མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ངས་བཏོན་པའི་ཐ་སྙད་གསར་པ་དང་བླང་བྱ་གསར་པ་ཞིག་ཡིན། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཁ་བྱང་འདིར་ཞིབ་འཇུག་བྱས་པ་ནི་དུས་ལ་འཁེལ་བ་དང་གལ་འགངས་ཆེ་བ་ཞིག་ཡིན།
གཅིག །རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མི་འབོར་གྱི་གནས་བབ་གསར་པ་འཕྲད་ཡོད།
རང་རྒྱལ་དུན་ཡུན་རིང་པོར་འཛམ་གླིང་ཐོག་མི་འབོར་ཆེས་མང་བའི་རྒྱལ་ཁབ་ཡིན། མི་འབོར་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་དང་འབྲེལ་བའི་དོན་ཆེན་ཞིག་ཡིན། མིག་སྔར། ང་ཚོ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་སྟེང་སྐྱོད་བཞིན་ཡོད་ལ། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱང་དུས་སྐབས་གསར་པ་ཞིག་ལ་སླེབས་ཡོད། ཕྱོགས་བསྡུས་ཀྱིས་ཞིབ་འཇུག་དང་བརྡར་ཤ་བཅད་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་འབོར་གྱི་ལོ་ནའི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། རང་རྒྱལ་ཉིད་སྤྱིའི་ཆ་ནས་མི་འབོར་འཕར་གྲངས་འཕེལ་རྒྱས་ནས་ཉུང་འཕྲི་འཕེལ་རྒྱས་ཀྱི་དུས་རིམ་དུ་འགྱུར་བཞིན་ཡོད་ལ། མི་འབོར་འཕེལ་རྒྱས་དེ་བུ་ཉུང་ཅན་དང་། རྒན་འཁོགས་ཅན། ས་ཁོངས་མི་འབོར་གྱི་འཕར་ཆག་མཐའ་གཉིས་སུ་གྱེས་པ་སོགས་ཀྱི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བར་མི་འབོར་གྱི་ཁོར་ཡུག་དང་ཆ་རྐྱེན་གསར་པ་འཕྲད་ཡོད།
རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་གནས་བབ་གསར་པ་ལ་ངེས་པར་དུ་ངོས་འཛིན་ཆ་ཚང་དང་ལྟ་སྟངས་ཡང་དག་འཛིན་དགོས།
གཅིག་ནི་འཆར་ལྡན་བུ་བཙའི་སྲིད་ཇུས་ཀྱི་ཡང་དག་རང་བཞིན་དང་ཕན་ནུས་རང་བཞིན་ལ་གདེང་འཇོག་གང་ལེགས་བྱེད་དགོས། མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བ་ནི་རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་རེད། ང་ཚོས་འཆར་ལྡན་བུ་བཙའ་ཁྱབ་སྤེལ་བྱས་པ་དེ་ནི་དམིགས་བསལ་གྱི་ལོ་རྒྱུས་དུས་རིམ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འཁེལ་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། མི་འབོར་འཕར་ཐལ་ཤོར་བ་དང་དེ་ལས་བྱུང་བའི་གནོན་ཤུགས་ཚོད་འཛིན་ནུས་ལྡན་བྱས་པ་དང་། སྒྱུར་བཅོས་སྒོ་འབྱེ
མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ངས་བཏོན་པའི་ཐ་སྙད་གསར་པ་དང་བླང་བྱ་གསར་པ་ཞིག་ཡིན། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཁ་བྱང་འདིར་ཞིབ་འཇུག་བྱས་པ་ནི་དུས་ལ་འཁེལ་བ་དང་གལ་འགངས་ཆེ་བ་ཞིག་ཡིན།
གཅིག །རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མི་འབོར་གྱི་གནས་བབ་གསར་པ་འཕྲད་ཡོད།
རང་རྒྱལ་དུན་ཡུན་རིང་པོར་འཛམ་གླིང་ཐོག་མི་འབོར་ཆེས་མང་བའི་རྒྱལ་ཁབ་ཡིན། མི་འབོར་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་དང་འབྲེལ་བའི་དོན་ཆེན་ཞིག་ཡིན། མིག་སྔར། ང་ཚོ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་སྟེང་སྐྱོད་བཞིན་ཡོད་ལ། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱང་དུས་སྐབས་གསར་པ་ཞིག་ལ་སླེབས་ཡོད། ཕྱོགས་བསྡུས་ཀྱིས་ཞིབ་འཇུག་དང་བརྡར་ཤ་བཅད་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་འབོར་གྱི་ལོ་ནའི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། རང་རྒྱལ་ཉིད་སྤྱིའི་ཆ་ནས་མི་འབོར་འཕར་གྲངས་འཕེལ་རྒྱས་ནས་ཉུང་འཕྲི་འཕེལ་རྒྱས་ཀྱི་དུས་རིམ་དུ་འགྱུར་བཞིན་ཡོད་ལ། མི་འབོར་འཕེལ་རྒྱས་དེ་བུ་ཉུང་ཅན་དང་། རྒན་འཁོགས་ཅན། ས་ཁོངས་མི་འབོར་གྱི་འཕར་ཆག་མཐའ་གཉིས་སུ་གྱེས་པ་སོགས་ཀྱི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བར་མི་འབོར་གྱི་ཁོར་ཡུག་དང་ཆ་རྐྱེན་གསར་པ་འཕྲད་ཡོད།
རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་གནས་བབ་གསར་པ་ལ་ངེས་པར་དུ་ངོས་འཛིན་ཆ་ཚང་དང་ལྟ་སྟངས་ཡང་དག་འཛིན་དགོས།
གཅིག་ནི་འཆར་ལྡན་བུ་བཙའི་སྲིད་ཇུས་ཀྱི་ཡང་དག་རང་བཞིན་དང་ཕན་ནུས་རང་བཞིན་ལ་གདེང་འཇོག་གང་ལེགས་བྱེད་དགོས། མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བ་ནི་རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་རེད། ང་ཚོས་འཆར་ལྡན་བུ་བཙའ་ཁྱབ་སྤེལ་བྱས་པ་དེ་ནི་དམིགས་བསལ་གྱི་ལོ་རྒྱུས་དུས་རིམ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འཁེལ་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། མི་འབོར་འཕར་ཐལ་ཤོར་བ་དང་དེ་ལས་བྱུང་བའི་གནོན་ཤུགས་ཚོད་འཛིན་ནུས་ལྡན་བྱས་པ་དང་། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྱ་གཞག་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མི་འབོར་འཕར་སྣོན་དང་མི་འབོར་གྱི་གྲུབ་ཚུལ་ལ་འགྱུར་ལྡོག་གསར་པ་བྱུང་བར་དམིགས་ནས། ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པར་ཞིབ་འཇུག་དང་བརྡར་ཤ་བཅད་དེ་བུ་བཙའི་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་དང་ཇེ་ལེགས་སུ་བཏང་བས་སྤྱི་ཡོངས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། དེ་ལ་ངེས་པར་དུ་གདེང་འཇོག་གང་ལེགས་བྱེད་དགོས།
གཉིས་ནི་མི་འབོར་ཆག་པ་ལས་ཐོན་པའི་ཤུགས་རྐྱེན་ལ་རྩོད་སྒྲུབ་ཀྱི་ལྟ་བ་འཛིན་དགོས། རང་རྒྱལ་གྱིས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཚོད་སྤྱད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ལོ་ངོ་བརྒྱ་ལྷག་རིང་གི་བཟོ་ལས་ཅན་གྱི་ལམ་བུ་བསྐྱོད་ཟིན་པས། མི་འབོར་གྱི་འགྱུར་བ་འགྲོ་ཚད་མགྱོགས་པ་དང་། མི་འབོར་ཉུང་དུ་ཕྱིན་པ་ཧ་ཅང་སྔ་མོད། འོན་ཀྱང་སྤྱིའི་ཆ་ནས་བཤད་ན་དེ་ནི་འཛམ་གླིང་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་སྤྱིར་བཏང་གི་ཆོས་ཉིད་དང་མཐུན་པ་ཡིན། མི་འབོར་ཉུང་དུ་ཕྱིན་པ་དེས་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཁ་ཤས་ཐེབས་སྲིད་པ་རེད། དཔེར་ན། ངལ་རྩོལ་ནུས་ཤུགས་ཉུང་དུ་འགྲོ་བ་དང་འཛད་སྤྱོད་དང་དངུལ་འཇོག་གི་སྒུལ་ནུས་ཉམས་ཞན་དུ་འགྲོ་བ་ལྟ་བུ། དུས་མཚུངས་སུ། མི་འབོར་ཉུང་དུ་ཕྱིན་པར་དྲང་ཕྱོགས་ཀྱི་ཕན་འབྲས་ཁ་ཤས་ཀྱང་ཡོད་དེ། དཔེར་ན། ཐོན་ཁུངས་དང་ཁོར་ཡུག་གི་གནོན་ཤུགས་ཇེ་ཆུང་དུ་འགྲོ་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་ལྡོག་སྐུལ་བྱས་ཏེ་ཕྱི་སྐྱེད་རྣམ་པའི་རྒྱ་སྐྱེད་ནས་རང་