སྨན་ཤོད་གྲོང་རྡལ་ནི་སྡེ་དགེ་རྫོང་གི་མི་རིགས་རིག་གནས་སྲུང་སྐྱོང་དང་ལག་ལེན་གྱི་ཐུན་མིན་ས་ཁོངས་ཤིག་ཡིན་པས། 2024ལོར་རིག་གནས་ཤུལ་བཞག་སྲུང་སྐྱོང་ལག་ལེན་གྱི“ཚོད་ལྟ་གཉིས”སུ་བདམས་པ་དང་། རིག་གནས་སྲུང་སྐྱོང་ལག་ལེན་ཐད་ལས་དོན་གང་མང་སྤེལ། ཞིབ་ཕྲའི་བྱེད་ཐབས་གཤམ་གསལ་ལྟར།
གཅིག སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འཆར་འགོད།
1.ཞིང་ཆེན་རིམ་པའི་ནོར་སྲིད་བྱ་དགའི་ཁ་གསབ་སྟེ།“ཚོད་ལྟ་གཉིས”ཀྱི་ས་ཁོངས་ཡིན་པའི་སྨན་ཤོད་གྲོང་རྡལ་ལ་ཞིང་ཆེན་རིམ་པའི་ནོར་སྲིད་བྱ་དགའི་རོགས་དངུལ་གྱི་རྒྱབ་སྐྱོར་ཐོབ་ནས། རིག་གནས་ཤུལ་བཞག་ཐོན་ཁུངས་མིང་གཞུང་བཀོད། དེ་ཡང་སྲུང་སྐྱོང་དོ་དམ་འཇོན་མིའི་དཔུང་ཁག་འཐུས་ཚང་དང་གཙོ་གནད་རྣམ་གྲངས་ལག་བསྟར་ཐད་སྤྱད།
2.ཚན་རིག་དང་མཐུན་པའི་འཆར་འགོད་བཀོད་པ་སྟེ།《སྡེ་དགེ་རྫོང་སྨན་ཤོད་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》གཏན་འབེབས་བྱས་ཏེ།“བོད་ཀྱི་སྨན་ལུམ་ལག་ཤེས་ཀྱི་ཕ་སའི”མིང་བྱང་གསལ་པོ་བཀོད་ནས།“གྲོང་སྡེ་རེ་ལ་རྟེན་གཞི་རེ”“ཡུལ་ཚོ་རེ་ལ་ཁྱད་ཆོས་རེ”“ས་གནས་རེ་ལ་ཐོན་ལས་རེ”ཡི་ལས་རྣམ་བཏོད་ནས་མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར། རོང་འབྲོག་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
གཉིས། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ལག་རྩལ་གསར་གཏོད།
1.གསོན་རྣམ་ཅན་གྱི་རྒྱུན་འཛིན།
“ལག་རྩལ+གསོ་སྦྱོང་རྟེན་གཞི+དབུལ་སྒྲོལ་ཁྱིམ་ཚང་”གི་རྣམ་པ་ཁྱབ་སྤེལ་བཏང་སྟེ།“སྒོ་ཁྱིམ་ཆ་སྒྲིག+”“གླིང་ཁུལ་གསོ་སྦྱོང་+”“སྤྲོ་སྣང་སློབ་ཁྲིད+”སོགས་བརྒྱུད་གཞོན་རབས་པ་ཕྱིར་ཕ་ཡུལ་དུ་བཀུག་ནས་ལས་ཤེས་འཇོན་མི་གསོ་སྐྱོང་བྱས།
མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པས་སློབ་མ་སྐྱོང་ནས་ལག་རྩལ་བསླབས་ཏེ། ཉམས་ལ་ཉེ་བའི་གཏེར་དངོས་ཚོན་རྫས་བཟོ་རྩལ་17སླར་གསོ་བྱས་ཏེ། ཐང་ཁ་སོགས་ཀྱི་ལག་རྩལ་དག་མ་ཡིན་པར་འགན་ལེན་བྱས།
2.སྒྱུ་རྩལ་གསར་གཏོད་དང་རིག་གནས་གསར་སྤེལ།
