མཚོ་བོད་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེ་ཞེས་གྲགས་ཤིང་། དེ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་སྐྱེ་ཁམས་ཀྱི་སྲུང་ཡོལ་ལྟ་བུ་ཡིན་ལ། གོ་ལ་ཧྲིལ་པོའི་གནམ་གཤིས་བརྟན་པོ་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། དེ་ཡང་རང་རྒྱལ་གྱི་ཆེས་ཆེ་བའི་མཐོ་སྒང་ཡིན་པར་མ་ཟད་འཛམ་གླིང་སྟེང་གི་ཆེས་ཆེ་བའི་མཐོ་སྒང་ཡང་ཡིན། གནས་འདིར་སྐྱེ་ཁམས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། རིན་ཐང་ཆེ་ཞིང་གྲངས་ཀ་ཉུང་བའི་རི་དྭགས་སོགས་སྐྱེ་དངོས་སྣ་མང་གི་དགའ་སྐྱིད་ཀྱི་འཚོ་གནས་ཀྱང་ཡིན།
གསའ།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་རང་བྱུང་ཁམས་ལ་བརྩི་བཀུར་དང་སྲོགས་ཆགས་ལ་སྲུང་སྐྱོབ་བྱེད་པའི་རིག་གནས་ཀྱི་ཆ་མང་པོ་ཡོད་པས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཤེས་དཔལ་བསམ་བློ་སྡུད་ལེན་དང་ལེགས་སྒྲིག་བྱེད་པ། ཚན་རིག་ལག་རྩལ་སྤྱད་ནས་རང་བྱུང་ཁམས་དང་སྐྱེ་དངོས་སྣ་ཚོགས་ལ་སྲུང་སྐྱོབ་བྱེད་ཐབས་ཇེ་མང་དུ་གཏོང་དགོས། གསའ། གཙོད། དེ་མིན་རྟ་ནོར་ལུག་གསུམ་སོགས་བག་ཡངས་ངང་རྒྱུ་བཞིན་ཡོད་པ། གཙང་པོ་དང་གངས་རི་བརྗིད་ཉམས་ཀྱི་ཚུལ་དུ་དུས་རབས་ཀྱི་གར་ལ་རོལ་བཞིན་ཆས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཁྱད་པར་ཅན་ཡིན་པས་རང་རྒྱལ་དང་འཛམ་གླིང་གི་སྐྱེ་ཁམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་དང་ཐེབས་བཞིན་ཡོད། དེའི་རིན་ཐང་འཚོལ་བ་དང་། སྲུང་སྐྱོབ་བྱེད་པ། གཅེས་སྤྲས་བྱེད་པ་ནི་ཧ་ཅང་གལ་ཆེན་རེད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་རང་བྱུང་སྲུང་སྐྱོབ་ཁུལ་སོགས་བཙུགས་པ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཐད་མུ་མཐུད་དུ་གྲུབ་འབྲས་གསར་པ་བླངས་ཏེ། དུས་རབས་གསར་པའི་ནང་མཚོ་བོད་མཐོ་སྒང་གི་ལེའུ་གསར་པ་བརྩམས་ཡོད། །
འབྲོང་།
གཡི།
གོ་བོ།
ཁྲུང་ཁྲུང་།
མཐོ་སྒང་གི་གཅེས་ནོར།