ལོ་ངོ་70ཡི་ཡར་སྔོན་དུ། སྤྱི་ལེ་4360ལྷག་ཡོད་པའི་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བརྒྱུད་ནས་མཉམ་དུ་རླངས་འཁོར་ཤར་གཏོང་བྱས། བོད་རྒྱའི་ལམ་བཟོ་བ་ཁྲི་11གིས་མཚོ་འཕགས་སྨི་4000ཡོད་པའི་འཛམ་གླིང་གི་སྒང་ནས། རྒྱལ་མོ་རྔུལ་ཆུ་དང་རྫ་ཆུ་སོགས་ཀྱི་རང་བྱུང་གི་ཉེན་ཁ་ལས་བརྒལ་བ་དང་། འཕྲེད་བཅད་རི་རྒྱུད་དུ་འཛེགས་པ། འབྲི་ཆུ་སྔོན་མོ་བརྒལ་ཞིང་། ཁུ་ནུ་རི་བོ་བརྒལ་ནས་འཛམ་གླིང་གི་གཞུང་ལམ་བཟོ་སྐྲུན་ལོ་རྒྱུས་ཐོག་སྔ་ན་མེད་པའི་ངོ་མཚར་བསྐྲུན་ཡོད།
གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་བ་ལ་མི་འཇིགས་པ། སྙིང་རུས་ཆེན་པོས་འབད་འཐབ་དང་ལམ་གྱི་རྨང་རྡོ་བྱེད་པའི་འདུན་པ། དམག་དམངས་ཁྱིམ་ཚང་གཅིག་དང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་“ལམ་གཉིས་”སྙིང་སྟོབས་ཆགས།
ཀྲང་ཧྥུའུ་ལིན། ཁྲོ་ལའི་ཐོག་ནས་ཁྲག་དྲོན་གཏོར་བའི་ལམ་སྐྲུན་དཔའ་བོ།
ཀྲང་ཧྥུའུ་ལིན་ནི་དེ་སྔའི་ཅུན་བཅོ་བརྒྱད་པའི་ཁྲི་ཤོག་ང་གསུམ་པའི་མདའ་ཤོག་159པའི་བརྒྱ་ཤོག་གསུམ་པའི་མེ་སྒྱོགས་བཅུ་ཤོག་དྲུག་ཅུ་པའི་བཅུ་དཔོན་ཡིན་ཞིང་། ཐེ་ཡོན་དང་ཆིན་ལིན། ཁྲེང་ཏུའུ་སོགས་ཀྱི་གཡུལ་འགྱེད་ཆེ་ཆུང་ཐེངས་20ལྷག་ལ་ཞུགས་པ་དང་། བྱས་རྗེས་རིམ་པ་དང་པོ་ཐེངས་གཉིས་དང་། བྱས་རྗེས་རིམ་པ་གཉིས་པ་ཐེངས་གཉིས། བྱས་རྗེས་རིམ་པ་གསུམ་པ་ཐེངས་གསུམ་བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། 1951ལོའི་ཟླ་12པའི་ཚེས་10ཉིན། ཁོང་གིས་ཁམས་བོད་གཞུང་ལམ(རྗེས་སུ་ཁྲོན་བོད་གཞུང་ལམ་ཟེར)གྱི་ཁྲོ་ལའི་ལམ་དུམ་མྱུར་གསོ་བྱེད་སྐབས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བས།“དཔེ་བཟང་གུང་ཁྲན་ཏང་ཡོན”དང་“ལམ་སྐྲུན་དཔའ་བོ”།“བོད་ལ་སེམས་འགུལ་ཐེབས་པའི་མི་སྣ་60”སོགས་ཀྱི་མཚན་སྙན་བསྩལ་བ་རེད། ཁོང་གི་བྱས་རྗེས་དེ་ལམ་བཟོ་པའི་དམག་དཔུང་ཁྲི་བཅུ་གཅིག་དང་མཉམ་དུ་ཁྲོན་བོད་ལམ་ཐིག་ཐོག་གི་ཡུན་རིང་ཡལ་དུ་མེད་པའི་རྡོ་རིང་ཞིག་ཏུ་གྱུར་ཡོད།
