རྫ་ཆུ་ཁའི་རྩྭ་ཐང་ཐོག་ནས་འཛམ་གླིང་གི་ཆེས་མཛེས་སྡུག་ལྡན་པའི་འདམ་རར་བསྐྱོད་དེ་མུ་མཐའ་མེད་པའི་ས་མཐོའི་མཚེའུ་དང་། རྩ་ཆེ་ལ་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་མང་པོ་དང་འཕྲད། སེར་ཤུལ་རྫོང་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་སུ་གནས་ཡོད་ལ། སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་པས། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསབ་སྤྲོད་ཁུལ་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དང་ཀྲུང་ཧྭའི་ཆུ་གསོག་མཛོད་ཀྱི་ཆེས་རྩ་ཆེ་བའི་ཆུའི་ཐོན་ཁུངས་གསོ་སྐྱོང་ཁུལ་ཞིག་ཡིན་ལ། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ལྟེ་བའི་ས་ཁོངས་དང་། རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་ནང་གི་ནུབ་བྱང་འབྲོག་ཁུལ་གྱི་གྲུབ་ཆ་གལ་ཆེན་ཡིན། དེས་མ་ཟད་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་ཅན་གྱི་གཞི་རྒྱུའི་བང་མཛོད་ཡིན་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་གསའ་དང་རྐྱང་། ཤྭ་བ་མཆུ་དཀར་སོགས་རིགས་27དང་། དྲེད་མོང་དང་གནའ་བ་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་71ཡོད། དེ་མིན་མཐོ་གྲང་ཆུ་སྔོ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རྩི་ཤིང་རིགས་1དང་། སྲོ་ལོ་དམར་པོ་དང་ཨུཏྤལ་དམར་པོ་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་རིགས་27ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སེར་ཤུལ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་ཧུར་ཐག་བསྟར་བ་དང་སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་མཐོ་གྲང་འདམ་ར་སྲུང་སྐྱོང་དང་ཀྲུང་ཧྭ་ཆུ་གསོག་མཛོད་སྲུང་སྐྱོང་བྱས་ནས། སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་སྐྱེ་ཁམས་སེར་ཤུལ་འཛུགས་སྐྱོང་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་པ་དང་འབག་མེད་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་དང་། འཕེལ་རྒྱས་དང་སྐྱེ་ཁམས་ཕན་ཚུན་མཉམ་འདྲེས། སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཀར་ཕན་པའི་འབག་མེད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་པས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང། བདེ་སྣང་མངོན་གསལ་དོད་པོའི་གོང་མཐོར་ཕྱིན་ཡོད།
སི་ཁྲོན་སློབ་ཆེན་སེར་ཤུལ་ལས་དོན་ས་ཚིགས།
