མི་ཚེ་གཅིག་ལ་སྨན་ཤོད་ལག་ཤེས་བཟོ་རྩལ་ཐད་འབད་པ་དང་ཐུགས་ཁུར་གནང་མཁན་གྱི་རྫོང་སར་བློ་གྲོས་ཕུན་ཚོགས།
一生奋斗于麦宿手工艺的洛热老人
གནའ་བོའི་ལྗོན་ཤིང་མཁའ་ལ་ཟུག་ཅིང་། དལ་འབབ་ཆུ་བོས་མཐའ་ནས་བསྐོར་བའི་ཡིད་དགའི་གནས་མཆོག་ཏུ་མཚལ་མདོག་གི་བོད་ཁང་མང་པོ་ཨ་སྔོན་དགུང་གི་སྐར་ཚོགས་བཞིན་ཁྲ་ལམ་མེར་ཆགས་འདུག །གྲོང་མི་ཚོ་བག་ཡངས་ངང་འཚོ་བཞིན་ཡོད་ལ། གྲོང་ཚོའི་ནང་དུ་དུས་ངེས་མེད་དུ་ཏིང་ཏིང་སྒྲ་ཐོས་རྒྱུ་ཡོད་ལ། རས་འཐག་འཕྲུལ་འཁོར་གྱི་སྐུད་པ་འཁེལ་བའི་སྒྲ་ཡང་རྒྱུན་མི་ཆད། ད་དུང་བོད་སྤོས་ཀྱི་དྲི་ངད་ཕྱོགས་བཞིར་ལྡང་བས། གནས་འདི་ནི་ལག་ཤེས་སྒྱུ་རྩལ་གྱི་གནས་ཤིག་ཡིན་པ་ངམ་ངམ་ཤུགས་ཀྱིས་ཚོར་ཐུབ། འདི་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་སྨན་ཤོད་གྲོང་རྡལ་ཡིན་པ་དང་བོད་ཀྱི་ལག་ཤེས་བཟོ་རྩལ་གྱི་འབྱུང་གནས་ཡིན་པས། ཀྲུང་གོའི་སྲོལ་རྒྱུན་བོད་ཀྱི་ལག་ཤེས་བཟོ་རྩལ་གྱི་ཕ་ས་ཞེས་སྙན་པའི་གྲགས་པ་ཕྱོགས་བཞིར་རྒྱས་ཡོད།
ངོ་མཚར་གཏམ་གྱི་འགོ་མ་གནས་མཆོག་སྨན་ཤོད།
སྨན་ཤོད་ཀྱི་རྫི་བོ་ཞེས་པའི་གསར་གཏོད་ཐོན་རྫས་འགྲེམས་ཚོང་ནང་ཞུགས་བཞིན་པ།
麦宿“子乌”文创产品展销会
༢༠༢༤ལོའི་ཟླ་ལྔ་པར། ཁྲེང་ཏུའུ་ཁོན་ཀྲེ་སྲང་ལམ་དུ་སྨན་ཤོད་ལག་རྩལ་པ་དང་ལག་རྩལ་རྒྱུན་འཛིན་པའི་ཚོང་འདུས་ཀྱི་བྱེད་སྒོ་ཞིག་སྤེལ་བ་དེས་མང་ཚོགས་ཀྱི་ཡིད་དབང་བཀུག་པ་དང་། འཕྲིན་སྦྱོར་དག་གིས་གཅིག་རྗེས་གཉིས་མཐུད་ངང་གསར་འགྱུར་སྤེལ་བ་རེད། བྱེད་སྒོའི་ཐོག་སྨན་ཤོད་ཟངས་རག་མགར་བཟོ་དང་། གསེར་དངུལ་ལས་སྣོན། འབྲི་གཡག་གི་ཁུ་ལུ་བསླས་འཐག །རྫ་ནག་དང་ཐང་གའི་རི་མོ། ཤིང་བརྐོས་སོགས་སྲོལ་རྒྱུན་གྱི་བོད་རིགས་བཟོ་རྩལ་དང་ཐོན་རྫས་འགྲེམས་སྟོན་བྱས་པ་དང་། སྒྱུ་རྩལ་པ་ཚོས་ཐོན་རྫས་གསར་གཏོད་ཀྱི་འདུ་ཤེས་མཉམ་སྤྱོད་བྱས་ཤིང་། བྱེད་སྒོ་རབ་དང་རིམ་པས་བོད་ཀྱི་ལག་ཤེས་བཟོ་རྩལ་དེ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་ཆགས། མི་སྔར་ལས་མང་པོ་ཞིག་ལ་ལག་ཤེས་པའི་ཁྱད་དུ་འཕགས་པའི་བཟོ་རྩལ་ལ་རྒྱུས་ལོན་པ་དང་། སྨན་ཤོད་ཀྱི་བོད་ཀྱི་གནའ་བོའི་རིག་གནས་ལ་སྐྱེ་སྟོབས་འབར་བའི་འོད་སྣང་མཐོང་དུ་བཅུག
