མི་ཉག་འབོ་གངས་དཀར་ནི་བོད་ཀྱི་གངས་ཆེན་བཞིའི་ཡ་གྱལ་ཡིན་ཏེ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཆགས་ཡོད་པར་མ་ཟད། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གལ་ཆེན་ཞིག་ཀྱང་ཡིན། འབོ་གངས་དཀར་གྱི་རི་རྒྱུད་སོགས་ནས་བབས་པའི་ཆུ་བོ་ལ་གངས་ཆུ་ཞེས་འབོད་པ་དང་དར་རྩེ་མདོའི་གྲོང་དཀྱིལ་ནས་འབྲུག་ལྟར་འཁྱིལ་ཡོད། འབོ་གངས་དཀར་ལྟེ་བ་བྱས་པའི་གངས་དཀར་རི་བོའི་མཛེས་ལྗོངས་ཁུལ་ནི་མིག་སྔར་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་དང་ཁོར་ཡུག་ཤོང་ཚད་ཆེ་ཤོས་ཀྱི་མཛེས་ལྗོངས་ཁུལ་ཡིན། མཛེས་ལྗོངས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་10000ལྷག་ཙམ་ཡོད་པ་དེའི་ནང་ལྷ་སྒང་དང་། མི་རྒོད་མཚོ། དུང་དཀར་ལུང་པ་སོགས་ཀྱི་ལྗོངས་རྒྱུ་ཁུལ་འདུ། ས་ཁམས་སྣ་མང་གི་རང་བྱུང་ཆ་རྐྱེན་གྱིས་རི་དྭགས་དང་རྩི་ཤིང་གྱ་ནོམ་པ་ཡོད་དོ། །