མཐོ་ས་ནས་སྐུལ་འདེད་བཏང་ནས་གསར་གཏོད་སྟོབས་ཤུགས་གཅིག་བསྡུ་བྱེད།
སེར་ཤུལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩིས་ནས་ལོ་ལྔའི་འཆར་གཞི་ཨང་དགུ་པའི་རིང་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུ་དེ་རྫོང་དེ་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་པ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ཏེ། རྩ་འཛུགས་ཀྱི་མ་ལག་ནན་དུ་གཏོང་བ་དང་འགོ་ཁྲིད་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། བཀོད་སྒྲིག་ཚད་ལྡན་ཅན་དང་དྲིལ་བསྒྲགས་རྒྱུན་རྣམ་ཅན། སྡེ་ཚན་མཐུན་སྦྱོར་ཅན། ལས་འགན་དབྱེ་འབྱེད་ཅན་བཅས་ཀྱི་ལས་དོན་ནང་རྐྱེན་ཆགས་བཅུག་ནས། ཏང་འཛུགས་སྐྱོང་གིས་འབག་མེད་སྐྱེ་ཁམས་ལ་སྣེ་ཁྲིད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།
རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་ཙུའུ་ཀྲང་བྱས་པའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་གཏོད་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས《སེར་ཤུལ་རྫོང་གི་2020ལོ་ནས་2030ལོའི་བར་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འཆར་འགོད།》བཟོས་པ་དང་《སེར་ཤུལ་རྫོང་གི་ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་ལས་དོན་གཏོད་པའི་ལག་བསྟར་ཇུས་གཞི།》བཏོན་ནས། ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱིས་ལྟ་སྐུལ་བྱེད་པ། སྡེ་ཁག་དང་གྲོང་རྡལ་གྱིས་རོགས་ལས་དང། སྤྱི་ཚོགས་མཉམ་དུ་ཞུགས་པའི་རྣམ་པ་བཟང་པོ་ཆགས་ཡོད།
ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁུལ་ཡོངས་སུ་སྔོན་ལ《སེར་ཤུལ་རྫོང་གི་རྩྭ་ཐང་དོ་དམ་སྒྲིག་སྲོལ།》དང་《སེར་ཤུལ་རྫོང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་དོ་དམ་བྱ་ཐབས།(ཚོད་ལྟའི་ལག་བསྟར།)》《སེར་ཤུལ་རྫོང་གི་རི་སྐྱེས་སྨན་རྩྭ་དོ་དམ་བྱ་ཐབས།》《སེར་ཤུལ་རྫོང་གིས་དམངས་ཁྲོད་ཀྱི་ཚེ་ཐར་གཏོང་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་དོ་དམ་བྱ་ཐབས།》སོགས་བཟོས་ནས། སྒོར་ས་ཡ་གཅིག་གི་སྐྱེ་ཁམས་བཅོས་སྐྱོང་ཐེར་འདོན་གོང་ཞུའི་བྱ་དགའི་ཐེབས་རྩ་བཙུགས་པ་རེད། ལོ་ལྟར་དུས་བཀག་ལྟར་གནོད་ཡོད་སྐྱེ་དངོས་འགོག་བཅོས་ཉིན་མོ་དང་རྩྭ་འདེབས་ཟླ་བ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས། 