དོན་ངོ་མར་སྨན་ཤོད་གང་ན་ཡོད་ཅེ་ན། སྨན་ཤོད་གྲོང་རྡལ་ནི་སྨན་ཤོད་ཆུ་བོའི་དབུས་རྒྱུད་དུ་གནས་པ་དང་། སྡེ་དགེ་རྫོང་གི་ཤར་ལྷོའི་རྒྱུད་དུ་ཆགས་ཤིང་། མཚོ་འཕགས་སྨི་3560ཟིན་པ་དང་། སྡེ་དགེ་རྫོང་མཁར་དང་བར་ཐག་སྤྱི་ལེ་105ཡོད། མི་གྲངས་6000ཙམ་ཡོད་པ་དང་མང་ཆེ་བ་ནི་བོད་རིགས་དང་ཉུང་ཤས་ནི་རྒྱ་རིགས་ཀྱི་ཚོང་པ་ཡིན་ཞིང་། ཁམས་པའི་རིག་གནས་དང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རིག་གནས། བོད་ལུགས་གསོ་རིག་རིག་གནས་སོགས་འདི་གར་འདུས་ཡོད། ཞིང་ཆེན་ལྟེ་གནས་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་900ལྷག་ཡོད། རླངས་འཁོར་བསྐོར་ན་དུས་ཚོད་16ཡས་མས་འགྲོ་དགོས་ཞིང་གནམ་གྲུར་བསྡད་ན་ཉིན་ཕྱེད་ནང་ཐོན་ཐུབ། སྨན་ཤོད་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་རྒྱལ་མཚན་གྱིས། སྨན་ཤོད་གྲོང་རྡལ་ནི་ཀྲུང་གོའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ས་ཡིན་པའི་ངོས་ནས། མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་ཡོད་པར་མ་ཟད་ཁྱད་ཆོས་མི་འདྲ་བའི་བཟོ་ཁང་ཡང་ཡོད་པ་དང་། གྲོང་རྡལ་དེ་ཡོངས་ལ་སྲིད་འཛིན་གྲོང་ཚོ་12དང་དུད་ཚང་1099ཡོད་པ་དང་། རྒྱུན་སྡོད་མི་འབོར་6000གི་ཁྲོད་མི་3000ཙམ་གྱིས་ལག་ཤེས་བཟོ་རྩལ་གྱི་ལས་ལ་གཞོལ་གྱི་ཡོད་པས། སློབ་མ་དང་ཁྱིམ་དུ་ཡོད་པའི་རྒན་རྒོན་ཕུད་ཧ་ལམ་ཚང་མ་ལག་ཤེས་བཟོ་རྩལ་པ་ཤ་སྟག་ཡིན་པར་མ་ཟད། ཚང་མས་སྨན་ཤོད་ཀྱི་ལག་ཤེས་བཟོ་རྩལ་ཐད་ནས་ང་རྒྱལ་དང་སྤོབས་པ་སྐྱེ་བཞིན་ཡོད། བཟོ་ཁང་ཚང་མ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེས་ཡོད་པས་ཡུལ་སྐོར་བ་ཚོས་ལི་ཆས་དང་། གསེར་དངུལ་དར་སྐུད་བཟོ་བ། ས་རྫ་བཟོ་བ། འཚོ་བའི་ཐོན་སྐྱེད་ཡོ་བྱད་བཟོ་བ། ཤིང་བརྐོས། ཐང་ག། བོད་ཀྱི་གྱོན་ཆས། ནོར་ལུག་བལ་གྱི་བསླས་འཐག་དང་བོད་སྤོས་སོགས་སྲོལ་རྒྱུན་གྱི་བཟོ་རྩལ་མི་འདྲ་བ་10ལྷག་ལ་ལྟ་སྐོར་བྱེད་ཆོག་པ་དང་། ལག་ཤེས་བཟོ་པ་དང་སྒྱུ་རྩལ་པ་ཚོས་ལས་ལ་བརྩོན་ཞིང་བློ་གྲོས་ལ་བརྟེན་ནས་བྱུང་བའི་ལག་ཤེས་བཟོ་རྩལ་སྤུས་ལེགས་ལ་རོལ་མྱོང་བྱེད་ཆོག་ཅེས་བཤད།
གསར་གཏོད་ཐབས་ལ་བརྟེན་ནས་རྒྱུན་འཛིན་བྱེད།
