དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་གྱི་དགེ་ལེགས་ཀྱིས་སྡོད་ཁང་ནང་དགེ་ལེགས་གནས་ཚང་ཞེས་པའི་དྲ་ཐོག་མངགས་ཐོའི་བརྡ་ཐོ་བྱང་ཆུབ་པའི་ངང་བསྡུ་ལེན་བྱེད་བཞིན་དུ་གད་མོ་དགོད་ཞོར། དེ་སྔོན་འདི་འདྲའི་གནས་ཚང་གི་ཚོང་ལས་བྱས་ནས་ཡོང་སྒོ་རྙེད་ཐུབ་པ་གཏན་ནས་བསམ་མྱོང་མེད་ཅེས་བཤད།
2013ལོར། དགེ་ལེགས་བཟའ་མི་ཚང་མས་ད་དུང་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དང་དབྱར་རྩྭ་དགུན་འབུ་བརྐོ་བར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། སྐབས་དེ་དུས་ལོ་རེའི་ཡོང་འབབ་སྒོར་ཁྲི་2ལས་མེད་པ་དང་། ཁང་རྙིང་དམའ་མོ་ཞིག་གི་ནང་འཚང་ཁ་ཤིག་ཤིག་གིས་སྡོད་ཀྱི་ཡོད། གློ་བུར་དྲོད་ཁོལ་ལྡན་པའི་གོ་སྐབས་ཤིག་དང་འཕྲད་པའི་བསྐལ་བ་ལྡན།
ལོ་དེའི་དབྱར་ཁར། མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོས་སློབ་མ་ཁྲིད་དེ་སྡེ་པའི་ནང་དངོས་བྲིས་ལ་ཕེབས་པ་དང་། ཞག་སྡོད་བྱེད་ས་མ་རྙེད་པར་དགེ་ལེགས་ཀྱིས་ཁོ་རང་གི་ཁྱིམ་དུ་སྡོད་དུ་བཅུག །སྐབས་དེ་དུས་ཆ་རྐྱེན་ཞན་པའི་རྐྱེན་གྱིས་སློབ་མ་ཚོ་ལམ་སེང་མ་བསྡད་པར་ཁྱིམ་ཚང་གཞན་ལ་ལྟ་བར་ཕྱིན་མོད། མཐར་དགེ་ལེགས་ཀྱི་ཁྱིམ་དུ་ལོག་ནས་བསྡད། ཁོང་གིས་ཁང་པ་སྟོང་པ་བཟོས་ནས་ཉལ་ཁྲི་ཁ་ཤས་ཁ་སྣོན་བརྒྱབ་པ་དང་བབ་ཆགས་པའི་སྒོ་ནས་གཞོན་ནུ་དེ་དག་ལ་སྣེ་ལེན་ཞུས་པ་རེད། ཉིན་གཅིག་ལ་སྒོར་150དང་མི་10ཉིན་20ལྷག་ཙམ་བསྡད། རྩིས་རྒྱག་སྐབས་དགེ་ལེགས་ལ་མི་ཚེའི་འདིའི་གནས་ཚང་གི་ཡོང་འབབ་དང་པོ་སྟེ་སྒོར་ཁྲི་3རག་བྱུང་།
དགེ་ལེགས་ཀྱིས་ཕྱིར་དྲན་བྱེད་ཞོར། ཉལ་གདན་དང་ཉལ་ཁེབས་ཉོས་པ་ཕུད་ཁེ་གཙང་སྒོར་ཁྲི་གཉིས་རག་འདུག་ཅེས་བཤད། སྐབས་དེ་དུས་ཁོས་གཞི་ནས་རང་ཁྱིམ་དང་ཕ་ཡུལ་གྱི་མཛེས་ལྗོངས་མ་གཞི་ནས་རྒྱུ་ནོར་ཡིན་པ་ཤེས།
དེ་བཞིན་དགེ་ལེགས་ཀྱི་གནས་ཚང་དངོས་སུ་སྒོ་ཕྱེ་ནས་ཚོང་ལས་ཀྱི་འགོ་ཚུགས་པ་རེད། ཁོས་སྟེས་དབང་གིས་འཕྲད་པའི་འགྲུལ་པ་ཁོ་ནར་སྒུག་ནས་མི་སྡོད་པར་རང་འགུལ་ངང་ཁང་པ་རྒྱས་སྐྲུན་དང་སྒྲིག་བཀོད་ལེགས་སུ་བཏང་ནས། སྲོལ་རྒྱུན་གྱི་བོད་ཁྱིམ་གྱི་ཡུལ་སྲོལ་གོམས་གཤིས་དང་དེང་རབས་ཀྱི་སྡོད་ཁང་གི་དགོས་མཁོ་ཟུང་འབྲེལ་བྱས། ཁོས་དྲ་རྒྱའི་སྟེགས་བུའི་ཐོག་ཐོ་འགོད་བྱས་པར་མ་ཟད་ད་དུང་"སྦག་སྦག་འཁོར་ལོའི་ཚོགས་པའི"ནང་ཞུགས་ནས་རྒྱབ་ཁུག་འཁུར་མཁན་གྱི་འགྲུལ་པ་བཀུག་པ་དང་། མངགས་ཐོ་དེ་ཐོག་མའི་མཛེས་རྩལ་སློབ་གླིང་གི་སློབ་མ་ནས་རྒྱལ་ཡོངས་ས་གནས་ཁག་གི་ཁ་ཐོར་མགྲོན་པོ་དང་།
འཕྲུལ་རྟ་ཞོན་མཁན། རང་མོས་ཡུལ་སྐོར་པ་སོགས་སུ་རྒྱ་བསྐྱེད།