《སེར་ཤུལ་རྫོང་གི་ཁྱི་དོ་དམ་བྱེད་པའི་ལག་བསྟར་ཞིབ་སྲོལ།》བཟོས་ནས་ཕྱུགས་བཀག་རྩྭ་གསོ་དང་ཕྱུགས་འཚོ་རེས་སྐོར་གྱི་ལམ་ལུགས་ནན་མོ་ལག་བསྟར་བྱས་ཏེ། སི་ཁྲོན་སློབ་ཆེན་དང་མཉམ་ལས་བྱས་ནས་སི་ཁྲོན་སློབ་ཆེན་གྱི་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་ཕྱོགས་བསྡུས་འགོག་བཅོས་ཀྱི་སེར་ཤུལ་ཚོད་ལྟའི་ས་ཚིགས་དང་སི་ཁྲོན་སློབ་ཆེན་གྱི་མཐོ་གྲང་རྩྭ་སའི་སྐྱེ་ཁམས་བཅོས་སྐྱོང་སེར་ཤུལ་ལས་དོན་ས་ཚིགས་བསྐྲུན་པ་དང་། འབྲིང་མདའ་རི་སྐྱེས་སྲོག་ཆགས་སྐྱོབ་རོགས་ས་ཚིགས་བཙུགས། ཀྲུང་གོ་ཚན་རིག་གླིང་ཁྲེང་ཏུའུ་སྐྱེ་དངོས་སུའོ་དང་སྐྱེ་ཁམས་སྲུང་སྐྱོང་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། རྨ་ཆུའི་ཆུ་འགོ་ཁུལ་གྱི་འདམ་རའི་ཆུ་འགོ་གསོ་སྐྱོང་སྐྱེ་ཁམས་ནུས་པའི་ཁུལ་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱས་པ་དང་། ཞི་ཧྭ་དགེ་འོས་སློབ་ཆེན་དང་མཉམ་ལས་བྱས་ཏེ་ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ལ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་ནས་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་པ་རེད།
དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱི་རོལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་དྲིལ་བསྒྲགས་བྱང་བུ་ཆེ་གྲས་55བཙུགས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་གློག་བརྙན《འདམ་ར་སྲུང་མཁན།》བཟོས་པ་རེད། གསུམ་པའི་བཅུ་གཅིག་གི་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཉིན་མོ་དང་། བཞི་པའི་བཅོ་ལྔའི་ཉིང་རྡུལ་བདེ་འཇགས་དྲིལ་བསྒྲགས་ཉིན་མོ། དྲུག་པའི་ཚེས་ལྔའི་ཁོར་ཡུག་སྲུང་སྐྱོང་ཉིན་མོ། ཁོར་ཡུག་སྲུང་སྐྱོང་སློབ་ཐུན་ཆེན་མོ་བཅས་གོ་སྐབས་སུ་བྱས་ནས། རྟ་ཐོག་སྒྲོག་འགྲེལ་དང་སྦྲ་གུར་གཏམ་རྒྱུད་ཚོགས་འདུ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལས་ཁུངས་དང་སློབ་གྲྭ། དགོན་སྡེ། ཁེ་ལས། ཡུལ་ཚོ་དང་གྲོང་རྡལ། ཞིང་འབྲོག་དུད་ཚང་བཅས་སུ་བསྐྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས།》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་སྒོ་ཐེངས་320དང་། མང་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ཚོགས་ཆེན་ཐེངས་1658འཚོགས་ཤིང་། དྲིལ་བསྒྲགས་འཕྲིན་ཐུང་ཁྲི་གཉིས་ལྷག་བསྐུར་བ་དང་དྲིལ་བསྒྲགས་ལག་དེབ་ཁྲི་3ལྷག་སྤྲད་ཡོད།
ཁྱོན་ནས་བཅོས་སྐྱོང་བྱས་ཏེ། འཛུགས་སྐྱོང་གི་སྤུས་ཀ་བརྟན་དུ་གཏོང་།
རྡོ་རྙོག་ཕུང་གསོག་བྱས་པ་ནས་སྐྱེ་ཁམས་སྤྱི་གླིང་བཙུགས་པ་དང་། རྫབ་རྫོབ་ཀྱི་མཚེའུ་ནང་ནས་དྭངས་ཤིང་གཙང་བའི་རླབས་ཕྲེང་གཡོ་བའི་བར། འབག་མེད་སྣ་མང་ཐོན་ལས་སུ་འཕེལ་རྒྱས་གཏོང་བ་སོགས་བྱང་སྡེ་ཉི་མ་རྫ་ཆུ་ཁའི་འཕོ་འགྱུར་མཚོན་པའི་དཔེ་མཚོན་བརྗོད་ཀྱིས་མི་ལང་།
