
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་འགོ་ནས་སྒྱུ་རྩལ་པ་སུང་ཐེན་ཁྲེང་དཀར་མཛེས་དང་རྔ་བ། བོད་ལྗོངས་བཅས་ཀྱི་ཡངས་པའི་ས་གཞིར་འགྲིམས་ཏེ། རི་མོ་འབྲི་ཞོར་འདྲ་པར་བླངས་ཤིང་། བགྲང་བྱ་བཞི་བཅུའི་རིང་གི་མཐོང་ཚོར་མི་ཆོས་རིག་པའི་འཚོལ་ཞིབ་ཀྱི་འགོ་བརྩམས།
ཆེད་སྒྲིག་ལེ་ཚན་འདི་ནི་ཕྱི་ཚུལ་མཚོན་པའི་མཚར་སྣང་ཙམ་མ་ཡིན་པར། གསར་གཏོད་པ་ཞིག་ལོ་ངོ་བཅུ་ཕྲག་རིང་ས་གནས་དངོས་སུ་བསྐྱོད་པའི་གོ་རིམ་ཁྲོད། མཐོ་སྒང་དུ་བཞག་པའི་བརྩེ་སེམས་ཟབ་མོ་ཞིག་ཡིན། སྨུག་མདོག་གི་བོད་ཁང་དང་། མཚལ་མདོག་གི་ལྷ་ཁང་། མཆོད་རྟེན་དཀར་པོའི་མདུན་དུ་ཕྱག་འཚལ་བའི་དད་ལྡན་པའི་གཟུགས་བརྙན་བཅས་ནི། དེང་རབས་འབྲོག་པའི་ཉིན་རེའི་འཚོ་བ་དང་གཅིག་ཏུ་འདྲེས་ཡོད། སུང་ཐེན་ཁྲེང་གིས་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། ཟུར་ལྟ་མཁན་གྱི་མཚན་སྣང་གིས་ཁེངས་པའི་ལྟ་སྟངས་དོར་ཏེ། ས་གཞི་འདིའི་སྟེང་གི“ཞི་འཇམ་དྭངས་གཙང་། ཁོག་ཡངས་སྤྲོ་སེམས”ལྡན་པའི་ཚེ་སྲོག་གི་ངོ་བོ་དེ་སླར་གསོ་བྱས་ཡོད། བརྩམས་ཆོས་འདི་དག་ནི་འོད་དང་གྲིབ་མ་གཟུགས་སུ་ཕབ་པའི་འདྲ་པར་བརྩམས་ཆོས་སྤུས་ལེགས་ཤ་སྟག་ཡིན་ལ། དུས་ཚོད་འདྲ་གཟུགས་སུ་བྲིས་པའི་མཐོང་ཚོར་ཡིག་ཚགས་ཤིག་ཀྱང་ཡིན། དེ་དག་གིས་དེང་རབས་བོད་འབྲེལ་ས་ཁུལ་ལ་གསོན་ཉམས་དོད་ཅིང་། སྒྱུ་རྩལ་གྱི་མཛེས་དཔྱོད་དང་མི་ཆོས་རིག་པའི་རིན་ཐང་ལྡན་པའི་པར་རིས་ཡིག་ཚགས་རིན་ཐང་ལྡན་པ་བཞག་ཡོད།









