སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་ལ་ད་ཡོད་ལས་བྱེད་ཉེན་རྟོག་པ་44ཡོད་ཅིང་། དེའི་ཁྲོད་དུ་ཀྲུང་གུང་ཏང་ཡོན་35དང་གྲ་སྒྲིག་ཏང་ཡོན་4ཡོད་ལ། ཏང་ཡོན་གྱིས་བརྒྱ་ཆ་88.64ཟིན་ཡོད། ང་ཚོ་སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཀྲི་པུའུ་ཡིས་ནམ་ཡང་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པར་བརྟེན་ནས་འདྲི་གཅོད་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་དང་ཁྲིམས་སྐྱོང་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་དང་ཁྲིམས་དཔོན་གྱི་སྟོབས་གསར་དམག་དཔུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་འཛུགས་སྐྱོང་ལ་བརྟེན་ནས་འདྲི་གཅོད་ལག་བསྟར་ལས་དོན་ལ་ཁྲིད་སྟོན་བྱས་ཏེ་དམངས་འཚོ་སྲུང་སྐྱོང་དང་དོ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པའི་ཁྲིམས་འཛིན་སྲུང་ཡོལ་ཧུར་བཙུགས་ཡོད། ཅེས་སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་གི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་ཚའེ་ཙུང་ཀང་གིས་དེ་ལྟར་ངོ་སྤྲོད་བྱས་བྱུང་།
ཁྲིམས་སྐྱོང་དུད་ཁྱིམ་དུ་བསྐྱོད་པ།
སྡེ་དགེ་ཞེས་པ་ནི་སྡེ་བཞི་དགེ་བཅུས་ཕྱུག་པའི་གནས་ཤིག་ཡིན་པས་མིང་དེ་ལྟར་བཏགས་ཤིང་།
སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཀྲི་པུའུ་ཡིས་རྫོང་ཁོངས་ཀྱི་ས་རྒྱ་ཆེ་ལ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཞན་པ། དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པ་ཡིས་རང་གི་ཁེ་དབང་སྲུང་སྐྱོང་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་གནས་མཆོག་གི་དཔྱིད་རླུང་ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ་ཁྲིམས་སྐྱོང་གི་དཔྱིད་རླུང་དྲོན་མོ་སྡེ་དགེའི་ས་ཕྱོགས་སོ་སོར་ཁྱབ།
ཁྲིམས་དཔོན་གྱིས་བཅའ་ཁྲིམས་བློ་འདྲི་ས་ཚིགས་བཙུགས་ནས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་དང་གྱོད་གཞི་འཚོལ་སྡུད་བྱེད་བཞིན་པ།
གནས་མཆོག་གི་དཔྱིད་རླུང་ཞེས་པའི་ཏང་འཛུགས་སྐྱོང་སྤུས་རྟགས་ལ་ལས་སྒྲུབ་ཁང་1ཡོད་པ་དང་། ལས་སྒྲུབ་ཁང་དེའི་ཁོངས་སུ་དྲང་བདེན་གྱི་གངས་ལྷ་མེ་ཏོག་དང་། སེ་འབྲུ། མཐོ་སྒང་ཨ་མ། དཔྱིད་སྒྲ་ལག་བསྟར། དཔྱིད་ཆར་ཁྲིམས་ས་བཅས་ཡན་ལག་རུ་ཁག་5བཙུགས་ཡོད། ཡུལ་ཚོ་དང་གྲོང་རྡལ་23གྱི་གཏུག་བཤེར་ཞབས་ཞུའི་འབྲེལ་གཏུག་པའི་མ་ལག་བསྐྲུན་པ། མི་དམངས་འདྲི་གཅོད་ལས་རོགས་པ་42བསྡུ་ལེན་བྱས་ཏེ་1+5+23+42ཡི་ལས་ཀའི་རྣམ་པ་ཆགས་ཡོད། ཅེས་ཚའེ་ཙུང་ཀང་གིས་ཇི་མ་ཇི་བཞིན་དུ་ངོ་སྤྲོད་བྱས་པ་དང་། ཡང་ཁོའི་ཡན་ལག་རུ་ཁག་དག་གི་ལས་ཀའི་གནས་ཚུལ་སྐོར་གླེང་རྒྱུར། དྲང་བདེན་གྱི་གངས་ལྷ་མེ་ཏོག་དང་མཐོ་སྒང་ཨ་མ་ཡན་ལག་རུ་ཁག་གིས་ཁེ་དབང་སྲུང་སྐྱོང་གི་སྲུང་ཡོལ་བསྐྲུན་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱས་ཤིང་། གྱོད་གཞི་28དང་མི་67ལ་འདྲི་གཅོད་མཇུག་སྒྲིལ་བ་བྱས་པ་དང་། མི་ཐེངས་32ལ་བཅར་འདྲི་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་22དང་། བཅའ་ཁྲིམས་རོགས་སྐྱོར་གྱི་མ་དངུལ་སྒོར་1200མཁོ་འདོན་བཅས་བྱས་པ་དང་། དྲང་བདེན་གྱི་གངས་ལྷ་མེ་ཏོག་སྟེ་མཐོ་སྒང་ཨ་མའི་ལས་དོན་ས་ཚིགས་12བཙུགས་ཏེ་མ་དངུལ་སྒོར་ཁྲི་24བཏང་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་23ལ་འཚམས་འདྲི་དང་། ལས་འཁྱུར་ངལ་གསོ་བྱས་པའི་ཁྲིམས་དཔོན་གྱི་ཉམས་མྱོང་དང་མང་ཚོགས་ཀྱི་ཡིད་ཆེས་ལ་བརྟེན་ནས་དཀའ་གནད་ཆེ་བའི་གྱོད་གཞི་50ལྷག་འདུམ་འགྲིག་བྱས་ནས་ཕྱིར་འཐེན་བྱས་པ་དང་། དཔྱིད་སྒྲ་ཡན་ལག་རུ་ཆུང་གིས་ཡུལ་ཚོ་དང་གྲོང་རྡལ་གྱི་འབྲེལ་གཏུག་པ་དང་མི་དམངས་འདུམ་འགྲིག་པ་སོགས་འདུམ་འགྲིག་གདོང་ལེན་པ་དག་གིས་དཀའ་ངལ་ཡོད་པའི་དམིགས་བསལ་ཅན་གྱི་ཚོགས་སྤྱི་ལ་སྒོ་རྩར་ནས་ཞབས་འདེགས་བྱས་ནས། དམིགས་ཚད་ཆུང་བའི་གྱོད་གཞི་31ལག་བསྟར་ཐག་གཅོད་དང་། དོ་བདག་32ཀྱི་ལག་བསྟར་མ་དངུལ་སྒོར་ཁྲི་38.4ལྷག་ཕྱིར་ལེན་རོགས་བྱས་ལ། མི་11ལ་ཁྲིམས་འཛིན་རོགས་སྐྱོབ་བྱས་ནས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་12.6ལྷག་སྤྲད་པ་རེད།
འབུ་བརྐོ་སར་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་བཞིན་པ།
གནས་མཆོག་དཔྱིད་རླུང་རྣམ་པར་ལྡང་།ཁྲིམས་སྐྱོང་སྡེ་དགེ་འབད་པས་བསྐྱོད། །སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་གྲོང་གསེབ་ཏུ་རྒྱུན་བསྲིངས་ནས། ཁྲིམས་ལུགས་དྲིལ་བསྒྲགས་གྲོང་གསེབ་ཏུ་བསྐྱོད་པ་དང་འགལ་ཟླ་གྲལ་བཤེར་གྲོང་གསེབ་ཏུ་བསྐྱོད་པ། གྱོད་དོན་ཐོ་འགོད་ཞབས་ཞུ་གྲོང་གསེབ་ཏུ་བསྐྱོད་པ། སྐོར་ཞིབ་འདྲི་གཅོད་གྲོང་གསེབ་ཏུ་བསྐྱོད་པ། བློ་གཅིག་སེམས་གཅིག་གིས་དགོན་སྡེར་བསྐྱོད་པ་བཅས་ནང་དོན་གཙོ་བོར་བྱས་པའི་བསྐྱོད་པ་ལྔའི་བྱེད་སྒོ་ལ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་པར་མ་ཟད། དཀར་མཛེས་ཁུལ་མི་དམངས་ཁྲིམས་ཁང་གིས་དཀར་མཛེས་ཁུལ་ཡོངས་སུ་ཁྱབ་གདལ་བྱས། དེའི་ཁོངས་གཏོགས་ཀྱི་མ་ཎི་གད་འགོ་མི་དམངས་ཁྲིམས་ཁང་རྒྱལ་ཡོངས་ཀྱི་སྔོན་ཐོན་ཚོགས་པ་ལ་བདམས་པ་རེད། སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་གྱིས་དམངས་ཀྱི་ཆེད་དུ་དྲང་གཞག་དྲང་བདེན་སྲུང་བའི་ལག་ལེན་ཁྲོད་ཁྲིམས་སྐྱོང་སྡེ་དགེ་འཛུགས་སྐྱོང་གི་ལེའུ་གསར་པ་བརྩམས་ནས་སྔར་བས་མང་བའི་མང་ཚོགས་ཀྱིས་བསྔགས་བརྗོད་ཐོབ་བཞིན་མཆིས། །