རྟའུ་རྫོང་ནི་དཀར་མཛེས་ཁུལ་གྱི་མཚོ་འཕགས་སུམ་སྟོང་ལྷག་གི་མཐོ་སྒང་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་7053ཡོད། རང་བྱུང་ཁམས་དང་མི་ཆོས་རིག་གནས་གཉིས་འཆམ་མཐུན་ངང་གནས་ཤིང་། རིམ་པ་3Aཡན་གྱི་ཡུལ་སྐོར་ས་ཁུལ་11ནམ་མཁའི་སྐར་ཚོགས་ལྟར་ཁྱབ་ཡོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་37གྱིས་རྟའུ་ཡི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་བཞིན་ཡོད། གསེག་མའི་གླིང་ག་དང་གཡུ་ཁོག་རྩྭ་ཐང། ལུང་བསྟན་གེ་སར་རྩྭ་ཐང་། རྟའུ་དམངས་ཁྱིམ་སོགས་གནས་རེ་རེར་ཁྲོན་ནུབ་ཀྱི་ཐུན་མོང་མ་ཡིན་པའི་བརྩེ་དུང་གི་ཉམས་དང་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་མཚོན་ཡོད། ཕྱི་ནས་ཡོང་བའི་མགྲོན་པོ་ཡོངས་ཀྱིས་རྟའུ་ཡི་རང་བྱུང་གི་བཀོད་པ་དང་ཐུན་མིན་རིག་གནས་གྱ་ནོམ་པ་འདི་ལ་མྱོང་རོལ་བྱེད་བཞིན་མཆིས།
ཡིད་འོང་གི་ཞིང་ཁམས་། རྟའུ་།
རྩོམ་པ་པོ། རྟའུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་པར་མཁོ་འདོན་བྱས།སྤེལ་དུས། 2026-04-08བཀླགས་གྲངས། 100གངས་ལྗོངས་ཉི་གཞོན།
རྩོམ་པ་པོ། རྟའུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་པར་མཁོ་འདོན་བྱས།