སྨན་གསར་དང་ཀརྨ་སྒར་བྲིས་ཀྱི་བྲིས་རྒྱུན་གཅིག་ཏུ་འདྲེས་ནས་ཀ་སྨན་བྲིས་ལུགས་གསར་དུ་གཏོད་དེ། ཐང་ཁའི་སྒྱུ་རྩལ་གྱི་རིན་ཐང་ཆེ་རུ་བཏང་།
ཐང་ཁའི་དཔེ་རྟགས་དང་མགུལ་རྒྱན། བྱིས་བློ་འབྱེད་པའི་རྩེད་ཆས་སོགས་རིག་གཏོད་ཐོན་རྫས་འགྲེམས་སྤེལ་བྱས་ནས། སྲོལ་རྒྱུན་གྱི་བཟོ་རྩལ་དེ་དེང་རབས་ཀྱི་འཚོ་བར་ཉེ་རུ་བཅུག
གསུམ། ཐོན་ལས་རོགས་སྐྱོར་དང་ལས་ཞུགས་
འབབ་འཕར།
1.གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལས་སྟེགས།
སྨན་ཤོད་གྲོང་རྡལ་མི་རིགས་བཟོ་རྩལ་རྒྱུན་འཛིན་གླིང་བསྐྲུན་ནས་བཟོ་སྐྲུན་དང་འགྲེམས་སྟོན། ཕྱིར་ཚོང་། གསོ་སྦྱོང་། ཉམས་ལེན་བཅས་གཞི་གཅིག་ཏུ་བསྡུས་ཤིང་། དར་སྤེལ་བཟོ་ཁང་19ལ་རོགས་སྐྱོར་བྱས་ནས་མི་290ལྷག་ལས་ཞུགས་ཐུབ་པར་བྱས།
“ཀུང་སི+རྟེན་གཞི+བཟོ་གྲྭ+རྒྱུན་འཛིན་པའི”ལས་རྣམ་ཁྱབ་གདལ་བཏང་ནས་ལག་ཤེས་བཟོ་རྩལ་སྣེ་ཁྲིད་ཁེ་ལས་2འཕེལ་རྒྱས་བཏང་བ་དང་ལས་ཞུགས་མི་གྲངས་1000ལྷག་ཟིན་ཡོད།
2.དབུལ་སྐྱོར་གྱི་ཕན་འབྲས་ལེགས་པོ་ཐོན་པ།
ཉམས་ཞན་ཚོགས་སྤྱིའི་སློབ་མ་500ལྷག་རིན་མི་དགོས་པར་གསོ་སྐྱོང་བྱས་པ་དང་། ཁྱིམ་ཚང་286ལ་ཐང་ཁའི་ལག་རྩལ་བརྒྱུད་ལོ་རེར་ཡོང་འབབ་སྒོར་ཁྲི་5ལྷག་འཕར་སྣོན་བྱུང་ནས།“མི་གཅིག་གིས་སྒྱུ་རྩལ་སྦྱོང་བ་དང་ཁྱིམ་ཚང་གི་ཡོང་འབབ་འཕར་བ”མངོན་འགྱུར་བྱུང་ཡོད།
“སྨན་ཤོད་ཀྱི་ལག་ཤེས”སྤྱི་པའི་སྤུས་རྟགས་བཏོད་ནས་གྲངས་ཀ་ཅན་གྱི་ལས་སྟེགས་བཙུགས། ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བསྐྱེད་དེ་བཟོ་རྩལ་པའི་བརྩམས་ཆོས་རྒྱལ་ཡོངས་སུ་འགྲེམ་པར་རོགས་རམ་བྱས།
བཞི། སྤུས་རྟགས་འཛུགས་སྐྱོང་དང་དྲིལ་བསྒྲགས་ཁྱབ་སྤེལ།
1.ཐབས་ལམ་སྣ་མང་བརྒྱུད་དྲིལ་བསྒྲགས་བྱས་པ།
འདར་དབྱངས་དང་སྐད་འཕྲིན། ཕྱག་མགྱོགས་སོགས་ཀྱི་སྟེགས་བུ་བརྒྱུད“ཐད་གཏོང་ཚོང་འགྲེམ”དང“ས་ཕྱོགས་འདི་ན་ཁྱོད་ལས་ངར་བ་མེད”སོགས་ཀྱི་བྱེད་སྒོ་སྤེལ་ནས། སྨན་ཤོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྐད་གྲགས་གླིང་ཀུན་ལ་ཁྱབ་པར་བྱས།
ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་གདན་འདྲེན་ཞུས་ནས་སྤྱི་ཕན་བརྡ་ཁྱབ་ཕབ་ལེན་བྱས། བརྙན་ལམ་མང་པོར་གཏོང་སྤེལ་བྱས་ནས་སྤུས་རྟགས་ཀྱི་དགེ་མཚན་ཀུན་ལ་གསར་བར་བྱས།
3.རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཉམས་ལེན།
སྨན་ཤོད་མི་རིགས་ལག་ཤེས་བཟོ་རྩལ་འགྲེམས་སྤེལ་དང་འགྲེམས་ཚོང་། འགྲེམས་སྟོན་ལྟེ་གནས། ཡུལ་སྐོར་ལྟེ་གནས་བཅས་བསྐྲུན་ནས་རྒྱལ་ཁབ་ཀྱི་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རེ་ཞུ་བྱས་ཏེ། ལྗོངས་རྒྱུ་དང་ཚོང་རྫས་ཉོ་ཚོང་། དམངས་སྲོལ་ཉམས་ལེན་བཅས་གཞི་གཅིག་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས།
རྐང་ཐང་དང་རྟ་ཞོན་པ། ལག་ཤེས་བཟོ་གྲྭ་རུ་ཉམས་ལེན་སོགས་རིག་གནས་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་ཏེ། ལྷན་སྐྱེས་ཀྱི་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་འདྲེས་ཀྱི་ཡུལ་སྐོར་ཁུལ་བསྐྲུན།
ལྔ། སློབ་གསོ་རྒྱུན་འཛིན་དང་འཇོན་མི་གསོ་སྐྱོང་།
1.མགོ་མཇུག་ཚང་བའི་གསོ་སྦྱོང་མ་ལག
མངོན་མིན་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་འཛིན་གྲྭ་གཉེར། སློབ་མ་4000ལྷག་བསྡུས་ནས་གེ་སར་སྒྲུང་དང་སྡེ་དགེ་བོད་ཡིག་ཡིག་གཟུགས། ཀརྨ་སྒར་བྲིས་ཐང་ཁ་འབྲི་རྩལ་སོགས་ལག་ཤེས་བཟོ་རྩལ་གསོ་སྦྱོང་བྱས།
“སྐས་རིམ་གསུམ”གྱི་གསོ་སྦྱོང་ཐབས་ལམ་གསར་པ་བཏོད་དེ། རིན་མི་དགོས་པར་རྨང་གཞིའི་འཛིན་གྲྭ་དང་སྟབས་བདེའི་རི་མོ་འབྲི་རྩལ། དགེ་རྒན་འཛིན་གྲྭ་བཅས་བཙུགས་ནས་སློབ་མ་མི་འདྲ་བའི་དགོས་མཁོ་བསྐང་།
4.ངག་སློབ་དཔེ་སྟོན།
རྒྱུན་འཛིན་མཁན་གྱིས་རང་ཉིད་ཀྱི་ཉམས་མྱོང་དང་ཤེས་རྟོགས་བརྒྱུད་སློབ་མར་བརྩོན་པ་བསྐྱེད་དེ་ལག་རྩལ་ཁོང་དུ་ཆུད་པའི་དུས་མཚུངས་སུ་ལག་ཤེས་པའི་སྙིང་སྟོབས་རྒྱུན་འཛིན་བྱ་དགོས་པའི་སྐུལ་ལྕག་བྱས།
དྲུག །སྤྱི་ཚོགས་ཀྱི་གདེང་འཇོག་དང་གཟི་བརྗིད་ཀྱི་སྐུལ་སློང་།
1. སྲིད་ཇུས་ཀྱི་རྒྱབ་སྐྱོར།
སྨན་ཤོད་གྲོང་རྡལ་སི་ཁྲོན་ཞིང་ཆེན་གྱི“ངོ་མཚར་ཡུལ་གྲོང་ཆེན་པོ་བཅུ”ལ་བདམས། སྡེ་དགེ་རྫོང་རིག་གནས་ཤུལ་བཞག་སྲུང་སྐྱོང་ལག་ལེན་གྱི“ཚོད་ལྟ་གཉིས”སུ་བདམས།