ཕྱི་རྒྱལ་ནས་སློབ་ཐོན་བྱུང་སྟེ་ཕྱིར་ཕ་ཡུལ་སྨན་ཤོད་ལ་ལོག་ནས་ལས་གཏོད་བྱེད་བཞིན་བའི་བུ་མོ་ཟླ་བ་སྒྲོལ་མ།
留学回国主理“钦乐”工坊的达瓦卓玛介绍工艺制作
སྨན་ཤོད་ཀྱི་ལག་ཤེས་བཟོ་རྩལ་གྱིས་སྲོལ་རྒྱུན་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་རྣམ་པ་རྒྱུན་འཛིན་བྱས་པ་དང་སྒྱུ་རྩལ་གྱི་རིན་ཐང་དང་། དངོས་སྤྱོད་རིན་ཐང་། རིག་གནས་ཀྱི་རིན་ཐང་བཅས་གཅིག་ལྕོགས་སུ་ལྡན་ཡོད། འོན་ཀྱང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་དང་འཛད་སྤྱོད་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། ལག་ཤེས་བཟོ་རྩལ་ཐད་མ་བཅོས་རྒྱུ་ཆ་དཀོན་པ་དང་། བཟོ་སྐྲུན་གྱི་མ་གནས་མཐོ་བ། བྲིན་ཚོང་བྱེད་ཚད་དམའ་བ། ལས་གཉེར་བྱེད་མཁན་ཇེ་ཉུང་དུ་འགྲོ་བ། ཤེས་ལྡན་མི་སྣ་དཀོན་པ་སོགས་ཀྱི་གནད་དོན་འཕྲད་ཡོད།
དེ་ན་གནས་བབ་འདིར་འགྱུར་ལྡོག་ཇི་ལྟར་གཏོང་དགོས་ཞེ་ན། ཉེ་བའི་ལོ་ཤས་རིང་སྡེ་དགེ་རྫོང་གི་སྡེ་ཚན་མང་པོའི་རྒྱབ་སྐྱོར་འོག་སྨན་ཤོད་གྲོང་རྡལ་གྱིས་གཞི་རིམ་དུ་བསྐྱོད་དེ་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱ་ཁྱབ་ངང་བསྡུ་རུབ་དང་ལེགས་སྒྲིག་བྱས་པ་བརྒྱུད། མི་རིགས་ཀྱི་དམངས་ཁྲོད་བཟོ་རྩལ་རྩལ་ནུས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་མང་ཚོགས་ལས་ཞུགས་དང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
སི་ཁྲོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་རྟེན་གཞི་ཁག་དང་པོ་སྟེ། དཀར་མཛེས་སྡེ་དགེའི་སྨན་ཤོད་ས་ཁུལ་གྱི་མི་རིགས་ལག་ཤེས་བཟོ་རྩལ་ཉམས་ལེན་རྟེན་གཞིར་གྲུབ་འབྲས་ཐོབ་པའི་ངང་ཡིག་ཐོག་སྙན་ཞུ་ཕུལ་ནས། མ་དངུལ་སྒོར་ཁྲི་2000བཏང་སྟེ། རྡོ་ཕུ་ལུང་པའི་ཡུལ་སྐོར་སྐོར་ལམ་དང་། བརྐོས་རིས་རིག་གནས། ཐང་ག །མགར་བཟོ། རྫ་བཟོའི་རིག་གནས་སོགས་ལ་བརྟེན་ནས་སྨན་ཤོད་གྲོང་རྡལ་འདི་ཉིད་སྐྱེ་ཁམས་དང་རིག་གནས། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་སྨན་ཤོད་མི་རིགས་ལག་ཤེས་བཟོ་རྩལ་ཐོན་ལས་ཁུལ་དུ་བསྐྲུན་པ་རེད། རྫོང་ཁོངས་དང་དེ་བཞིན་མཐའ་འཁོར་གྱི་ཡུལ་སྐོར་ཐོན་ལས་སྦྲེལ་ཐག་ལ་ཕྱོགས་ཡོངས་ནས་སྐུལ་ཁྲིད་བྱས་ཏེ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་རེད།
མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལེགས་ཆ་ལ་བརྟེན་ནས་རིག་གནས་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། སྲིད་ཇུས་ཀྱི་རོགས་སྐྱོར་ལ་བརྟེན་ནས་ཟོག་འགྲེམས་བྲིན་ཚོང་གི་ཐབས་ལམ་ཤར་གཏོང་ཐུབ་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མ་དངུལ་སྒོར་ཁྲི་1400བཏང་ནས། ཐོན་ལས་གླིང་དང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད། སྣེ་འདྲེན་ཁེ་ལས། རོགས་སྐྱོར་འཁོར་ཁང་། ཁྱིམ་ཚང་གི་བཟོ་ཁང་མཉམ་འབྲེལ་བྱེད་པའི་དཔེ་དབྱིབས་སྤྱད་དེ། སྨན་ཤོད་ས་ཁུལ་གྱི་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་རྩལ་རོགས་སྐྱོར་འཁོར་ཁང་19བཏོད་པ་དང་། ངལ་རྩོལ་ནུས་ཤུགས་འཁོར་ཁང་ཁག་ཏུ་ལས་ཞུགས་བྱེད་དུ་བཅུག་ནས། ཉེ་འགྲམ་གྱི་གྲོང་མིའི་ཡོང་འབབ་མཐོ་རུ་བཏང་བ་རེད།
ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གསར་གཏོད་རང་བཞིན་དང་ཉེར་སྤྱོད་རང་བཞིན་ལྡན་པའི་མངགས་བཟོས་ཐོན་རྫས་སྔར་ལས་མང་བ་རྒྱ་སྐྱེད་བཏང་བ་དང་། མི་རིགས་ས་ཁུལ་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་དང་བེད་སྤྱོད་འདང་ངེས་བྱས་ནས། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བརྒྱུད་སྦྱོང་ཁང་དྲིལ་བསྒྲགས་དང་བསྔགས་སྐུལ་བྱེད་པ། མི་རིགས་རིག་གནས་ཐོན་ལས་ཅན་དང་སྤུས་རྟགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རིགས་ལག་ཤེས་བཟོ་རྩལ་གྱི་ཕ་ས་སྐྲུན་གང་ཐུབ་བྱེད་པ་དང་། ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གྲགས་ཅན་སྙན་ཞུ་ཧུར་ཐག་བྱེད་བཞིན་ཡོད།
སྨན་ཤོད་ཀྱི་སྙན་གྲགས་དང་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། མིག་སྔར་དབྱིན་ཇིའི་ལུན་ཏུན་ཀྲུང་དབྱང་ཧྲེང་མ་ཏིང་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་དང་ཏི་ཨའོ་ཚོང་རྟགས་ཀྱི་མེ་ཏོག་པར་འདེབས་ཇུས་འགོད་པ་ཨའེ་ལི་ཧྲ་ཕ་ལོ་སྨི་ནུའོ་སོགས་ཚོགས་པ་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་། བརྩམས་ཆོས་2020ལོའི་དཔྱིད་དབྱར་གྱི་ཀྲུང་གོའི་རྒྱལ་སྤྱིའི་གྱོན་གོས་དཔེ་གསར་གཟའ་འཁོར"TOGETHER"ཞེས་པའི་བརྗོད་བྱ་གཙོ་བོའི་ཆེད་དོན་ཚོགས་རར་བཀོད་དེ། ཐོན་རྫས་དག་དབྱིན་ཇི་དང་། ཧྥ་རན་སི། ཨ་རི་སོགས་རྒྱལ་ཕྱིའི་ཚོང་རར་བཀྲམ་སྟེ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཐབས་ལམ་བཏོད་ཡོད།
古树参天,河水缓缓流淌,绛红色藏房散落在河谷间,村民们或悠闲或匆忙地走过,村里不时有叮叮当当的敲击声音传出,有织布机咵唧咵唧的声音传来,有缥缈的香气飘散……走进去了解,才明白这是手工艺工坊正在制作技艺。这里是甘孜州德格县麦宿镇,藏民族手工艺的摇篮和沃土,“中国传统藏族手工艺之乡”。
有一种传奇叫麦宿
2024年5月,在成都宽窄巷子举行的一场麦宿手艺人&守艺人集市活动吸引了群众驻足,媒体争相报道。活动展示了麦宿铸铜、金银加工、牦牛绒编织、黑陶、唐卡绘画、木雕等传统藏族工艺和产品,艺人们分享了产品创作理念,系列活动让藏族手工艺成为热词,让更多的人了解到手艺人淬炼心性的魅力,了解到麦宿让藏族古老文化焕发新生机的传奇。
麦宿具体在哪里?麦宿镇地处麦宿河中游,德格县东南部,海拔3560米,距德格县城105公里,人口约6000人,大部分是藏族血统,少数是汉族商人,康巴文化、传统手工艺文化、藏医药文化等在这里汇聚。距离省会成都900多公里,驾车16小时左右,飞机半天可到达。麦宿镇党委书记四郎降称介绍说,麦宿镇作为“中国藏族传统手工艺之乡”,不仅有绝美的风景,更有特色各异的工坊,全镇12个行政村、1099户,常住人口6000人中有近3000人从事手工艺制作,除去读书的学生和在家的老年人,几乎全员都是工匠艺人了,大家以制作麦宿手工艺而自豪。所有工坊都对外开放,游客们可以来参观利玛铜铜铸、金银掐丝、土陶制作、生活生产用具制作、木雕制作、唐卡制作、藏族服装制作、牛羊绒编织、藏香制作等10余种不同的传统工艺,欣赏工匠艺人们用勤劳智慧打磨的精美手工艺品,感受用心诠释人生的工匠精神。
有一种传承叫创新
麦宿的手工艺继承传统藏族民间艺术形式,兼具艺术价值、实用价值和文化价值。但是随着社会的快速发展,人们的生活方式、消费观念都发生很大变化,手工艺制作面临原料短缺、制作成本高、销量低、从业者越来越少,人才短缺等问题。
如何破局?近年来,在德格县多部门的支持下,麦宿镇通过走基层广泛收集和整理民间传统手工艺,保护和传承民族民间工艺技能,全面提升民族传统手工技艺,促进群众就业、增收。
——成功申报第一批四川省非物质文化遗产体验基地——甘孜德格麦宿片区民族手工艺体验基地,投入2800万元,依托多瀑沟旅游环线、雕刻文化、唐卡绘画、铜铸制作及制陶文化等把麦宿镇建成了集“生态文化休闲”于一体的麦宿民族手工艺产业园区,全面带动县域及周边旅游产业链,突破全域旅游产业发展困局。
——依托“非遗”优势资源,积极培植发展文化产业,通过政策扶持,打通物流销售渠道等方式,投入1400万元,采用产业园区+党建引领+龙头企业+帮扶车间+家庭作坊的模式,打造了麦宿片区19户特色民族手工艺帮扶车间,吸纳劳动力到各车间做工,提高附近村民收入。
——培养专业人才,拓展更多具有创意和实用性的定制化产品,用好用足民族地区各项优惠政策,宣传、鼓励申报少数民族传统手工艺传习所,推动民族文化产业化、品牌化,力争打造“民族手工艺之乡”,积极申报省级历史文化名镇。
麦宿的知名度和影响力越来越大,目前已吸引英国伦敦中央圣马丁艺术学院教授、迪奥品牌印花设计师艾丽莎·帕洛米诺等团队来参观,作品登上2020春夏中国国际时装周“TOGETHER”主题专场,将产品远销英国、法国、美国等海外各地……走出了独具特色的保护和传承民族传统手工艺的路径。