
2020ལོའི་ཟླ་6པར། སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཁག་གཉིས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཝུན་ཝུང་དང་སི་མ་ཞང་རུའུ། ཁྲེན་ཧྲོའུ། ཁྲང་ཆུས། ཁྲེན་ཙི་ཨང་། ཞུའེ་ཐའོ། གེ་སར་རྒྱལ་པོ།ཀྲང་ཡུས། ཆིན་ཅིའུ་ཧྲའོ། ལི་ཐིའོ་ཡོན་བཅས་ལོ་རྒྱུས་མི་སྣ་གྲགས་ཅན་10བདམས་ཐོན་བྱུང་། མི་སྣ་གྲགས་ཅན་10པོ་དེ་དག་ཧན་རྒྱལ་རབས་ནས་ཆིང་རྒྱལ་རབས་བར་གྱི་ཆབ་སྲིད་དང་རྩོམ་རིག།བསམ་བློ།སློབ་གསོ།ཚན་རིག།ལོ་རྒྱུས་རིག་པ་སོགས་ཀྱི་ཁྱབ་ཁོངས་སུ་གཏོགས་ཤིང་།ཁོང་རྣམ་པ་ནི་སི་ཁྲོན་རིག་གནས་ཀྱི་ཕུལ་དུ་བྱུང་བའི་མཚོན་བྱེད་ཡིན་ཞིང་།སྔོན་ལ་སྒྲུབ་ཕོད་པ་དང་གསར་གཏོད་གསར་སྐྲུན་བྱེད་མཁས་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་གཤིས། ཀྲུང་ཧྭའི་ལོ་རྒྱུས་དང་རིག་གནས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཨང་དང་པོ་མང་པོ་བཏོད་ལ། སྙན་གྲགས་ས་སྟེང་དུ་ཁྱབ་ཅིང་། གྲུབ་འབྲས་དེང་དུས་ཀྱང་མངོན།
2019ལོར། སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཁག་གཉིས་པའི་འོས་སྦྱོར་སྙན་ཞུའི་ལས་དོན་སྤེལ་འགོ་ཚུགས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)ཁག་གིས་སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་78འོས་སྦྱོར་བྱས་པ་འབྱོར་ནས།ཚན་རིག་དང་རྩོམ་རིག།ལོ་རྒྱུས་རིག་པ།ཆབ་སྲིད།སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།ཁྱབ་ཁོངས་མང་པོའི་མིང་དུ་གྲགས་པའི་རིགས་གཅིག་མཁས་ཅན་གྱིས་དཔྱད་མོལ་ཐེངས་མང་བྱས་པ་དང་འབྲེལ། ཆེད་དོན་རིགས་པས་ཁུངས་སྐྱེལ་དང་བཞུགས་མོལ་ཞིབ་བསྡུར་སོགས་ཀྱི་བྱ་ཐབས་བརྒྱུད་དེ། དུས་རབས་དང་མི་རིགས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས། མཐར་སི་ཁྲོན་གྱི་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་ཁག་གཉིས་པ་གཏན་འཁེལ་བྱས་པས། དེའི་ནང་གླིང་གེ་སར་རྒྱལ་པོ་ཚུད་ཡོད།
གླིང་གེ་སར་རྒྱལ་པོ།
གླིང་གེ་སར་རྒྱལ་པོ(སྤྱི་ལོ་1038ནས་1119ལོའི་བར་ཙམ)ནི་བོད་རིགས་ཀྱི་དཔའ་བོ་ཞིག་ཡིན་ཞིང་།སྐུ་འཁྲུངས་ཡུལ་ནི་དེང་དུས་ཀྱི་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་མངའ་ཁོངས་སུ་གཏོགས།ཁོང་གིས་སྐུ་ཚེ་ཧྲིལ་པོར་དགྲ་འདུལ་གཉེན་སྐྱོང་དང་མཐའ་བཞིར་དཔུང་འཇུག་མཛད་དེ། ཚོ་པ་ཆེ་ཆུང་ཁག་150ལྷག་གཅིག་གྱུར་བྱས་ཤིང་། འབྲི་ཆུའི་སྟོད་རྒྱུད་དང་རྨ་ཆུའི་སྟོད་རྒྱུད་དུ་ཁྲ་མོ་གླིང་གི་རྒྱལ་ཁབ་བཙུགས། རྗེས་རབས་པས་ཁོང་ལ་གླིང་གེ་སར་རྒྱལ་པོ་ཞེས་གསོལ།
མཛད་རྗེས་གཙོ་བོ།
གླིང་གེ་སར་རྒྱལ་པོས་བོད་བཙན་པོ་ཐོར་ཞིག་ཏུ་སོང་རྗེས་ཀྱི་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་གི་ཚོ་པའི་རྩོད་གཞིའི་རྣམ་པ་མཇུག་བསྒྲིལ་ནས། དེང་གི་སི་ཁྲོན་དང་བོད་ལྗོངས། མཚོ་སྔོན་བཅས་ལྗོངས་ཞིང་གསུམ་གྱི་འབྲེལ་མཚམས་ཀྱི་བོད་འབྲེལ་ས་ཁུལ་དུ་གྲོས་གཞི་འདོན་ནས་གཏན་འབེབས་བྱས།
ལོ་རྒྱུས་ཀྱི་མཛད་རྗེས།
