྲོང་ཚོའི་རྣམ་པ།
ཉེ་བའི་ལོ་ཤས་རིང་། མོང་འབྲག་གྲོང་ཚོས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ། ཡུལ་བབ་དང་བསྟུན་ནས་རྩྭ་པད་མ་དང་ཤིང་ཏོག་སོགས་ཁྱད་ལྡན་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་བཏང་བ་དང་ཕག་གསོ་ཚགས་འཕེལ་རྒྱས་བཏང་བ། ཆང་བ་ལིའི་མེ་ཏོག་དུས་ཆེན་དང་ལོ་མ་དམར་པོའི་དུས་ཆེན། གནས་ཚང་སོགས་གྲོང་གསེབ་ཡུལ་སྐོར་ཐོན་ལས་སྤེལ་བ་དང་། གྲོང་མི་ཚོས་གྲོང་གསེབ་གླིང་ཀ་ཕྱེ་ནས་ལོ་རེ་བཞིན་སྒོར་ཁྲི་བརྒྱད་དགུའི་ཡོང་སྒོ་ཡོད། 《ཨན་ཉིང་གྲོང་རྡལ་མོང་འབྲག་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་ཇུས་གཞི།》བཟོས་པ་དང་འབྲེལ་འཐུས་སྒོ་ཇེ་ཚང་བཏང་ནས། ཁྱད་ཆོས་ལྡན་པ་དང་ཐོན་ལས་ཡོད་པ། དོན་སྙིང་ཆེ་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ཆེད། རྒྱ་ཆེའི་མང་ཚོགས་ལ་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་བ་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱས་ནས། མཐོ་སྒང་བོད་འབྲེལ་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་མཚོན་ཧུར་ཐག་ངང་གཏོད།
གྲོང་སྲོལ་དམངས་ཆིངས་དང་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་པ། “སྒོ་མདུན་གྱི་འགན་གཙང་ལེན་གསུམ་གྱི་འགན་འཁྲིའི་ལམ་ལུགས"དང་“མིང་ཐོ་དམར་ནག" ཁས་ལེན་ཡི་གེ་འཇོག་པ་སོགས་ཀྱི་བྱེད་ཐབས་གཏན་འབེབས་བྱས་པ་དང་། མོང་འབྲག་གྲོང་ཚོས་བྱ་དགའ་ཆད་གཅོད་ལམ་ལུགས་ལ་བརྟེན་ནས་མང་ཚོགས་ཀྱི་རང་འགུལ་རང་བཞིན་འདོན་སྤེལ་དང་། གྲོང་མི་རྣམས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ནང་ཞུགས་པར་སྐུལ་མ་བཏང་ནས། གྲོང་ཚོ་རྒྱུན་རྣམ་ཅན་དང་གཙང་མ་ཡོང་བར་བྱས་ཏེ། དུད་ཚང་ཚང་མས་ཤེས་དཔལ་ལྡན་པའི་འཕྲོད་བསྟེན་དུད་ཚང་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་བསྐྲུན། གྲོང་མི་ཚོས་ཞིང་ལས་ཇི་ཙམ་བྲེལ་ཡང་ཉིན་ལྟར་གཙང་སྦྲ་བྱས་ནས་ཡུལ་སྐོར་པ་ཚོ་དེ་བས་སྐྱིད་སྣང་ཡོང་བ་བྱེད་ཀྱི་ཡོད་ཅེས་བཤད། ཁོ་ཚོས་ཉིན་ལྟར་གཙང་སྦྲ་བྱས་པའི་གྲུབ་འབྲས་མྱོང་ཚོར་ཐུབ་ནས། གྲོང་ཚོའི་སྐད་གྲགས་ཆོད་ཚད་ཇེ་ཆེར་འགྲོ་བ་དང་ཡུལ་སྐོར་པ་ཇེ་མང་དུ་འགྲོ་བ། གྲོང་མིའི་ཡོང་འབབ་རིམ་བཞིན་མང་དུ་འགྲོ་བ་དང་ཁྱིམ་མཚེས་བར་འཆམ་མཐུན་ཇེ་ཆེར་འགྲོ་བཞིན་ཡོད། གྲོང་ཚོར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ་དང་། རྒྱལ་ཡོངས་ཀྱི“ལྔ་བཞིའི”དར་དམར་གུང་གཞོན་ཚོགས་པའི་ཀྲི་པུའུ། ཞིང་ཆེན་རིམ་པའི“བཞི་བཟང་གྲོང་ཚོ" སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་ཚོ། ཆུ་ཆེན་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང་སོགས་ཀྱི་མཚན་སྙན་ཐོབ་ཡོད། །