མཚན་ཅན་གྱི་འཕེལ་རྒྱས་ལ་བསྒྱུར་བ་ལྟ་བུ། སྤྱི་ཡོངས་ནས་བལྟས་ན། མི་འབོར་ཉུང་དུ་ཕྱིན་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་སྐྱོན་གཉིས་ཀ་ལྡན་པས། ཕྱོགས་གཅིག་ཁོ་ནར་ལྟ་རྒྱུ་མེད། གནད་དོན་ཁ་ཤས་དུས་ཡུན་རིང་པོར་ལྟ་དགོས་པ་ལས་འཕྲལ་མར་སྡོམ་ཚིག་འཇོག་རྒྱུ་མེད། “མི་འབོར་ཐག་གཅོད་སྨྲ་བར་”ངོ་རྒོལ་བྱེད་དགོས་ལ། “མི་འབོར་འབྲེལ་མེད་སྨྲ་བར་”ཡང་ངོ་རྒོལ་བྱས་ཏེ། ཕན་གཉེར་གནོད་གཡོལ་བྱས་ཏེ་ལས་ཀ་ཡག་པོ་སྒྲུབ་དགོས།
གསུམ་ནི་མི་འབོར་གྱི་ཁེ་འབབ་གནད་དོན་ལ་ངོས་འཛིན་ཡང་དག་བྱེད་དགོས། མཐོང་དགོས་པ་ཞིག་ལ། མི་འབོར་གྱི་ཁེ་འབབ་ནི་མི་འབོར་གྱི་གྲངས་འབོར་དང་གྲུབ་ཚུལ་ལ་འབྲེལ་བ་ཡོད་པར་མ་ཟད། མི་འབོར་གྱི་བྱང་ཚད་དང་། དཔལ་འབྱོར་གྱི་སྲིད་ཇུས་དང་དེ་བཞིན་ཆ་སྒྲིག་གི་ཐབས་བཀོད་བཅས་ལ་དེ་བས་ཀྱང་འབྲེལ་བ་ཡོད། རང་རྒྱལ་གྱི་ད་ཡོད་མི་འབོར་དང་ངལ་རྩོལ་ནུས་ཤུགས་ཀྱི་གཞི་ཁྱོན་ཧ་ཅང་ཆེན་པོ་ཡིན་པ་དང་། མིག་སྔར་མི་འབོར་ཉུང་དུ་ཕྱིན་པའི་གྲངས་ཀ་ལ་ཚད་ཡོད་པ་དང་། དམངས་ཡོངས་ཀྱི་སློབ་གསོ་མྱོང་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བཞིན་པ་དང་། མི་འབོར་གྱི་ཕྱོགས་བསྡུས་ཁེ་འབབ་ལ་སྔར་བཞིན་མངོན་གསལ་གྱི་དགེ་མཚན་ལྡན། དུས་མཚུངས་སུ་རང་རྒྱལ་གྱི་མི་འབོར་དེ་བུ་ཉུང་ཅན་དང་རྒན་འཁོགས་ཅན་དུ་འགྱུར་བ་དེ་དེང་རབས་ཅན་ལེགས་འགྲུབ་མ་འབྱུང་བའི་སྔོན་དུ་བྱུང་བས། དེས་དཀའ་ངལ་དང་འགྲན་སློང་གསར་པ་ཁ་ཤས་བཟོ་སྲིད་པས་ཧུར་ཐག་གིས་ཁ་གཏད་འཇལ་དགོས།
གཉིས། དུས་རབས་གསར་པའི་མི་འབོར་ལས་དོན་གྱི་གཞི་རྩའི་བསམ་གཞིག་དང་གལ་ཆེའི་རྩ་དོན།
དུས་རབས་གསར་པར་མི་འབོར་ལས་དོན་ཡག་པོ་སྒྲུབ་དགོས་ན། ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་པ། དུས་རབས་གསར་པའི་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མི་འབོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ངོས་འཛིན་དང་འཚམ་མཐུན་དང་སྣེ་ཁྲིད་བཅས་བྱེད་པ། མི་འབོར་གྱི་སྤྱིའི་བྱང་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་པ། འོས་འཚམ་གྱི་བུ་བཙའི་ཆུ་ཚད་དང་མི་འབོར་གྱི་གཞི་ཁྱོན་མཐའ་འཁྱོངས་ཧུར་ཐག་བྱེད་པ། བྱང་ཚད་ལེགས་པ་དང་། སྤྱི་འབོར་འདང་བ། གྲུབ་ཚུལ་ལེགས་སྒྱུར། ཁྱབ་ཚུལ་ལུགས་མཐུན་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་སུ་སྐྲུན་པ་བཅས་བྱས་ཏེ། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འདེགས་སྐྱོར་བྱེད་དགོས། དེ་ཡང་གཤམ་གསལ་གྱི་རྩ་དོན་འགའ་ཞིག་ཁོང་དུ་ཡག་པོ་ཆུད་དགོས།
གཅིག་ནི་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རང་རྒྱལ་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ངེས་པར་དུ་མི་འབོར་ལས་དོན་དེ་གྲངས་འབོར་སྙོམས་སྒྲིག་གཙོ་བོར་བྱེད་པ་ནས་བྱང་ཚད་མཐོར་འདེགས་དང་། སྤྱི་འབོར་བརྟན་གཏོང་། གྲུབ་ཚུལ་ལེགས་སྒྱུར། ཐོགས་མེད་འཁོར་རྒྱུག་བཅས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་བྱང་ཚད་མཐོ་བའི་མི་ཤུགས་ཐོན་ཁུངས་གཏོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།