ད་ཆ་དགེ་ལེགས་ཀྱིས་ལོ་རེའི་ཡོང་འབབ་དེ་སྔའི་སྒོར་ཁྲི་2ནས་སྒོར་ཁྲི་8ལ་འཕར་བ་དང་། སྡོད་ཁང་ཀྱང་ཐོག་མའི་ཁང་མིག་ཆུང་ཆུང་དེ་ནས་རྒྱ་བསྐྱེད་དེ་གསལ་ཆ་དོད་པའི་བོད་ལུགས་གནས་ཚང་ཐོག་ཁང་ཆུང་ཆུང་ཞིག་ཏུ་རྒྱས་སྐྲུན་བྱས་ཡོད། འབྲི་གཡག་གི་ཀམ་པ་ལི་དང་། བོད་ལུགས་ཁྱིམ་ཆས། ཇ་བསྲུབས་མའི་དྲི་ཞིམ་བཅས་འདི་གར་སྲོལ་རྒྱུན་གྱི་དྲོད་ཚད་ཉར་ཚགས་བྱས་ཡོད་ལ་དུས་རབས་ཀྱི་འཕར་རྩ་ཡང་འགུལ་བཞིན་ཡོད།
དགེ་ལེགས་ཀྱི་གཏམ་རྒྱུད་ནི་དཔེ་རྐྱང་ཞིག་མིན།
དཀར་མཛེས་རྫོང་དུ་ཞིང་འབྲོག་མང་ཚོགས་དེ་བས་མང་བས་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གནས་ཚང་དཔལ་འབྱོར་གྱི་ཕྱུག་འགྱུར་ལམ་བུ་བཏོད་ཡོད། ཁོ་ཚོས་ཕྱུགས་འཚོས་ནས་ཞིང་ཁ་འདེབས་རྒྱུ་ཁོ་ནར་མ་བརྟེན་པར་རང་ཁྱིམ་གྱི་སྒོ་ཕྱེ་བ་དང་ཐག་རིང་གི་མགྲོན་པོ་བསུ་བཞིན་སྤྲོ་སེམས་དང་གཞུང་དྲང་བབ་ཆགས་ལ་བརྟེན་ནས་ཡོང་འབབ་ལྡབ་འཕར་བྱུང་བར་མ་ཟད། དཀར་མཛེས་ཀྱི་མཛེས་སྡུག་ཀྱང་མི་དེ་བས་མང་པོས་མཐོང་ཐུབ་པ་བྱུང་ཡོད།
ཁུལ་བཙུགས་ནས་ལོ་75འཁོར་རིང་།
དཀར་མཛེས་རྫོང་གིས་ཐག་རིང་ལུང་ཁུག་ནས་སྒོ་འབྱེད་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་དང་། སྲོལ་རྒྱུན་གྱི་ཞིང་འབྲོག་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཕྱོགས་སུ་བསྐྱོད་ཡོད། དགེ་ལེགས་ལྟ་བུའི་མི་སྤྱིར་བཏང་བ་རེ་རེ་བཞིན་གྱི་ལས་དབང་ལ་འགྱུར་ལྡོག་བྱུང་ནས་དཀར་མཛེས་རྫོང་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་འབོད་སྒྲ་ཞིག་ཏུ་གྱུར་པ་དང་། དེའི་རྒྱབ་ཏུ་དཀར་མཛེས་རྫོང་གིས་ལོ་75རིང་བློ་བརྟན་འགྱུར་མེད་ངང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་ཧུར་ཐག་གཏོད་པའི་གྲུབ་འབྲས་རེད། གློག་ཤར་གཏོང་ཐུབ་པ་དང་གཞུང་ལམ་ཤར་གཏོང་ཐུབ་པ་ནས་དྲ་རྒྱ་ཁྱབ་པ་དང་།
ལས་སྟེགས་བཅའ་སྡོད་བྱེད་པའི་བར་དང་སྲིད་ཇུས་ཀྱི་རོགས་སྐྱོར་ནས་སྤུས་རྟགས་ཁྱབ་གདལ་གཏོང་བའི་བར་དཀར་མཛེས་རྫོང་གིས་ངེས་པ་དོན་གྱི་བྱ་ཐབས་ལ་བརྟེན་ནས་དགེ་ལེགས་ལྟ་བུའི་མང་ཚོགས་ཀྱི་ཕུགས་འདུན་བགྲང་ལས་འདས་པ་མངོན་འགྱུར་བྱུང་ཡོད།
འོད་སྟོང་འབར་བའི་ལོ་ངོ་75དང་འབད་འབུངས་ཡར་བརྩོན་གྱི་དཀར་མཛེས་གསར་པ། དེ་ནི་འབོད་ཚིག་ཅིག་མིན་པར་ཁྱིམ་ཚང་ཁྲི་སྟོང་མང་པོའི་དྲོ་སྐྱིད་ལྡན་པའི་དོན་དངོས་ཤིག་ཡིན་པ་དང་། དགེ་ལེགས་ལྟ་བུའི་མི་དཀྱུས་མས་ལག་ཟུང་ལ་བརྟེན་ནས་སྐྲུན་པའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཡིན་ལ། དཀར་མཛེས་རྫོང་གིས་ད་ལྟར་བྲིས་པ་དང་རེ་བས་ཁེངས་པའི་འབྱུང་འགྱུར་ཞིག་དེ་བས་ཀྱང་ཡིན། །