མཐོ་སྒང་གི་རྟ་མཆོག་ནི་རྩྭ་ཆུ་བསྙེགས་ནས་ཕྱུག་ཟོག་འཚོ་མཁན་གྱི་མི་རིགས་ཤིག་ལ་མཚོན་ན་གྲོགས་སུ་ངོ་སོར་འཁྱེར་ཆོག་ཆོག་ཅིག་རེད་སྙམ། འབྲོག་པ་ཞིག་ལ་མཚོན་ན་མི་ཚེ་གང་པོར་ཧ་ལམ་རྟ་རྒྱབ་ཏུ་སྐྱེལ་སྲིད། ཁོང་ཚོའི་ལོ་རྒྱུས་རྒྱབ་ལ་འཁུར་མཁན་དང་དཀའ་སྡུག་བརྗོད་ས་ཡང་ཡིན། སྟག་ཤར་ཚོས་ངག་རྒྱུན་དུ། རྟ་འབྲུག་འདྲ་འདྲ་ཞིག་བཞོན་ནས་སྐྱི་བསེར་རླུང་ལ་འགྲན་ཞེས་བཤད་སྲིད། མཐོ་སྒང་གི་རྟ་མཆོག་མཚོ་འཕགས་མཐོ་བ་དང་གྲང་ངར་ཆེ་བའི་ཁོར་ཡུག་ལ་བསྟུན་ཐུབ་པ་དང། འབྲོག་པའི་རུ་སྤོ་བ་དང་འཚོ་བ་ལ་བྲལ་ཐབས་མེད་པ་ཞིག་ཡིན། བང་རྒྱུག །གོམ་འགྲན། རྟ་གོང་ནས་ཁ་བཏགས་ལེན་པ་སོགས་རྩྭ་ཐང་གི་རོལ་རྩེད་དང་མགྲོན་པོའི་ལྟད་མོར་གྱུར་འདུག །རི་རྒྱལ་ལྷུན་པོའི་འགྱིང་སྟབས་དང་གཙང་ཆབ་སྔོན་མོའི་བཞུར་རྒྱུན། དེ་མིན་སྣོད་བཅུད་ཀྱི་ཕྱྭ་གཡང་བཅས་འཛོམ་གསུམ་འཛོམས་ས་གྱི་ལང་རྟ་མཆོག་ལས་མ་འདས་སོ། །
མཐོ་སྒང་གི་རྟ་མཆོག
རྩོམ་པ་པོ། ངེད་གསར་འགོད་པ་འཇིགས་མེད་ཀྱིས་བྲིས། པད་མ་རྡོ་རྗེས་པར་བླངས།སྤེལ་དུས། 2025-05-15བཀླགས་གྲངས། 100གངས་ལྗོངས་ཉི་གཞོན།
རྩོམ་པ་པོ། ངེད་གསར་འགོད་པ་འཇིགས་མེད་ཀྱིས་བྲིས། པད་མ་རྡོ་རྗེས་པར་བླངས།