རྒྱུད་འཛིན་པའི་བརྩམས་ཆོས་དཔེར་ན《གེ་སར་ཐང་ཁ》ལ་ཀྲུང་གོའི་བཟོ་རྩལ་མཐུན་ཚོགས་ཀྱི་བྱ་དགའ་ཐོབ་པ་དང་བཟོ་ཁང་གི་སྐད་གྲགས་ཆེ་རུ་ཕྱིན།
2.སྤྱི་པའི་སྤུས་རྟགས་བཏོད་པ།
“ཁྲོན་ཧྲུའུ་བཟོ་རྩལ”དང“དཀར་མཛེས་ཀྱི་ལག་ཤེས་བཟོ་རྩལ”སོགས་མངོན་མིན་རིག་གནས་ཤུལ་བཤག་གི་སྤུས་རྟགས་སྤྱད་ནས། སྨན་ཤོད་ཀྱི་ལག་ཤེས་བཟོ་རྩལ་གྱི་ཚད་གཞི་ཅན་དང་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
麦宿镇作为德格县民族文化保护利用特色区域,入选了2024年文化遗产保护利用“双试点”,在文化遗产传承保护利用方面开展了大量工作,具体举措如下:
一、政策支持与规划引领
1. 省级财政奖补:作为“双试点”区域,麦宿镇获得省级财政奖补资金支持,用于文化遗产资源名录建立、保护管理人才队伍完善及重点项目实施。
2. 科学规划布局:制定《德格县麦宿片区高质量发展总体规划》,明确“藏地药谷,手工艺之乡”定位,构建“一村一基地”“一乡一特色”“一片一产业”格局,推动非遗与文旅、农牧业融合发展。
二、非遗传承与技艺创新
1. 活态化传承模式:
推行“手工艺+培训基地+脱贫户”模式,通过“家门口结对+”“园区培训+”“兴趣课堂+”等,吸引年轻一代回归,培育手工艺人才。
建立非遗传承人带徒授艺机制,复原17种濒临失传的矿物颜料工艺,确保唐卡等技艺的纯正性。
2. 艺术创新与文创开发:
融合勉萨和嘎玛噶孜画派精髓,开创噶勉画派,提升唐卡艺术价值。
推出唐卡书签、项链、儿童益智拼图等文创产品,让传统工艺贴近现代生活。
三、产业扶持与就业增收
1. 规模化发展平台:
建成麦宿镇民族手工艺传承园,集制作、展示、销售、培训、体验于一体,扶持19个振兴车间,吸纳290余人就业。
推行“公司+基地+作坊+传承人”模式,发展手工艺龙头企业2家,从业人数达1000余名。
2. 扶贫助困成效显著:
免费培养500余名弱势群体学员,286户家庭通过唐卡技艺年均增收超5万元,实现“一人学艺,全家增收”。
打造“麦宿手造”公共品牌,构建数字化平台,拓宽销售渠道,助力匠人作品走向全国。
四、品牌建设与宣传推广
1. 多渠道宣传:
利用抖音、微信、快手等平台举办“直播带货”“十里八乡,蜀你最牛”等活动,提升麦宿非遗知名度。
邀请央视拍摄公益广告,在多套频道播出,扩大品牌影响力。
2. 文旅融合体验:
建成麦宿民族手工艺展览、展销、展示中心及游客中心,申报国家3A级旅游景区,提供观光、购物、体验一体化服务。
开发徒步、骑马、手工艺作坊体验等文旅项目,打造原始生态与人文景观融合的旅游区。
五、教育传承与人才培养
1. 系统化培训体系:
举办非遗文化传习班,围绕格萨尔说唱、德格藏文书法、噶玛嘎孜唐卡绘画等技艺,培训学员近4000名。
独创“三阶梯”培训法,开设免费基础班、简化图案速成课和大师班,满足不同学员需求。
2. 言传身教激励:
传承人通过自身经历和感悟,激励学员坚持与努力,培养学员掌握技艺的同时,传承工匠精神。
六、社会认可与荣誉激励
1. 政策荣誉加持:
麦宿镇获评四川省“十大魅力乡镇”,入选全省民族文化遗产保护利用“双试点”。
传承人作品如《格萨尔唐卡》在中国工艺美术家协会获奖,提升工坊知名度。
2. 公共品牌赋能:
鼓励使用“川工蜀艺”“甘孜手造”等非遗公共品牌,推动麦宿手工艺标准化、品牌化发展。