
གཡི།
སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་དང་བརྗིད་ཆགས་པའི་བ་ཡན་ཧ་རིའི་འདབས་ན་རྫ་ཆུ་ཁ་ཆགས་ཡོད། བརྗིད་ཆགས་ཀྱི་ལྷུན་པོ་དང་། བརླན་ས། མཚེའུ་སོགས་ཀྱིས་དེ་གར་སི་ཁྲོན་ནུབ་རྒྱུད་ཀྱི་ཆེས་རྩེར་སོན་པའི་རི་ཀླུང་གི་རི་མོ་བྲིས་ཡོད།

གཟིག
སེར་ཤུལ་ལ་རྫ་ཆུ་ཁ་ཞེས་འབོད་དོན་ནི་རྫ་ཆུའི་འགྲམ་དུ་འཚོ་བའི་སྐྱས་སྤོའི་འབྲོག་པའི་ཚོ་པ་ཞིག་སྟེ། རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་25191ཟིན་པ་དང་ཆ་སྙོམས་མཚོ་འཕགས་སྨི་4526ཟིན་ཡོད། འབྲི་ཆུ་དང་། རྫ་ཆུ། རྨ་ཆུ་བཅས་གནས་འདིར་བརྒྱུད་ཅིང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་འདི་གར་བཞུར། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་མེ་ཏོག་འདི་གར་བཞད། མེ་ཏོག་མཉམ་བཞད་ཀྱི་སྒྱུ་རྩལ་འདི་གར་རྒྱུན་འཛིན་བྱས་ཡོད། དེར་བརྟེན་འཛམ་གླིང་གི་ཆེས་མཛེས་པའི་བརླན་ས་དང་། ལོ་སྟོང་གི་ཐང་བོད་གནའ་ལམ། རྡོ་བརྐོས་རིག་གནས་སྒྱུ་རྩལ་གྱི་ཕ་ས། བཀྲ་ཤིས་པའི་བྱང་སྡེ་ཉི་མ་བཅས་སེར་ཤུལ་གྱི་མིང་བྱང་བཞི་བྱུང་ཡོད།

ཁྲ།
སེར་ཤུལ་རྫོང་ལ་དཔལ་དགེ་མ་ཎིའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། བསང་གི་མ་ཎིའི་ཡུལ་སྐོར་མཛེས་ལྗོངས་ཁུལ། སེར་ཤུལ་ཚོ་པའི་རིག་གནས་གླིང་ཁུལ། རྩེ་མདའི་ཤྭ་བ་ལུང་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། འདན་མའི་བརླན་ས་སྤྱི་གླིང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་5དང་། རྒྱལ་ཁབ་ཀྱི་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཇུ་མི་ཕམ་རིག་གནས་གླིང་། ཞིང་ཆེན་རིམ་པའི་སྣོད་བཅུད་ཡུལ་སྐོར་དཔེ་སྟོན་ཁུལ་ཉི་མ་མཚེའུ་བཅས་ཡོད།

གནའ་བ།
ཡངས་ཤིང་རྒྱ་ཆེ་བའི་རྫ་ཆུ་ཁའི་རྩྭ་ཐང་ལ་བལྟས་ཚེ། སྐར་ཚོགས་ལྟ་བུའི་སྦྲ་གུར་གྱིས་སེར་ཤུལ་གྱི་ཐུན་མིན་རིག་གནས་དང་རྩྭ་ཐང་གི་ཤེས་དཔལ་ངོམས་བཞིན། གསོན་ཉམས་དོད་པའི་ཚོ་པའི་རིག་གནས་དང་མངོན་མིན་ཤུལ་བཞག་རིག་གནས། སྦྲ་གུར་རིག་གནས། གྱོན་གོས་རིག་གནས། བཟའ་བཏུང་རིག་གནས་སྔར་བཞིན་རྒྱུན་ཆད་མེད་པར་གནས་འདུག །

དགོ་སྐྱ།

ངུར་བ།