མ་མཐའི་མཚམས་ཐིག་ནན་སྲུང་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གི་བར་མཐོངས་ཆགས་སྟངས་ལེགས་སུ་བཏང་། 《སེར་ཤུལ་རྫོང་གི་2021ལོ་ནས་2035ལོའི་བར་གྱི་རྒྱལ་ཁབ་མངའ་ཁོངས་བར་མཐོངས་ཀྱི་སྤྱིའི་འཆར་འགོད།》བཟོས་ནས་ལྟེ་བ་གཅིག་དང་གཞུང་རྟ་གཅིག ཁུལ་གཉིས་དང་ཁྱབ་ཁོངས་བཞི། གནས་མང་གི་སྤྱིའི་བར་མཐོངས་ཆགས་སྟངས་བཏོད། 《སེར་ཤུལ་རྫོང་གི་རྨོ་ཞིང་སྲུང་སྐྱོང་འགན་འཁྲིའི་དམིགས་ཚད་དཔྱད་ཞིབ་བྱ་ཐབས།》《སེར་ཤུལ་རྫོང་གིས་རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བཟུང་གསབ་དོ་སྙོམས་ལེགས་སུ་གཏོང་བའི་ལས་དོན་ལག་བསྟར་ཇུས་གཞི།》《རྨོ་ཞིང་སྲུང་སྐྱོང་གི་ཞིང་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བའི་ལག་བསྟར་ཇུས་གཞི།》པར་འགྲེམས་བྱས་ཏེ། སེར་ཤུལ་རྫོང་གི་ཞིང་དཔོན་ལམ་ལུགས་ཀྱི་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་ནས། ལས་ཀའི་བྱེད་ཐབས་ཇེ་དྲག་དང་། བློ་བརྟན་འགྱུར་མེད་ཀྱིས་རྨོ་ཞིང་ལ་ཞིང་མི་འདེབས་པའི་གནས་ཚུལ་ཚོད་འཛིན་བྱས་ཡོད་པ་དང་། འབྲུ་རིགས་མི་འདེབས་པར་དོ་དམ་ཚོད་འཛིན་ནན་མོ་བྱས་ཡོད། རྨོ་ཞིང་ཐོག་འཛུགས་སྐྲུན་རྒྱག་པར་དོ་དམ་ཚོད་འཛིན་ནན་མོ་དང་། རྨོ་ཞིང་གི་སྐྱེ་ཁམས་སྲུང་སྐྱོང་དང་རྨོ་ཞིང་གི་ཁ་གསབ་དོ་སྙོམས་དོ་དམ་ཇེ་དྲག་བཏང་ཡོད།
སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། འདམ་རའི་སྐྱེ་ཁམས་འཛུགས་སྐྱོང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་། སྐོར་གསར་པའི་སི་ཁྲོན་ཁྲོམ་གཟའ་གོང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་དེ་བཞིན་སི་ཁྲོན་ལོ་ཆུང་ཤྭ་བ་མཆུ་དཀར་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་འཆར་འགོད་བཟོས། སྲུང་སྐྱོང་ཁུལ་གྱིས་དོ་དམ་དང་ནགས་སྲུང་པ་གདམ་གསེས་གདན་ཞུ། སྐྱེ་ཁམས་ཁ་གསབ་ཟུང་འབྲེལ་བྱེད་པའི་ལམ་སྲོལ་བཙུགས་ནས། སྐྱེ་ཁམས་རྩྭ་སྲུང་ནགས་སྲུང་པ་1322དང་སྐྱེ་ཁམས་ནགས་སྲུང་དོ་དམ་པ་362། སྐྱེ་ཁམས་ལྟ་སྐུལ་པ་844བཅས་གདན་ཞུ་བྱས་ཡོད། སྐྱེ་ཁམས་དམར་ཐིག་ཁུལ་དུ་སྲུང་སྐྱོང་ལམ་ལུགས་ནན་མོ་ལག་བསྟར་བྱས་ཏེ། ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་མཐའ་དག་གཏན་འགོག་བྱས་ཡོད། མ་དངུལ་སྒོར་ཁྲི་9396.3བཏང་ནས་འདམ་ར་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས། སེར་ཤུལ་རྫོང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་བཙུགས་ནས། བོད་འབྲེལ་ས་ཁུལ་གྱི་སའི་གོ་ལ་བརྗོད་བྱ་གཙོ་བོར་བྱས་པའི་སའི་གོ་ལར་ལྟ་སྲུང་བྱེད་པའི་རི་ཐང་ཚན་ཞིབ་དང་བླངས་པའི་ཚན་ཞིབ་རྟེན་གཞི་ཐོག་མ་དེ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