གླིང་གེ་སར་རྒྱལ་པོས་ཁྲ་མོ་གླིང་གི་རྒྱལ་ཁབ་བཙུགས་ཏེ་དམག་འཁྲུག་མཇུག་བསྒྲིལ་ནས། འབངས་རྣམས་བདེ་ཞིང་ལོངས་སྤྱོད་རྒྱས་པས། ས་ཁུལ་དེའི་ཞིང་འབྲོག་ཀྱི་ཐོན་སྐྱེད་ལག་རྩལ་འཕེལ་རྒྱས་བྱུང་། གདོད་མའི་ཆོས་ལུགས་ཐད་དེ་བས་རྒྱུད་རིམ་ལྡན་པའི་ནང་བསྟན་དར་སྤེལ་བཏང་ནས། ནང་བསྟན་གྱི་འཇིག་རྟེན་ལྟ་བ་སྲོག་ཤིང་དུ་བྱས་ཐོག །གཅིག་གྱུར་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་རིག་གནས་ཤིག་ཆགས་པས། ཁོང་ནི་བོད་རིགས་མི་དམངས་ཀྱི་སྤོབས་པ་སྐྱེ་འོས་པའི་དཔའ་བོ་ཞིག་རེད། བཤད་རྒྱུན་དུ་ཁོང་གི་ཕུ་བོ་རྒྱ་ཚ་ཞལ་དཀར(ཨ་མ་རྒྱ་རིགས)གྱིས་ཁྲ་མོ་གླིང་གི་མངའ་ཐང་གཅིག་གྱུར་བྱེད་པའི་བརྒྱུད་རིམ་ཁྲོད། དམག་འཐབ་ཀྱི་མཛད་རྗེས་མངོན་གསལ་དོད་པོ་བཞག་ཅིང་། མཐར་གཡུལ་སར་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་། དེ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ《 གླིང་གེ་སར་རྒྱལ་པོའི་སྒྲུང་》ཁྲོད་ཀྱི་མི་གཤིས་ཆེས་ཕུན་སུམ་ཚོགས་པའི་དྲང་ཕྱོགས་ཀྱི་དཔའ་བོ་ཞིག་རེད།
སི་ཁྲོན་དུ་ཡོད་པའི་ལོ་རྒྱུས་ཤུལ་བཞག
དཀར་མཛེས་ཁུལ་དུ་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་སྡེ་དགེ་ཨ་ཕྱུག་རྩྭ་ཐང་དང་གླིང་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེའི་རྗེས་ཤུལ། གེ་སར་རྒྱལ་པོའི་བཙུན་མོ་སེང་ལྕམ་འབྲུག་མོའི་མཁར་ཤུལ། གླིང་གི་དཔའ་རྟུལ་གྱི་འཁྲུངས་གཞིས་དང་གཡུལ་སའི་རྗེས་ཤུལ་སོགས་ཡོད། ཁོང་གི་མཛད་པ་བརྗོད་པའི《 གླིང་གེ་སར་རྒྱལ་པོའི་སྒྲུང་》ནི་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་ཤོས་ཡིན་པ་དང་། ད་ལྟ་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ཏུ་གྱུར། གླིང་གེ་སར་རྒྱལ་པོ་བརྗོད་བྱ་བྱས་པའི་ཐང་ག་དང་རྡོ་བརྐོས། རི་མོ་སོགས་སྒྱུ་རྩལ་གྱི་ཤུལ་བཞག་ནི་གནའ་ནས་དམངས་ཁྲོད་དུ་དར་ཁྱབ་ཆེ།
དེང་རབས་ཀྱི་རིན་ཐང་།
གླིང་གེ་སར་རྒྱལ་པོ་ནི་ལོ་རྒྱུས་མི་སྣ་དངོས་ཡིན་ཞིང་། ལོ་རྒྱུས་སྙན་རྩོམ་གྱི་བརྒྱུད་རིང་ཁྲོད་རིམ་བཞིན་ལྷ་སྒྲུང་ལྟ་བུར་ཆགས། ཁོང་གིས་ཚོ་པ་གཅིག་གྱུར་དང་ཐོན་སྐྱེད་འཕེལ་རྒྱས་བཏང་ནས་མི་དམངས་ལ་བརྟན་ལྷིང་གི་འཚོ་བ་ཞིག་བསྐྲུན། དེ་བས་དངོས་ཡོད་ཀྱི་དོན་སྙིང་ལྡན་པ་ཞིག་ནི། ཁོང་གི་ཕུ་བོས་གཅིག་གྱུར་གྱི་ཆེད་དུ་མཐའ་བཞིར་གཡུལ་འཁྲུག་མཛད་ནས། མཐར་གཅེས་པའི་སྲོག་ཀྱང་ཕུལ་བ་རེད། གླིང་གེ་སར་སྒྲུང་དུ་ཁོང་དང་ཕུ་བོ་རྒྱ་ཚའི་བར་གྱི་འབྲེལ་བ་ཞིབ་འབྲི་བྱེད་སྐབས། རྒྱ་བོད་མི་རིགས་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མཛའ་བརྩེའི་ཕྱི་ཐག་རིང་བར་ར་སྤྲོད་བྱེད་ཐུབ། སྔོག་འདོན་གཏིང་ཟབ་བྱས་ཚེ། ད་དུང་རྒྱ་བོད་འགྲོ་འོང་གི་ཁུངས་འདེད་ཐུབ་སྟེ། དཔེར་ན་ཇ་ཇི་ལྟར་བོད་འབྲེལ་ས་ཁུལ་དུ་དྲངས་པ་སོགས་ལོ་རྒྱུས་ཀྱི་དོན་དངོས་གལ་ཆེན་ཞིག་རེད།
དཔྱད་གཏམ་ཚིག་ཀ་གཅིག
བོད་ཀྱི་དཔའ་བོ། ལོ་རྒྱུས་སྙན་རྩོམ་ཇི་སྲིད་བར་དུ་གནས།
སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེགས་ནས།