སི་ཁྲོན་ཉིན་རེའི་ཚགས་པར་ཁང་གིས་གསར་འགྱུར་སྤེལ་གསལ། སྤྱི་ཟླ་7པའི་ཚེས་2ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་དང་། ཏང་གི་ཕུལ་བྱུང་ཁྱད་ཆོས་གསལ་འགྲེལ་དང་འོད་སྣང་ལྡན་པའི་མདུན་ལམ་ལ་རྒྱང་ལྟ་བྱས་ཏེ། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གཞི། རླབས་ཆེན་གྱི་བྱ་གཞག །རླབས་ཆེན་གྱི་ཕུགས་འདུན་བཅས་གཅིག་འདོམས་བྱས་པས་ཆབ་སྲིད་ཀྱི་སྐུལ་སློང་ནུས་པ་དང་།
ལོ་རྒྱུས་ཀྱི་རྟོལ་ཤུགས། རིགས་པའི་གཞུང་ལུགས་ཀྱི་གོ་སྐོན་བློ་འགུག་ནུས་པ། སེམས་ལ་གཡོ་འགུལ་ཐེབས་ཤུགས་བཅས་ལྡན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྟོབས་ཤུགས་ཆེར་སྐྱེད་ཀྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་བརྗིད་ཉམས་ལྡན་པའི་ཕུགས་འདུན་ལ་སྐུལ་མ་ཆེན་པོ་བཏང་བ་དང་སྲ་བརྟན་དུ་བཏང་བ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་ང་ཚོའི་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ཡོངས་སུ་ཁྱབ་པ་དང་། ང་ཚོའི་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བརྩོན་ལེན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་ལོ་རྒྱུས་ཀྱི་རི་མོ་བྲིས་ཡོད་ལ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཆེན་པོ་མཚོན་ཡོད། རྩོམ་ཡིག་ཧྲིལ་པོར་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་འཕྲོ་ཞིང་། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁྱབ་ནས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སྔར་བས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་བཏང་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་སྙིང་བཅུད་དང་གྲུབ་འབྲས་གསར་ཤོས་འདུས་ཡོད། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་གསལ་དུ་མཚོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བ་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་པས། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱེད་པར་ཁ་ཕྱོགས་སྔར་ལས་གསལ་སྟོན་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ལ་ངོས་འཛིན་གཏིང་ཟབ་དང་། སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ། རྒྱུན་མཐུད་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་ལས་དོན་ཁག་ཏུ་དོན་འཁྱོལ་བཅས་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ཧ་ཅང་ཕུན་སུམ་ཚོགས་ཤིང་རྒྱུད་རིམ་ལྡན་པ་དང་། སྙིང་བསྡུས་གསར་པ་དང་། ཆོད་གཏམ་གསར་པ། བཤད་སྟངས་གསར་པ་བཅས་མང་པོ་ཡོད་པས། ང་ཚོས་ཁྱོན་ཡོངས་ནས་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་བསམ་གཞིགས་ཡང་ཡང་བྱས་ནས་གོ་རྟོགས་སད་པར་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་གཏན་ཚིགས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ལྷག་བསམ་ཟོལ་མེད་དང་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ང་ཚོའི་ཏང་ལ་ལྡན་པའི་ཁྱད་ཆོས་ཕུལ་བྱུང་ཁོང་དུ་གཏིང་ཟབ་ཆུད་པ་དང་། དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཁྱད་ཆོས་ཕུལ་བྱུང་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་གཏོང་བ་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཏང་གི་གསར་གཏོད་བྱེད་ནུས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “ངེས་པར་དུ་བྱེད་དགོས་པ་ལྔ”ཡི་འབད་འཐབ་ཁ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པ་དང་།
“ངེས་པར་དུ་བྱེད་དགོས་པ་ལྔ”བྱ་སྤྱོད་ཀྱི་རྩ་འཛིན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བ། རང་རྟོགས་ཀྱིས་ཆབ་སྲིད་ལ་དང་དོད་བྱེད་པའི་ཐད་བླང་བྱ་སྔར་ལས་མཐོ་བ་དང་། འཕེལ་རྒྱས་དམ་འཛིན་བྱེད་པའི་ཐད་བྱེད་ཐབས་སྔར་ལས་དོན་དངོས་དང་མཐུན་པ། དམངས་འཚོར་ཕན་འདོགས་པའི་ཐད་ཤུགས་ཚད་སྔར་ལས་ཆེ་བ། བདེ་འཇགས་འགན་སྲུང་བྱེད་པའི་ཐད་མ་མཐའི་མཚམས་ཐིག་སྔར་ལས་བརྟན་པོ་ཡོང་བ་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྔར་ལས་ལྷག་པའི་སྒོས་ཐོག་མའི་བསམ་འདུན་མི་བརྗེད་པར་ཡིད་འོང་འབྱུང་འགྱུར་གཏོད་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སི་ཁྲོན་དུ་དོན་འཁྱོལ་དང་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས"སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་བྱེད་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ"ཁྱོན་ཡོངས་གཉིས"བློ་ལ་འཆང་བ་དང་། "རྒྱལ་ཁབ་ཆེན་པོ"སེམས་ལ་འཆང་བ། སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་སྦྱོང་དམ་འཛིན་དང་། དམིགས་ཚད་དང་རེའུ་མིག་ལ་དམིགས་ནས་བཀོད་སྒྲིག་དམ་འཛིན། གོང་འོག་འབྲེལ་མཐུད་ཀྱིས་དོན་འཁྱོལ་དམ་འཛིན་བཅས་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་རྒྱུན་རྣམ་དང་ཡུན་ཕན་ལམ་སྲོལ་རྒྱུན་མཐུད་འཐུས་ཚང་དུ་བཏང་ནས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་དུ་སྐྱོད་པར་ཁག་ཐེག་བྱེད་དགོས། མངོན་གསལ་དོད་པའི་དངོས་སྒྲུབ་ཀྱི་སྟོན་ཕྱོགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། "ས་མཐོ་གཉིས་དང་རྟེན་གཞི་གཉིས། སྲུང་ཡོལ་གཅིག"དང་དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱི་ཀ་བ་ཆེན་པོ་འཁུར་བའི་ལས་འགན་གལ་ཆེན་ལ་དམ་པོར་དམིགས་ནས། "ལོ་ལྔའི་འཚར་གཞི་བཅོ་ལྔ་པའི"འཆར་འགོད་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། དངོས་དོན་གཉེར་བའི་བྱེད་ཐབས་ལ་བརྟེན་ནས་ནང་མཁོའི་བར་སྟོང་རྒྱ་སྐྱེད་གཏོང་བ་དང་། སྤུས་ཀ་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་སྔར་ལས་ལྷག་པར་བྱེད་པ། ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་གཏོང་བ་དང་། "མགྱོགས་སུ་གཏོང་དགོས་པ་གསུམ"གྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་གང་ཐུབ་བྱེད་དགོས། དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། སེམས་རྣལ་དུ་ཕབ་ནས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པ། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཧུར་ཐག་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་སེམས་སྡུག་གི་གནད་དོན་ཐག་གཅོད་གང་ཐུབ་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། ཞུམ་མེད་འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། མ་མཐའི་མཚམས་ཐིག་གི་བསམ་གཞིགས་རྒྱུན་འཁྱོངས་བཅས་བྱས་ཏེ་ཁྱབ་ཁོངས་ཁག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱས་ནས། བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་པོ་ཏན་ཏིག་བསྐྲུན་དགོས། ཆོད་སེམས་དང་སྙིང་སྟོབས་བརྟན་པོར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།
ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་སྐོར་གཟིགས་དག་ཐེར་དང་གྲོང་ཁྱེར་དང་རྫོང་དང་ཡུལ་ཤོག་བཅས་ཀྱི་འགོ་ཁྲིད་ཚན་ཁག་སྐབས་བརྗེ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་གཙོ་གནད་ལས་འགན་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བསྟན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་ཏང་ཨུ(ཏང་ཙུའུ)རིམ་པ་ཁག་གིས་བརྒྱུད་བསྒྲགས་དང་སློབ་སྦྱོང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། ཏང་ཡོན་ལས་བྱེད་པར་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་པའི་ཐད་འབད་བརྩོན་བྱས་ནས་ཕན་འབྲས་ཐོན་པར་ཁྲིད་སྟོན་བྱེད་དགོས། སློབ་སྦྱོང་དང་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སྤེལ་རེས་དང་ཞིབ་བསྡུར་གཏིང་ཟབ་བྱས་ཏེ་སེམས་ནང་ཟུག་རྒྱུར་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་ཏེ་པར་ངོས་གལ་ཆེན་དང་དུས་མཚམས་གལ་ཆེན་དུ་གཅིག་སྡུད་དང་རྒྱུན་མཐུད་ངང་གནས་ཚུལ་སྤེལ་བ་དང་དམིགས་བྱ་ཅན་དང་། ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ་གཏིང་ཟབ་ཅིང་གནད་ལ་འཁེལ་བའི་ཞིབ་འཇུག་གྲུབ་འབྲས་དང་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་ཁག་ཅིག་བཏོན་ནས། ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྱོན་ཡོངས་ནས་གོ་བ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་རོགས་རམ་བྱེད་དགོས། སྦྱངས་པ་གོ་ཆོད་མཐའ་འཁྱོངས་བྱས་ཏེ་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་ལས་བྱེད་པས་དཀའ་སྒྲུབ་དངོས་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཏེ། ལོ་ཧྲིལ་པོའི་དམིགས་ཚད་གཏན་འཁེལ་གྱིས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་ཕན་འབྲས་སུ་འགྱུར་གང་ཐུབ་བྱེད་དགོས། །