
ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་95ཡི་ལོ་རྒྱུས་དང་མི་དམངས་བཅིངས་འགྲོལ་དམག་གི་ལོ་ངོ་89ཡི་ལོ་རྒྱུས་སྟེང་། རྒྱང་སྐྱོད་ནི་ཆེས་དཀའ་སྡུག་དང་གཟི་བརྗིད་ཀྱིས་གྲུབ་པའི་ལོ་རྒྱུས་ཤིག་ཡིན།
རྒྱང་སྐྱོད་ནི་སྔར་བྱུང་མ་མྱོང་པའི་མི་ཡུལ་གྱི་འགྲུལ་བཞུད་ཅིག་དང་བརྗིད་ཆགས་ཤིང་ཡིད་དབང་འཕྲོག་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་ཡིན།
རྒྱང་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ནི་དཀའ་བ་ཁྱད་དུ་བསད་ནས་གངས་རི་དང་རྩྭ་ཐང་བརྒལ་ཞིང་། མི་སེམས་སྒུལ་བའི་དཀའ་སྡུག་མྱོང་བཞིན་ཤི་གསོན་དང་འཐབ་རྩོད་བྱས་པའི་རྒྱལ་ཁ་ཡིན།
དེ་བས། མི་རྣམས་ཀྱིས་རྒྱུན་དུ་གངས་རིར་འཛེགས། རྩྭ་ཐང་བརྒལ་ཞེས་རྒྱང་སྐྱོད་ཀྱི་དཀའ་སྡུག་དང་དམར་དམག་གི་དཔའ་མཛངས་རྟུལ་ཕོད་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་མཚོན་པར་བྱེད། གངས་རིར་འཛེགས། རྩྭ་ཐང་བརྒལ་ཞེས་པ་ནི་རྒྱང་སྐྱོད་ཀྱི་མཚོན་རྟགས་སུ་གྱུར་ཞིང་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་སྟེང་གི་ནམ་ཡང་གསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་གྱུར་ཡོད། །
དམར་དམག་རྒྱང་སྐྱོད་ཐང་ག་དང་རྒྱང་སྐྱོད་རིག་གནས་སྒྱུ་རྩལ་གྱི་ཐོག་མའི་ཟུང་འབྲེལ་གྱི་ཐང་ག་ཁྲེན་ཏུའུ་ནས་འགྲེམ་སྟོན་བྱས།
ཆེད་མཁས་པས་དམར་དམག་གི་གཏམ་རྒྱུད་བཤད་བཞིན་པ། དཀོན་རྡོས་པར་བླངས། 降边嘉措讲红军故事 图 / 根多
སྤྱི་ཟླ་9པའི་ཚེས་6ཉིན། ཁམས་པའི་བརྙན་འཕྲིན་ཁང་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་གྱིས་རྒྱང་སྐྱོད་ཐང་ཀར་བལྟས་ནས། དམར་དམག་གཏམ་རྒྱུད་བཤད་ཅེས་པའི་རྒྱང་སྐྱོད་བརྗོད་བྱ་ཡིན་པའི་ཐང་ག་གསར་བཞེངས་གནང་སྟེ་ཐེངས་དང་པོར་རྒྱང་སྐྱོད་རིག་གནས་དེ་ཐང་གའི་རི་མོའི་སྒྱུ་རྩལ་ཁྲོད་བཀོད་ནས་འགྲེམ་སྟོན་བྱེད་པའི་བྱེད་སྒོ་དེ་ཁྲེན་ཏུའུ་རུ་གཟབ་རྒྱས་ངང་འཚོགས།
མང་ཚོགས་ཀྱིས་རྣམ་པ་གསར་པའི་ཐང་གར་ལྟ་བཞིན་པ། དཀོན་རྡོས་པར་བླངས།
虾拉沱村民参观唐卡 图 / 根多
བྱེད་སྒོ་སྤེལ་ཡུལ་དུ། ཚོགས་ཞུགས་མཁན་ཚོས་རྒྱང་སྐྱོད་ལམ་གྱི་སྐོར་སྐྱོད་བརྗོད་བྱ་གཙོ་བོར་བྱས་པའི་འཆད་ཁྲིད་ཀྱི་འགྲེམས་སྟོན་བྱེད་པའི་བྱེད་སྒོ་ཐེངས་15དང་། པར་ལེན་ཚོ་ཆུང་ས་མཐོའི་བོད་རིགས་ས་ཁུལ་དུ་བསྐྱོད་ནས་བླངས་པའི་བརྙན་ཐུང་ལ་གཟིགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོས་རྒྱང་སྐྱོད་བརྗོད་བྱ་གཙོ་བོ་ཡིན་པའི་ཐང་ག་གསར་པར་གསལ་བཤད་བྱས། རྒྱང་སྐྱོད་ལ་རྣམ་པ་གསར་པའི་སྒྱུ་རྩལ་གྱི་མཚོན་ཚུལ་མངོན་པར་མ་ཟད། ཐང་གའི་སྒྱུ་རྩལ་གསར་རྩོམ་གྱི་རྣམ་པ་གསར་པ་གཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཁྲེང་ཏུའུ་ནས་སྤེལ་བའི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་མཇུག་སྒྲིལ་རྗེས་ཐང་གའི་ཚན་སྒྲིག་རི་མོ་སྐོར་འགྲེམ་དང་སྤྱི་ཕན་བྱེད་སྒོ་ཆེ་གྲས་སླར་ཡང་ལམ་ལ་བསྐྱོད་ནས་ཕྱིར་ཀུའེ་ཀྲོའུ་དང་། ཀན་སུའུ། པེ་ཅིང་སོགས་སུ་རྒྱུན་མཐུད་ངང་སྤེལ་རྒྱུ་རེད། དུས་མཚུངས་སུ་ཁམས་པའི་བོད་སྐད་བརྙན་འཕྲིན་གྱི་ཁམས་པའི་འཆད་ཁྲིད་ལེ་ཚན་གྱིས་སྐོར་སྐྱོད་འགྲེམ་སྟོན་བྱེད་པའི་ས་ཚིགས་ས་གནས་སུ་འཆད་ཁྲིད་ལེ་ཚན་རེ་རེ་ཕབ་བཟོ་བྱ་རྒྱུ་རེད། དཔེ་ཁྲིད་གནང་མཁན་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོས་འགན་བཞེས་པ་དང་། ལོ་རབས་80པའི་དམར་དམག་རྒྱང་སྐྱོད་ཁྲོད་ཀྱི་རྟོག་དཀའ་བའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བཤད་ནས་ཟླ་10པར་རྒྱལ་ཁབ་ཕྱི་ནང་དུ་སྟོན་རྒྱུ་རེད། །
དམར་དམག་རྒྱང་སྐྱོད་ཀྱི་ཐང་ག་ཁམས་པའི་སྒྱུ་རྩལ་དུས་ཆེན་དུ་ཞུགས་པ། དཀོན་རྡོས་པར་བླངས།
红军长征系列唐卡亮相康巴艺术节 图 / 根多