གསར་བརྗེའི་རྟེན་གཞི། སི་ཁྲོན་བོད་བྱང་རྒྱུད་ཀྱི་བསམ་པའི་ས་ཚིགས་དང་པོ།
2017ལོར། ལོ་ལྔ་འགག་སྒྲོལ་བྱས་པར་བརྒྱུད། ཀྲང་ཧྥུའུ་ལིན་གྱིས་རང་སྲོག་བློས་གཏོང་སའི་རི་འདབས་སུ་འཛམ་གླིང་གི་མཚོ་འཕགས་སྨི་4300ཡན་གྱི་ཆེས་རིང་བའི་ཕུག་ལམ་ཐོག་མ་སྟེ། ཁྲོ་ལའི་ཕུག་ལམ་(རིང་ཚད་སྨི་7079དང་། ཕུག་སྒོ་མཚོ་འཕགས་ལ་སྨི་4370ཡིན)ཤར་གཏོང་བྱས་པས། རླངས་འཁོར་སྐར་མ་བཅུ་ལྷག་རིང་དེ་སྔར་ནམ་མཁའི་བྱ་ཡང་སྙིང་འདར་བྱུང་སའི་རང་བྱུང་ཉེན་ཁ་བརྒལ་ཐུབ་ཡོད། ལོ་རྒྱུས་ཡིད་ལ་འཛིན་པ་དང་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད། སྡེ་དགེ་རྫོང་གིས་ཁྲོ་ལའི་ཕུག་ལམ་གྱི་བྱང་ཕྱོགས་སུ་ཁྲོན་བོད་གཞུང་ལམ་གྱི་དམག་དཔུང་བཅོ་བརྒྱད་པའི་སློབ་གསོའི་རྟེན་གཞི་བསྐྲུན་ནས། 2021ལོའི་ཟླ་8པར་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་རེད།
རྟེན་གཞི་འདི་ནི་དཔའ་བོའི་བང་སོའི་སྒོ་ཆེན་དང་། དཔའ་བོ་ཀྲང་ཧྥུའུ་ལིན་དྲན་གསོ་ཁང་། སྔོན་གཤེགས་དཔའ་བོའི་དུར་ས། དམག་དཔུང་བཅོ་བརྒྱད་པའི་ཁྲོན་བོད་གཞུང་ལམ་གྱི་ཁྲོ་ལའི་ལམ་བསྐྲུན་པའི་དྲན་གསོ་ཁང་། ལྗོངས་གཟིགས་ལམ་ཆེན། ཐང་ཆེན། མིས་བཟོས་མཚེའུ། བརྐོས་བརྙན་སོགས་ལས་གྲུབ་པ་དང་། གསར་བརྗེའི་ཡུལ་སྐོར་དང་། རྒྱལ་གཅེས་རིང་ལུགས་སློབ་གསོ། ཏང་ཡོན་ལས་བྱེད་པའི་སྲིད་གཙང་སློབ་གསོ། སློབ་གྲྭ་འབྲིང་ཆུང་སློབ་མའི་ཀུན་སྤྱོད་སློབ་གསོ། རི་འཛེགས་མྱུལ་ཞིབ། གཞུང་ལམ་རིག་གནས་འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་ཡོད། སྡེ་དགེ་རྫོང་གིས་ད་དུང་ཁྲོ་ལའི་ཐོག་ཁ་ཐོར་དུ་གནས་པའི་དཔའ་བོ་ཀྲང་ཧྥུའུ་ལིན་གྱི་བང་སོ་དང་། མིང་མེད་དཔའ་བོ་བུད་མེད་ཀྱི་བང་སོ། མཐའ་མཇུག་གི་བཅུ་ཤོག་ལྔ་པ་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། གསར་བརྗེའི་གཏམ་རྒྱུད་གསོན་ཤུགས་རྒྱས་པ་དང་ཀུན་ལ་ཤེས་སུ་བཅུག་ཡོད།
