ལེའུ་ལྔ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་གཏིང་ཟབ་ཏུ་གཏོང་དགོས།།
དོན་ཚན་ང་གསུམ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ནི་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་གྱི་གཞི་རྟེན་དང་འཛིན་བྱེད་གལ་ཆེན་ཞིག་ཡིན། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་ལས་དོན་སྒྲིག་སྲོལ་དང་ལམ་སྲོལ་སྒྲིག་འཛུགས་འཐུས་ཚང་དུ་གཏོང་བ་དང་།
ལས་དོན་སྡེ་ཁག་དང་འགན་འཁྲི་ཁ་གསལ་བཟོ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ(གྲོང་ཚོ)ཤང་གྲོང་(ཁྲོམ་གཞུང་) སློབ་གྲྭ། སྨན་ཁང་། དམག་དཔུང་(ཉེན་རྟོག)དམག་སྒར་བཅས་སུ་སྐྱོད་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་སྐྱོད་པ། ལས་གནས་སུ་སྐྱོད་པ། ཁྱིམ་ཚང་དུ་སྐྱོད་པ། ཞབས་ཞུའི་ལས་རིགས་སུ་སྐྱོད་པ་སོགས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།
དོན་ཚན་ང་བཞི་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་ལམ་ལུགས་དང་བྱེད་ཐབས་ཁག་གཏན་འབེབས་བྱེད་འགན་འཁུར་རྒྱུ་དང་། ལས་དོན་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་པའི་དམིགས་ཚད་མ་ལག་འཐུས་ཚང་དུ་གཏང་རྒྱུ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཚན་ལ་དཔྱད་ཞིབ་རྩིས་ལེན་དང་ཕན་ཚུན་ལྟ་ཞིབ་དང་ཞིབ་བཤེར་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུ།
དོན་ཚན་ང་ལྔ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་དང་ཞིང་ཆེན་དེ་གའི་འབྲེལ་ཡོད་གཏན་འབེབས་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་འཛུགས་ལས་དོན་སྤེལ་དགོས།
ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་དེང་རབས་ཅན་མངོན་འགྱུར་བྱེད་པའི་གོམ་སྟབས་གཅིག་མཚུངས་དང་། སྤྱི་པའི་ཞབས་ཞུའི་སྤུས་ཚད་གཅིག་མཚུངས། ཁྲིམས་སྐྱོང་འགན་སྲུང་གི་དབང་ཆ་གཅིག་མཚུངས། བསམ་པའི་ཁྱིམ་གཞིས་མཉམ་སྐྲུན། སྤྱི་ཚོགས་འཆམ་མཐུན་མཉམ་སྐྲུན་བཅས་དམིགས་འབེན་དུ་བཟུང་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཚན་འཛུགས་སྐྲུན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཚན་ལ་འགུལ་རྣམ་དོ་དམ་བྱས་ནས་ཕྱིར་འཐེན་ལམ་སྲོལ་འཛུགས་དགོས།
དོན་ཚན་ང་དྲུག་པ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག(སྡེ་ཚན)ཁག་གིས་འགན་འཁྲི་བགོས་ཚུལ་ལྟར་གཞོགས་འདེགས་དམ་ཟབ་བྱས་ཏེ་འགན་ཁུར་མཉམ་ལེན་དང་དོན་དག་སྤྱི་སྒྲུབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་རྣམ་པ་ཆགས་པར་བྱ་དགོས།
ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་དང་དེ་བཞིན་རྩ་འཛུགས་གཞན་དག་གིས་སྡེ་ཚན་དེ་ག་དང་ལས་རིགས་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་འགན་འཁུར་རྒྱུ་དང་།
ལས་དོན་སྟེགས་བུ་གསར་འཛུགས་བྱས་ནས་ཁྱད་ཆོས་ལྡན་པའི་མང་ཚོགས་རང་བཞིན་གྱི་སྤེལ་རེས་བྱེད་སྒོ་སྤེལ་དགོས།
