མྱག་ལོ་གྲོང་རྡལ་གྱི་ལས་དོན་ཚོགས་འདུ་སྐྱིད་ཁུག་གྲོང་ཚོར་འཚོགས་པ།
སྐྱིད་ཁུག་གྲོང་ཚོ་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ལི་རྫོང་མྱག་ལོ་གྲོང་རྡལ་གྱི་ལྟེ་བའི་གྲོང་ཚོ་བཞིའི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་།སྐྱིད་ཁུག་གྲོང་ཚོས་རྒྱུ་ནོར་བེད་སྤྱོད་གང་ལེགས་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་ངང་གྲོང་ཚོ་ཇེ་ལེགས་གཏོང་བ་དང་སྲོལ་གསར་གཏོད་པ། ཐོན་ལས་གོང་འཕེལ་གཏོང་བ། མཉམ་སྡེབ་དཔལ་འབྱོར་ཕྱུག་པོ་ཆགས་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བཏོད།
སྐྱིད་ཁུག་གྲོང་ཚོའི་མདུན་སྒོ།
མཉམ་དུ་བཅོས་སྐྱོང་ནུས་ལྡན་བྱས་ནས། མི་རིགས་མཐུན་སྒྲིལ་གྱི“བཅོས་སྐྱོང་དྲོད་ཚད”གློད་པ། སྐྱིད་ཁུག་གྲོང་ཚོས་ཀྲི་པུའུ་ཡིས་སྣེ་ཁྲིད་དང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་འཛུགས་སྐྱོང་། གྲོང་གསེབ་བཅོས་སྐྱོང་ལེགས་པོ་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས། སྤྱི་ཚོགས་ཀྱི་གཞི་རིམ་བཅོས་སྐྱོང་གི“དབང་རྩའི་སྣེ”རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད། “ཕྱོགས་ལྔའི་ཏང་འཛུགས་སྐྱོང་ས་ཚིགས”བསྐྲུན་པ་དེ་གྲོང་མི་དང་ཏང་ཡོན་གྱིས་གླེང་མོལ་དང་། གྲོས་མོལ། བཅོས་སྐྱོང་གྲོས་མོལ། མང་ཚོགས་ལ་ཞབས་ཞུ་བྱེད་པའི་ས་གནས་སུ་གྱུར་པ་དང་། “གྲོས་མོལ་བྱེད་ས་ཡོད་པ”མངོན་འགྱུར་བྱུང་ཞིང་། མང་ཚོགས་གོང་བུར་འགྲིལ་བའི་འབྲེལ་ཐག་བཙུགས་ཡོད། གཞི་རིམ་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་ཕྱིན་ནས་གྲོང་ཚོ་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ།
སྐྱིད་ཁུག་གྲོང་ཚོར་ས་གནས་སོ་སོའི་ལྟ་སྐོར་པ་ཕེབས་པ།
ཐོན་ལས་དར་རྒྱས་བཏང་ནས་མཐུན་སྒྲིལ་ཡར་ཐོན་གྱི“སེ་འབྲུའི་མེ་ཏོག”བཏབ་པ། སྐྱིད་ཁུག་གྲོང་ཚོས་སྨི་གྲུ་བཞི་མ་ཁྲི་2ལྷག་ཙམ་བསྡུ་སྒྲིལ་བྱས་པའི་གྲོང་ཚོའི་བྱེད་སྒོ་ལྟེ་གནས་དང་བེད་མེད་དུ་ལུས་པའི་ས་ཆའི་ཐོན་ཁུངས་བསྐྱར་དུ་འཆར་འགོད་དང་བསྡུ་སྒྲིལ་བྱས་ཏེ། གྲོང་མིས་ལས་ཞུགས་ངལ་རྩོལ་བྱས་ནས་མཉམ་དུ་ཡུལ་སྐོར་ཞབས་ཞུ་དང་། ཕྱོགས་བསྡུས་ཚོགས་ཁང་། རླངས་འཁོར་འཇོག་ས། དམངས་སྡོད་བཟའ་བཏུང་། ཏང་འཛུགས་ཞབས་ཞུ་བཅས་ཀྱི་ནུས་མང་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ཁུལ་འཛུགས་སྐྲུན་བྱེད་པ་དང་། དུས་མཚུངས་སུ་སྤེན་ལའི་ལྷོའི་ཕུག་སྒོ་རུ་རླངས་འཁོར་འཇོག་ས་དང་། རླངས་འཁོར་སྲུང་སྐྱོང་བདག་གཅེས། ཁ་ལོ་བ་ངལ་གསོ་དང་ཞག་སྡོད། ལྟ་སྐོར་སོགས་གཞི་གཅིག་ཏུ་གྱུར་པའི་རྒྱལ་ལམ་317གྱི་རླངས་འཁོར་ས་ཚིགས་ཡག་ཤོས་བསྐྲུན་པ་དང་། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དམིགས་བསལ་ཅན་གྱི་མི་ཚོགས་འདིར་ཐུགས་ཁུར་དང་གཅེས་སྐྱོང་ཏན་ཏིག་བྱས་ཏེ། མངའ་ཁོངས་བརྒྱུད་པའི་ཡུལ་སྐོར་པ་དང་ཁ་ལོ་བར་སྐྱིད་ཁུག་གྲོང་ཚོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དྲོད་སྣང་ཚོར་དུ་བཅུག་པར་མ་ཟད། དེར་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་ཚུལ་སྒྱུར་རིམ་སྤར་ཡོང་བར་སྐུལ་འདེད་བཏང་ནས། གོང་གསལ་གྱི་ཐོན་ལས་གཉིས་ལས་འགོ་བཙུགས་ཚུན་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་20ཙམ་བྱུང་བ།
ད་ལྟའི་གངས་ལྗོངས་སྐྱིད་ཁུག་གྲོང་ཚོའི་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་ཞིང་། གྲོང་མིའི་ཡོང་འབབ་སྔར་བས་ལྷག་ཏུ་འཕར་བས། གསོན་ཤུགས་ཀྱིས་ཁེངས་པའི་མཐུན་སྒྲིལ་འབྱོར་ཕྱུག་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རི་མོ་དལ་བུར་བཀྲམ་བཞིན་ཡོད། །