གཉིས་ནི་མ་ལག་ལྡན་པའི་འདུ་ཤེས་ལ་བརྟེན་ནས་མི་འབོར་གྱི་གནད་དོན་གཅིག་འདོམས་ཀྱིས་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། “མི་འབོར་ཆེན་པོའི་ལྟ་བ་”སྐྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་ལ་དམིགས་ཏེ་མི་འབོར་འགྱུར་ལྡོག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་རྙོག་འཛིང་ཆེ་བའི་ཤུགས་རྐྱེན་ལ་ཞིབ་འཇུག་དང་བརྡར་ཤ་བཅད་དེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་གཏན་འབེབས་བྱེད་སྐབས་མི་འབོར་འགྱུར་ལྡོག་འགྲོ་བའི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ནས་མི་འབོར་དང་ནོར་སྲིད། དངུལ་ལོར། ལས་ཞུགས། ཐོན་ལས། དངུལ་འཇོག །འཛད་སྤྱོད། སྐྱེ་ཁམས། ས་ཁོངས་སོགས་ཀྱི་སྲིད་ཇུས་ལ་མ་ལག་འདུས་གྲུབ་ཀྱི་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། མི་འབོར་བདེ་འཇགས་ནི་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་མཐའི་བླང་བྱ་ཞིག་ཡིན་པ་དང་རྒྱལ་ཁབ་ཆེན་པོའི་དར་རྒུད་ལ་རྟག་པར་མི་འབོར་གནས་ཚུལ་གྱི་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད་པས་མི་འབོར་བདེ་འཇགས་དེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ནང་བཅུག་ནས་འཆར་འགོད་བྱེད་དགོས།
གསུམ་ནི་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྔོན་ཆད་མི་འབོར་ལས་དོན་དེ་“དོ་དམ་”གཙོ་བོར་འཛིན་ཞིང་། ཕྱིན་ཆད་ལས་ཞུགས་ལས་ཀའི་ཁྱབ་རྒྱ་དེ་བས་ཆེ་བ་དང་ཞིབ་ཆ་དེ་བས་ཆེ་བས་“ཁྲིད་སྟོན་”དང་“སྐུལ་ལྕག་”བྱེད་ཐབས་ལ་སྔར་བས་མཐོང་ཆེན་བྱས་ཏེ་གཙོ་བོ་སྲིད་གཞུང་གི་སྟོབས་ཤུགས་ལ་བརྟེན་པ་ནས་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པའི་ཕྱོགས་སུ་བསྒྱུར་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱས་ནས་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་པའི་བསམ་བློའི་འདུ་ཤེས་དང་། སྲིད་ཇུས་དང་ཁྲིམས་སྲོལ། སྒྲིག་སྲོལ་དང་ལམ་སྲོལ་བཅས་མགྱོགས་མྱུར་ངང་ཆགས་པར་བྱེད་པ་དང་། ཚན་རིག་དང་མཐུན་པའི་མི་འབོར་དང་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྤྱི་པའི་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་མང་ཚོགས་ལ་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་པའི་ནང་ཐོབ་སྣང་དེ་ལས་མང་བ་ཐོབ་པར་བྱེད་དགོས། དུས་མཚུངས་སུ་“འཕྲལ་སྒྲུབ་”དང་། བྲེལ་འཚུབ་ངང་རྩོད་གླེང་འབྱུང་སླ་བའི་བྱེད་ཐབས་འདོན་རྒྱུ་ལས་གཡོལ་དགོས།
བཞི་ནི་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དུས་རབས་གསར་པའི་མི་འབོར་ལས་དོན་ཡག་པོ་སྒྲུབ་དགོས་ན། མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་ལྟོས་ལ་བསྟུན་པ་དང་། མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་བྱེད་པ། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། “དངོས་པོར་མ་དངུལ་གཏོང་རྒྱུ་”དེ་“མི་ལ་མ་དངུལ་གཏོང་རྒྱུ་”དང་ཟུང་འབྲེལ་དམ་ཟབ་བྱེད་པ། གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་བྱེད་པ། མི་ཚོགས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་མི་འབོར་ཞབས་ཞུའི་མ་ལག་འཛུགས་པ་དང་ཆ་ཚང་དུ་གཏོང་བ། གཉེན་སྒྲིག་དང་བུ་བཙའ། གསོ་སྐྱོང་། སློབ་གསོ། ལས་ཞུགས། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་གཞི་གཅིག་ཏུ་བསམ་གཞིག་བྱས་ཏེ་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།