ནུས་མཐོའི་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་། བསྡོམས་རྩིས་བྱས་པར་གཞིགས་ན། སེར་ཤུལ་རྫོང་གི་རང་བྱུང་རྩྭ་ཐང་མུའུ་ཁྲི་3139.94ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་རྒྱ་ཁྱོན་གྱི་10.24%བཟུང་ཡོད། སྐྱེ་ཁམས་སླར་གསོ་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་ཆེད། སེར་ཤུལ་རྫོང་གིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་10.71བཏང་སྟེ། རྩྭ་ཐང་ཞན་འགྱུར་དང་བྱེ་འགྱུར་བཅོས་སྐྱོང་དང་། ས་ནག་གྲམ་ཐང་བཅོས་སྐྱོང་། ས་ཆུ་ཤོར་བ་བཅོས་སྐྱོང་སོགས་ཉམས་གསོ་བཅོས་སྐྱོང་ལས་གྲྭ་མུའུ་ཁྲི་1079.28ལག་བསྟར་བྱས་པ་དང་། བཅོས་སྐྱོང་ས་ཁོངས་ཀྱི་སྔོ་ཁེབས་ཆ་སྙོམས་ཁེབས་ཚད་དེ་སྔའི་50%ནས་78%ཡན་ལ་མང་དུ་བཏང་ཡོད། དམངས་ཡོངས་ཀྱིས་རྩྭ་འདེབས་པའི་བྱེད་སྒོ་ལག་བསྟར་ཤུགས་ཆེན་བྱས་ཏེ། སྤུས་ལེགས་གཟན་རྩྭ་མུའུ་ཁྲི་26འདེབས་འཛུགས་བྱས་པ་དང་འབྲེལ། ཕྱུགས་བཀག་དང་དོ་དམ་ནན་པོ་དང་ལྟ་སྐྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་རྩྭ་འདེབས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་རེད། དགུན་དཔྱིད་གཉིས་སུ་གནོད་ཡོད་སྐྱེ་དངོས་འགོག་བཅོས་ཐེངས་གཅིག་རྒྱག་བཞིན་ཡོད་ལ། ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་རིང་རིམ་རྩིས་བྱས་ན། གནོད་ཡོད་སྐྱེ་དངོས་འགོག་བཅོས་ཀྱི་རྒྱ་ཁྱོན་མུའུ་ཁྲི་905ལེགས་གྲུབ་ཟིན་པ་དང་། རྫོང་ཡོངས་ཀྱི་བྱི་གནོད་རྒྱ་ཁྱོན་3.4%ཉུང་དུ་ཕྱིན་ཡོད།
བཀོད་པ་ལེགས་སུ་གཏོང་བ་དང་གསར་གཏོད་ཀྱི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་།
བྱེ་མ་སེར་པོ་མེད་པར་གྱུར་ནས་སྔོ་ལྗང་རྩྭ་ཐང་རི་ཀླུང་གང་། འདན་མ་ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་དང་ཁྲོམ་གཟའ་གོང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས། ད་ཆའི་སེར་ཤུལ་རྫོང་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་སྐྱེ་བོ་ཀུན་གྱི་མདུན་དུ་མངོན་བཞིན་ཡོད། འགན་འཁྲི་ནན་དུ་བཏང་ནས་ཆུ་བོ་དང་མཚེའུའི་ཆུ་དཔོན་ལམ་ལུགས་ལས་དོན་དོན་འཁྱོལ་ནན་པོ་བྱས། རྫོང་ཡོངས་ཀྱི་ཆུ་བོ་147ཆུ་དཔོན་དོ་དམ་སྲུང་སྐྱོང་ཁྱབ་ཁོངས་ནང་བཅུག་ནས། རྫོང་རིམ་པའི་ཆུ་དཔོན་24དང་ཡུལ་ཤོག་རིམ་པའི་ཆུ་དཔོན་45། གྲོང་ཚོ་རིམ་པའི་ཆུ་དཔོན་161ཡོད་ལ། ཆུ་དཔོན་ལམ་ལུགས་ཀྱི་སྤྱི་བསྒྲགས་བྱང་བུ་147བཙུགས་པ་དང་།
