ཀྲུའུ་ཏེའི་སྡོད་ཁང་རྙིང་པ།
朱德旧居
དཀར་མཛེས་ཁུལ་དུ་ཡོད་པའི་ཀྲུའུ་ཏེའི་སྡོད་ཁང་རྙིང་པ་ནི་སྤྱི་ལོ་1936ལོར་དམར་དམག་དཔུང་ཕྱོགས་བཞི་པ་དཀར་མཛེས་སུ་བརྒྱུད་སྐབས་དམག་སྤྱི་ཆེན་མོ་ཀྲུའུ་ཏེ་བཞུགས་མྱངས་ཤིང་། ཀྲུའུ་ཏེ་དང་དགེ་རྟག་སྐུ་ཕྲེང་ལྔ་པ་ཐུག་འཕྲད་གནང་བའི་ལོ་རྒྱུས་དེ་སྡོད་ཁང་རྙིང་པ་འདིས་ར་སྤྲོད་བྱེད་ཐུབ་པས་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པ་དང་། ལོ་རྒྱུས་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན། །
དམག་དཔུང་ཁག་བཅོ་བརྒྱད་པའི་ཕུག་དོང་།
十八军窑洞群
དམག་དཔུང་ཁག་བཅོ་བརྒྱད་པའི་ཕུག་དོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གི་སྲིབ་ངོས་ཡུལ་ཚོ་ན་ཡོད་ལ། ཕུག་དོང་འདི་རྣམས་ནི་སྤྱི་ལོ་1951ལོར་དམག་དཔུང་བཅོ་བརྒྱད་དང་སྤུན་ཟླའི་དམག་དཔུང་གཉིས་ཀྱིས་དཀར་མཛེས་གནམ་གྲུ་ཐང་མྱུར་བསྐྲུན་བྱེད་སྐབས་བསྐྲུན་པའི་དམག་མིའི་སྡོད་གནས་ཡིན། འདིས་དཀར་མཛེས་རྫོང་ཞི་བའི་བཅིངས་འགྲོལ་ཐོབ་རྗེས་ཀྱི་དུས་ཚོད་ངེས་ཅན་ཞིག་གི་ལོ་རྒྱུས་མཚོན་བཞིན་ཡོད། །
དགེ་རྟག་སྤྲུལ་སྐུའི་དྲན་གསོ་ཁང་།
五世格达活佛纪念馆
སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་ནི་1993ལོའི་ཟླ་11པར་བཙུགས་ལ། ནང་དུ་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་གཉིས་ཀྱིས་སྙིང་གཏམ་བཤད་བཞིན་པའི་བརྐོས་བརྙན་ཆེ་གྲས་དང་། དམར་དམག་དཀར་མཛེས་རུ་འཚོ་སྡོད་བྱེད་པའི་རིང་ས་གནས་དེ་གའི་མི་དམངས་འབྲེལ་བ་ཧ་ཅང་བཟང་པ། དེ་བཞིན་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་དཀར་མཛེས་འཕེལ་རྒྱས་དང་འགྱུར་ལྡོག་རིག་དངོས་སྣ་ཚོགས་དང་པར་རིས་འགྲེམས་སྟོན་བཤམས་ཡོད་ལ། དྲན་གསོ་ཁང་དེར་སྐབས་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཞེས་མིང་བཏགས་ལ་ དུས་ད་ལྟ་དཀར་མཛེས་རྫོང་གིས་མི་རིགས་ཁག་གི་མི་དམངས་ལ་རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་སྤེལ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། །