གསུམ། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཙོ་གནད་ལས་འགན་འདེགས་སྐྱོར་བྱེད་དགོས།
དང་པོ། སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་གི་སྒྱུར་བཅོས་དང་གསར་གཏོད་ཟབ་སྤེལ་བྱས་ཏེ་མི་འབོར་གྱི་ཕྱོགས་བསྡུས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། མི་འབོར་གྱི་ཚན་རིག་གི་རིག་གནས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དེ་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ལས་གྲྭ་ཞིག་ཏུ་བརྩིས་ཏེ། འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁ་ཕྱོགས་དང་འཚམ་པར་བྱེད་པ་དང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་གཞི་གཅིག་ཏུ་ཇུས་འགོད་བྱས་ནས་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་དགོས། སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ངལ་རྩོལ་ནུས་ཤུགས་ལ་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ཇེ་མང་གཏོང་དགོས། མཐོ་རིམ་སློབ་གསོའི་རིམ་གྲས་དང་རིགས་གྲས་དང་། རིག་ཚན་ཆེད་ལས་གྲུབ་ཚུལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གྲངས་ཀ་ཅན་གྱི་ནུས་པ་འདོན་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཡོངས་ཀྱིས་མི་ཚེ་ཧྲིལ་པོར་སློབ་སྦྱོང་བྱེད་པའི་སྐུལ་སྤེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་མི་འབོར་གྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བ་དང་། གསར་སྐྱེས་མི་འབོར་གྱི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་ནས་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། གཅོང་ནད་ཚབས་ཆེན་ཐད་ཀྱི་བདེ་ཐང་དོ་དམ་ལ་ཤུགས་རྒྱག་པ་དང་། བདེ་ཐང་གི་སྔོན་དཔག་ཚེ་ཐག་ཇེ་རིང་དུ་གཏོང་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་དང་སེམས་ཁམས་བདེ་ཐང་ཡོང་བར་ཤུགས་རྒྱག་དགོས། མི་འབོར་གྱི་བསམ་བློ་ཀུན་སྤྱོད་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་མི་གསོ་སྐྱོང་དང་། ཡིད་རྟོན་འཛུགས་སྐྲུན་ལ་ཤུགས་སྣོན། ངལ་རྩོལ་གྱི་སྙིང་སྟོབས་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ། དམངས་ཡོངས་ཀྱི་ཀུན་སྤྱོད་ཆུ་ཚད་དང་ཤེས་དཔལ་བྱང་ཚད་གོང་མཐོར་གཏོང་བ་བཅས་བྱེད་དགོས།
གཉིས་པ། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀུན་ཕན་གྱི་བུ་བཅོལ་ཞབས་ཞུའི་མ་ལག་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། བུ་བཅོལ་རྒྱབ་སྐྱོར་སྲིད་ཇུས་དང་ཚད་གཞི་ཚད་ལྡན་མ་ལག་ཆ་ཚང་དུ་གཏོང་བ་དང་། ལོ་0-6བར་གྱི་བུ་གསོའི་ཞབས་ཞུའི་ཐོན་ཁུངས་གཅིག་འདོམས་ཀྱིས་བགོ་སྒྲིག་བྱེད་པ། ཐབས་ལམ་མང་པོར་བརྟེན་ནས་ནོར་ཤུགས་ཀྱི་རྒྱབ་སྐྱོར་མང་དུ་གཏོང་བ། རྒྱལ་ཁབ་ནོར་ཤུགས་ཀྱིས་འབྲེལ་ཡོད་སྤྱི་པའི་ཞབས་ཞུར་རྒྱབ་སྐྱོར་མང་ཙམ་བཅས་བྱེད་དགོས། ཁྱིམ་ཚང་གི་བུ་བཙའ་གསོ་སྐྱོང་དང་སློབ་གསོའི་ཁུར་པོ་མངོན་གསལ་དོད་པོས་ཇེ་ཡང་དུ་གཏོང་དགོས། བུ་བཙའི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཁྱབ་རྒྱ་ཆེ་རུ་གཏོང་དགོས། བུ་བཙའི་གུང་གསེང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྲིད་གཞུང་དང་། མི་སྤྱོད་ལས་ཁུངས། ཁྱིམ་ཚང་བཅས་བར་ལུགས་མཐུན་གྱི་མ་གནས་མཉམ་འཁུར་ལམ་སྲོལ་འཛུགས་དགོས། སྡོད་ཁང་དང་སློབ་གསོ། ལས་ཞུགས་ལ་སོགས་པའི་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། བུ་བཙའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་ལ་མཐོང་ཆེན་དང་། གཉེན་སྒྲིག་བུ་བཙའི་རིག་གནས་གསར་པ་འཛུགས་སྐྲུན། གཉེན་སྒྲིག་གི་གོམས་སྲོལ་སྒྱུར་བཅོས་ལ་སྐུལ་འདེད། གོང་ཆེའི་གཉེན་རྟེན་སོགས་གོམས་སྲོལ་ངན་པ་མེད་པར་བཟོ་བ་བཅས་བྱེད་དགོས།
གསུམ་པ། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་འདོན་སྤྲོད་ཡོག་པོ་བྱེད་པར་ཤུགས་རྒྱག་དགོས། བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱངས་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་དགོས། ངལ་རྩོལ་ནང་ཞུགས་ཚད་བརྟན་དུ་གཏོང་བ་དང་། མི་ཤུགས་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ན་གཞོན་གྱིས་ལས་གཏོད་དང་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་དགོས། སྐབས་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་རྩོལ་འགན་སྲུང་གི་ཁེ་དབང་སྲུང་སྐྱོང་བྱེད་པར་ཤུགས་རྒྱག་དགོས། བུད་མེད་ཀྱི་བུ་བཙའི་ཁེ་དབང་འགན་སྲུང་བྱས་ནས་བུད་མེད་ཀྱི་ངལ་རྩོལ་ལས་ཞུགས་མང་དུ་གཏོང་དགོས། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རྒྱུན་སྡོད་མི་འབོར་དང་ཐེམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་དགོས།
བཞི་པ། མི་འབོར་རྒན་འཁོགས་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་རྒས་ན་གསོ་རྟེན་ཡོད་པ་དང་། རྒས་ན་རྟེན་ས་ཡོད་པ། རྒས་ན་སྤྲོ་བ་ཡོད་པ་བཅས་མངོན་འགྱུར་གང་ཐུབ་བྱེད་དགོས། གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་རྩའི་རྒན་གསོའི་ཞབས་ཞུའི་རྩིས་ཐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྱིམ་སྡོད་སྡེ་ཁུལ་གྱི་ལས་ཁུངས་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་ལུས་གསོ་ཟུང་དུ་འབྲེལ་བའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་དགོས། དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྒན་གསོའི་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ཁྱུ་ཚོགས་ཅན། ཟོང་རྟགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། སྤུས་ལེགས་དང་། ཞིབ་ཚགས། རྩེ་གྲ་བཅས་ཀྱི་ཐོན་རྫས་དང་སྤུས་ལེགས་ཀྱི་ཞབས་ཞུའི་རྣམ་པ་སྐྱེད་སྲིང་བྱེད་དགོས། སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཀྱི་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་དགོས། རིམ་པ་མང་བ་དང་ཀ་རྟེན་མང་བའི་རྒན་གསོའི་འགན་བཅོལ་མ་ལག་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། རྒན་གསོའི་འགན་བཅོལ་ཀ་རྟེན་གཉིས་པ་དང་གསུམ་པར་ཤུགས་རྒྱག་པ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས།
