སྤྲིན་དཀར་བང་རིམ་ངོགས་ན་རྩེ་དགུ་ཡི་འཁོར་ལོ། །
ས་ལ་བཀྲ་ཤིས་རྟགས་བརྒྱད་དགེ་མཚན་གྱིས་ཕྱུག་པ། །
བར་ན་སྤྲིན་དཀར་བན་བུན་འདུ་བ་དེ་ཡག་ས། །
ཕ་ཡུལ་གསེར་ལྗོངས་ཕྱུག་མོ་སྙན་ངག་གི་རམ་འདེགས། །
ཕུན་ཚོགས་སྡེ་བཞིའི་འབྱོར་བ་ཟབ་བརླིང་གི་རྒྱ་མཚོ། །
སྲོལ་བཟང་མེས་པོའི་ཕུགས་ནོར་བླ་སྲོག་ལྟར་གཅེས་པའི། །
ཕ་ཡུལ་སྡེ་དགེའི་ཤར་བརྒྱུད་གཏེར་ཆེན་གྱི་འབྱུང་ཁུངས། །
ང་ཡི་ལུང་པ་དམར་པོ་སྙིང་དབུས་ནས་དྲན་བྱུང་། །
ཉམས་མེད་གར་གྱིས་འགྱིང་པའི་བྲོ་གར་དེ་མཛེས་པ། །
སྙན་འཇེབས་གླུ་ཡི་རང་གདངས་རྣ་དབང་གི་བདུད་རྩི། །
དུས་ཀུན་འཛུམ་གྱིས་སིམ་པའི་ཕ་ཡུལ་གྱི་རང་མདངས། །
ཡལ་མེད་སེམས་ཀྱི་དཀྱིལ་ནས་བརྗེད་རྒྱུ་ཞིག་མི་འདུག །
ལྷོ་ཕྱོགས་སྤྲིན་དཀར་ཁྱོད་ཀྱི་འཕུར་ཡ་ལ་རྩེན་པའི། །
གཤོག་ཟུང་སྒྲོ་གུར་ལྡན་པའི་ལྷ་ལམ་གྱི་ཐང་དཀར། །
ཕ་ཡུལ་གསེར་ལྡན་ཕྱུག་མོ་ཁང་དམར་གྱི་ཕྱོགས་སུ། །
འཕུར་ན་དྲན་པའི་ཡིག་ཆུང་ཕ་ཡུལ་ལ་བསྐྱལ་རོགས། །