ཁྲོ་ལའི་སྒང་ལ་འཛེག་ན། ལྕག་ཚན་གྱིས་གནམ་ལ་རེག་ཐུབ་”ཟེར་བའི་རི་མཐོའི་ས་ལམ་ནས་སྣུམ་ལམ་དང་ཨར་འདམ་ལམ་བུ་བསྐྲུན་ཞིང་། ད་ལྟའི་ཕུག་ལམ་བསྐྲུན་པ་སོགས་ཁྲོན་བོད་བྱང་རྒྱུད་ཀྱི་འཕོ་འགྱུར་ཆེན་པོས་དམག་དཔུང་བཅོ་བརྒྱད་པའི་དམག་མིའི་དཔའ་ངར་བདེན་དཔང་བྱས་ཡོད་ལ། སྡེ་དགེ་མི་དམངས་ཀྱིས་“ལམ་གཉིས་”སྙིང་སྟོབས་ལ་བརྩེ་དུང་ཟབ་མོས་སྲུང་སྐྱོབ་བྱས་པ་ཡང་མཚོན་ཡོད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར་ལངས་ནས་སྡེ་དགེ་ཁྲོ་ལའི་ཁྲོན་བོད་གཞུང་ལམ་གྱི་དམག་དཔུང་བཅོ་བརྒྱད་པའི་སློབ་གསོའི་རྟེན་གཞིས་དེ་བས་སྒོ་འབྱེད་པའི་རྣམ་འགྱུར་ཐོག་ནས། ཕྱོགས་གང་ས་ནས་ཕེབས་པའི་སྐུ་མགྲོན་བསུ་བ་དང་། ནམ་ཡང་ཡལ་བ་མེད་པའི་གསར་བརྗེའི་དྲན་ཤེས་དེ་བརྗོད་པ་དང་། དུས་དང་བསྐལ་བའི་བར་དུ་སྙིང་སྟོབས་འདི་རྒྱུན་འཛིན་བྱེད་རྒྱུ་ཡིན་པ་རེད།
70年前,绵延4360公里的川藏、青藏公路穿越历史和未来,同时通车拉萨。11万藏汉筑路大军在平均海拔4000米的世界屋脊,跨怒江、澜沧江天险,攀横断山脉,渡通天激浪,越巍峨昆仑,创造了世界公路建筑史的不朽奇迹。凝成“一不怕苦、二不怕死,顽强拼搏、甘当路石,军民一家、民族团结”的“两路”精神。
张福林:血洒雀儿山的筑路英雄
张福林,原第十八军五十三师一五九团三连六〇炮班班长,曾参加太原、秦岭、成都等大小战役20余次,荣立一等功两次、二等功两次、三等功三次。1951年12月10日,他在抢修康藏公路(后称川藏公路)雀儿山段时壮烈牺牲,被追授“模范共产党员”“筑路英雄”“60位感动西藏人物”等称号。他的事迹,与11万筑路大军一起,铸成川藏线上不朽的精神丰碑。
红色基地:川藏北线第一“精神驿站”
2017年,历经五年攻坚,在张福林牺牲的山脚下世界首座海拔4300米以上超特长隧道——雀儿山隧道(长7079米,洞口海拔4370米)贯通,车辆十来分钟即可穿越昔日“山鹰飞不过”的天险。为铭记历史、传承精神,德格县在雀儿山隧道口北侧打造川藏公路十八军红色教育基地,2021年8月正式对外开放。
基地由烈士陵园大门、张福林烈士纪念馆、烈士陵墓、十八军川藏线雀儿山纪念馆及景观步道、广场、人工湖、雕塑等组成,集红色旅游、爱国主义教育、党员干部廉政教育、中小学生德育、登山探险、公路文化展示于一体,并将雀儿山上分散的张福林烈士陵园、无名女烈士墓、最后的五道班等资源整合,串点成线,让红色故事“活”起来、“热”起来。
从“爬上雀儿山,鞭子打着天”的险峻土路,到油路、水泥路,再到今日隧道飞虹,川藏北线的蝶变,见证了十八军将士的英勇,也见证了德格人民对“两路”精神的深情守护。站在新的历史起点,德格雀儿山川藏公路十八军红色教育基地正以更加开放的姿态,迎接八方来客,讲述那段永不褪色的红色记忆,传承那份历久弥新的精神力量。