ལྔ་པ། མི་འབོར་དང་། དཔལ་འབྱོར་དང་སྤྱི་ཚོགས། ཐོན་ཁུངས་ཁོར་ཡུག་བཅས་བར་གྱི་འབྲེལ་བ་སྔར་བས་གཅིག་འདོམས་བྱས་ཏེ་མི་འབོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་གསར་པ་དང་བསྟུན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། འཛད་སྤྱོད་ཀྱི་གྲུབ་ཚུལ་རིམ་སྤར་ལ་བརྟེན་ནས་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤར་ལ་སྣེ་ཁྲིད་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཁྱབ་ཚུལ་ཐད་མི་འབོར་རྩེར་སོན་དང་ཁྱབ་ཚུལ་གྱི་འགྱུར་བ་ལས་བྱུང་བའི་ཤུགས་རྐྱེན་ལ་བསམ་གཞིག་བྱེད་དགོས། ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་མ་ལག་ལེགས་སྒྱུར་བྱེད་དགོས། མི་སྣའི་སྒྲིག་གཞི་དང་། ས་ཞིང་མཁོ་སྤྲོད། ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད། སྤྱི་པའི་ཞབས་ཞུ་སོགས་མི་འབོར་སྣོན་འཕྲི་དང་ཟུང་སྦྲེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་འབོར་དང་ངལ་རྩོལ་ནུས་ཤུགས་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། མི་འབོར་ཉུང་འཕྲི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོར་ཤུགས་རྒྱག་པ་དང་། མལ་གསོ་དང་་སྐྱེ་འཕེལ་ལ་སྐུལ་འདེད་གཏོང་དགོས། མི་འབོར་གྱི་གྲུབ་ཚུལ་དང་ཁྱབ་ཚུལ་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
དུས་རབས་གསར་པའི་མི་འབོར་ལས་དོན་ཡག་པོ་སྒྲུབ་དགོས་ན། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ས་གནས་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་དང་སྤྱི་འགན་འཁུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་འབོར་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དེ་འབྲེལ་ཡོད་དཔྱད་ཞིབ་བྱེད་ཁོངས་སུ་འཇུག་དགོས། མི་འབོར་བསྡོམས་རྩིས་དང་འགུལ་རྣམ་གྱི་ལྟ་ཞིབ་ཚད་ལེན་ཉེན་བརྡ་གཏོང་བར་ཤུགས་རྒྱག་པ་དང་། མི་འབོར་དང་བུ་བཙའི་འགན་སྲུང་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་འབོར་གྱི་གཞུང་ལུགས་མ་ལག་འཛུགས་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལེགས་པོ་བྱས་ཏེ་ཁོར་ཡུག་ཡག་པོ་སྐྲུན་དགོས། གཡང་འབུམ་རྒྱལ་གྱིས་བསྒྱུར།
འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2023ལོའི་ཟླ་5ཚེས་5ཉིན་སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་ཡིན།
ད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྱ་གཞག་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མི་འབོར་འཕར་སྣོན་དང་མི་འབོར་གྱི་གྲུབ་ཚུལ་ལ་འགྱུར་ལྡོག་གསར་པ་བྱུང་བར་དམིགས་ནས། ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པར་ཞིབ་འཇུག་དང་བརྡར་ཤ་བཅད་དེ་བུ་བཙའི་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་དང་ཇེ་ལེགས་སུ་བཏང་བས་སྤྱི་ཡོངས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། དེ་ལ་ངེས་པར་དུ་གདེང་འཇོག་གང་ལེགས་བྱེད་དགོས།