དྭངས་གཙང་ཆུ་བོའི་བྱ་སྤྱོད་དང་དེ་བཞིན་འཛམ་གླིང་གི་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་དང་། ཆུ་བོ་དང་མཚེའུའི་ཆུ་དཔོན་ལམ་ལུགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེན་སྤེལ། མ་དངུལ་སྒོར་ས་ཡ་7བཏང་ནས་ཆུ་འགྲམ་རྒྱུད་142དབྱེ་འབྱེད་གཏན་འབེབས་དང་། ཆུ་བོ་17གྱི་བདེ་ཐང་གདེང་འཇོག་སྒྲིག་བཟོ། ཆུ་བོ་27གྱི་ཆུ་བོ་གཅིག་ལ་ཐབས་ཇུས་གཅིག་གི་དོ་དམ་སྲུང་སྐྱོང་ཇུས་གཞི་སྒྲིག་བཟོ་བྱས་ཤིང་། ཆུ་སྐོར་APPལས་སྟེགས་འཛུགས་སྐྲུན་སོགས་ལས་དོན་ལེགས་གྲུབ་བྱུང་ཡོད།
དུས་མཚུངས་སུ་ལས་དོན་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། མཉམ་འབྲེལ་ཁྲིམས་འཛིན་ལམ་སྲོལ་བཙུགས། ལས་གྲྭ་འཛུགས་སྐྲུན་དང་ཆུ་རྩ། བཙོག་ཆུ་གཙང་གསིང་བཟོ་གྲྭ་སོགས་ལ་དམིགས་ནས། ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ་ཁུ་ནུའི་མུ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ། སྦགས་བཙོག་བཅོས་སྐྱོང་ལ་དམིགས་ནས། མི་སྡོད་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གྲོང་ཚོ་སྟོང་གི་དཔེ་སྟོན་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས། སེར་ཤུལ་སོགས་ཡུལ་ཤོག་དང་གྲོང་རྡལ་བརྒྱད་ཀྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་རྣམ་གྲངས་ལག་བསྟར་བྱེད་དགོས། གསང་སྤྱོད་གསར་བརྗེ་ཏན་ཏིག་ངང་སྤེལ་ནས་དོང་གཉིས་བརྗེ་རེས་རྣམ་པའི་འཕྲོད་བསྟེན་གསང་སྤྱོད་དུད་ཚང་5100བསྐྲུན། སྒོ་ཕྱུགས་དང་ཁྱིམ་བྱའི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་ནས། གྲོང་ཚོའི་རྣམ་པ་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ་དང་། ལས་ཡུལ་གྱི་ཐལ་རྡུལ་དང་གཞུང་ལམ་སྦགས་བཙོག་འབྱུང་ཁུངས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་སྦུག་དྲ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་བཅོས་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་ལས་དོན་ཧུར་ཐག་སྤེལ། 《སེར་ཤུལ་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་(སི་ཁྲོན་དུམ་བུ།)འཛུགས་སྐྲུན་དང་སྲུང་སྐྱོང་འཆར་འགོད》བཟོས་ནས《སེར་ཤུལ་རྫོང་གི་རིག་དངོས་སྲུང་སྐྱོང་དོ་དམ་བྱ་ཐབས།》བཟོས་ནས་བཏོན་པ་དང་《སེར་ཤུལ་བྲག་བརྐོས་རི་མོ།》 