དོན་ཚན་ང་བདུན་པ། རིམ་པ་ཁག་དང་སྡེ་ཁག(སྡེ་ཚན)ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱུན་ལྡན་ཅན་དུ་འགྱུར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་རྒྱལ་དམངས་ཀྱི་སློབ་གསོ་དང་། ལས་བྱེད་པའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ཀྱི་ནང་དོན་དུ་བཅུག་སྟེ་སློབ་ཁང་དུ་སློབ་ཁྲིད་དང་། སྤྱི་ཚོགས་ཀྱི་ལག་ལེན། བརྗོད་བྱ་གཙོ་བོའི་སློབ་གསོ་བཅས་ཕྱོགས་མང་གཞི་གཅིག་ཏུ་འགྱུར་བའི་སློབ་གསོའི་ལས་སྟེགས་འཛུགས་དགོས།
རིམ་པ་ཁག་དང་སྡེ་ཚན་ཁག(ཚན་པ)གིས་ལག་རྩལ་གསར་པ་དང་འཕྲིན་སྦྱོར་གསར་པ་སྤྱད་དེ་དངོས་གཟུགས་ཅན་གྱི་དྲིལ་བསྒྲགས་གཞི་རྟེན་བཏོད་དེ"དྲ་སྦྲེལ+མི་རིགས་མཐུན་སྒྲིལ"གྱི་དྲིལ་བསྒྲགས་སློབ་གསོའི་དྲ་བའི་སྟེགས་བུ་བསྐྲུན་དགོས།
དོན་ཚན་ང་བརྒྱད་པ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་ཡུན་ཕན་ལམ་སྲོལ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།
གྲོང་ཚོ(གྲོང་ལྷན)ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)གཏོད་དགོས།
ཁེ་ལས་རིགས་ཁག །སྤྱི་ཚོགས་ཀྱི་རྩ་འཛུགས། རྩ་འཛུགས་གཞན་དག་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་ཁེ་ལས(སྡེ་ཚན)ཀྱི་རིག་གནས་འཛུགས་སྤེལ་ནང་འདྲེས་པར་བྱ་དགོས།
ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་གནས་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དད་ལྡན་མང་ཚོགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་སྲུང་སྐྱོང་བྱ་དགོས།
དོན་ཚན་ང་དགུ་པ། རིམ་པ་ཁག་དང་སྡེ་ཁག(སྡེ་ཚན)ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ནང་བཅུག་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་སྦྱོང་ཁྲིམས་སྤྱོད་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་དམངས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ་མི་རིགས་ཁག་གི་སྤྱི་དམངས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ནན་དུ་གཏོང་དགོས།
དོན་ཚན་དྲུག་ཅུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་དང་མིང་འདོགས་པ་དང་། སློབ་གསོའི་རྟེན་གཞིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བར་རྒྱབ་སྐྱོར་བྱ་དགོས།
དོན་ཚན་རེ་གཅིག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ཁྲོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁྱིམ་ཚང་དཔྱད་འདེམས་ལས་དོན་སྤེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་སྤྱོད་བཟང་དར་སྤེལ་དང་། འཆམ་མཐུན་ཁྱིམ་ཚང་གསར་འཛུགས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཅས་བྱ་དགོས།
དོན་ཚན་རེ་གཉིས་པ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་དམག་བཀུར་དམངས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས་བཅའ་སྡོད་བྱེད་སའི་མི་དམངས་བཅིངས་འགྲོལ་དམག་དང་ཉེན་རྟོག་དྲག་དཔུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་བྱེད་པར་རྒྱབ་སྐྱོར་བྱ་དགོས།
དོན་ཚན་རེ་གསུམ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་དང་ཞིང་ཆེན་དེ་གའི་འབྲེལ་ཡོད་གཏན་འབེབས་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།(མུ་འགོད།)