《ས་མཐོའི་འགྲོ་བ།》སོགས་པར་དེབ་པར་སྐྲུན་བྱས་ཏེ། སེར་ཤུལ་རྫོང་གི་རྡོ་བརྐོས་ཚོགས་པས་འཛམ་གླིང་རིག་གནས་ཤུལ་བཞག་ལས་དོན་ཡིག་ཐོག་སྙན་ཞུ་འབུལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། རིག་གནས་ཡུལ་སྐོར་དང་སྐྱེ་ཁམས་མཉམ་འདྲེས་འཕེལ་རྒྱས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། རྩེ་མདའ་ཤྭ་གླིང་དང་འདན་མ་འདམ་ར་སོགས་རྒྱལ་ཁབ་ཀྱི་ཀ་བཞི་རིམ་པའི་མཛེས་ལྗོངས་ཁུལ་ལྔ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། ཕུག་ཁང་འདམ་ར་དང་རྫ་ཆུའི་འདམ་ར་སོགས་ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་4བསྐྲུན་ཡོད། སྐྱེ་ཁམས་སླར་གསོ་དང་ཡུལ་སྐོར་ལྟ་སྐོར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། སྡེ་གཞུང་མ་ཡུལ་ཤོག་ཞི་བདེ་གྲོང་ཚོའི་བེད་མེད་དུ་བསྐྱུར་བའི་བྱེ་རྡོ་ས་རྒོད་དང་།
འཇུ་རྐིང་ཡུལ་ཤོག་གི་བེད་མེད་དུ་བསྐྱུར་བའི་བྱེ་ར་རྙིང་པའི་གནས་ཡུལ་ལ་སྐྱེ་ཁམས་སླར་གསོ་བཅོས་སྒྲིག་བྱས་པ་རེད།
ལེགས་ཆར་གཞི་ཚུགས་ཏེ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྐྱེ་ཁམས་ཐོན་ལས་ལ་སྐུལ་འདེད་བཏང་། སྐྱེ་ཁམས་ཡུལ་སྐོར་དང་།
ཀྲུང་བོད་སྨན་ལས། ཁྱད་ལྡན་ཞིང་འབྲོག་ལས་སོགས་ཀྱི་ཐོན་ལས་གོང་འཕེལ་ཧུར་ཐག་བཏང་ནས། S456ལམ་རྒྱུད་ཀྱི་འབག་མེད་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་དཔེ་སྟོན་ཁུལ་དང་། G215ལམ་རྒྱུད་ཀྱི་སྐྱེ་ཁམས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། མཚོ་བོད་སྨན་ལུང་གི་མུའུ་ཁྲི་ཡི་སྨན་རྩྭ་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྟེན་གཞི་འཛུགས་སྐྲུན་མུའུ་ཁྲི་3.6ལེགས་གྲུབ་ཟིན་པ་དང་། སེར་ཤུལ་གྱི་དེང་རབས་སྔོ་ཚལ་ཐོན་ལས་གླིང་གིས་ཞིང་ཆེན་གྱི་སྐར་ལྔའི་རིམ་པའི་གླིང་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། སེར་ཤུལ་གྱི་དེང་རབས་འབྲི་གཡག་ཐོན་ལས་གླིང་དང་། ཀྲུང་འབྲུ་འཚོ་བཅུད་བདེ་ཐང་ཞིབ་འཇུག་ཁང་དབར་མཉམ་ལས་གྲོས་མཐུན་བཞག་པ་རེད། རྡོ་ཡུར་གྱི་ཁྱད་ལྡན་འབྲི་ཞོ་ལ་དཀར་མཛེས་ཁུལ་གྱི་རྒྱལ་ཁབ་SCཡི་ཁས་ལེན་དཔང་འདོན་ཐོབ་པ་གཅིག་པུ་ཡིན་པ་དང་། ནོར་ལུག་གི་ཤ་ལ་ཞིང་ཆེན་རིམ་པའི་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་ཐོབ་པ། བོད་ལུག་དང་།
སེར་ཤུལ་གྱི་ཤ་མོང་དཀར་པོ། འདན་ཁོག་གི་འདྲེ་ཚེར་མ། སེར་ཤུལ་གྱི་གྲོ་མ་བཅས་ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་དཔང་འདོན་ཐོབ་ཡོད། སེར་ཤུལ་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་རྫས་གསུམ་དང་ཚད་གཞི་གཅིག་ཅན་18ལ་ཁས་ལེན་དཔང་འདོན་བྱས་ཡོད། །