བོད་སྡེའི་མཛེས་པའི་རྣམ་པ།
藏寨处处展新貌
未来5年,脱贫已成为举国上下一场必须要打赢的攻坚战。“精准”更成为脱贫之举成败的关键。对扶贫工作有着深入思考,对贫困群众有着真挚情感的习近平总书记,在多次考察和讲话中反复强调“精准”的重要性:“扶贫要实事求是,因地制宜。要精准扶贫,切忌喊口号,也不要定好高骛远的目标。”“要把扶贫攻坚抓紧抓准抓到位,坚持精准扶贫,倒排工期,算好明细账,决不让一个少数民族、一个地区掉队。”“扶贫开发贵在精准,重在精准,成败之举在于精准。”
习近平总书记的重要指示,为加快民族地区奔向全面小康指明了方向、注入了动力。四川藏区针对特殊地理环境,因地制宜在扶贫攻坚上精准发力,探索出了一条适合四川藏区特点的农村扶贫改革奔康新路。
འབྱུང་འགྱུར་གྱི་ལོ་ལྔའི་ཁྲོད་དུ་དབུལ་སེལ་ནི་རྒྱལ་ཡོངས་མི་དམངས་ཀྱིས་ངེས་པར་དུ་དང་ལེན་བྱེད་དགོས་པའི་འགག་སྒྲོལ་གཡུལ་འཐབ་ཅིག་ཡིན་པ་དང་། གནད་སྨིན་ནི་དབུལ་སྒྲོལ་ལས་ཀའི་འགག་རྩ་རུ་གྱུར་ཡོད། དབུལ་སྐྱོར་ལས་ཀར་ཐུགས་དགོངས་ཟབ་མོ་བཞེས་ཡོད་ཅིང་དབུལ་ཕོངས་མང་ཚོགས་ལ་ཟོལ་མེད་ཀྱི་བརྩེ་བ་བཅངས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་དང་གསུང་བཤད་མང་པོའི་ཁྲོད་དུ་གནད་སྨིན་གྱི་གལ་ཆེའི་རང་བཞིན་ནན་གྱིས་བསྟན་ཡོད། ཁོང་གིས་གསུངས་དོན། དབུལ་སྐྱོར་ལས་ཀ་དངོས་དོན་དང་མཐུན་དགོས་ཤིང་ཡུལ་བབ་དང་བསྟུན་དགོས། གནད་སྨིན་དབུལ་སྐྱོར་བྱ་དགོས་པ་ལས་འབོད་ཚིག་སྒྲོག་པ་དང་མཐོ་འདོད་ཆེན་པོ་གཏན་ནས་བྱ་མི་རུང་། ངེས་པར་དུ་དབུལ་སྐྱོར་འགག་སྒྲོལ་དེ་དམ་འཛིན་ནན་མོ་དང་དམ་འཛིན་གནད་འཁེལ་བྱ་དགོས། གནད་སྨིན་དབུལ་སྐྱོར་རྒྱུན་འཁྱོངས་བྱ་སྟེ་ལས་ཡུན་ལྡོག་སྒྲིག་དང་ཞིབ་རྩིས་མངོན་རྩིས་ཡག་པོ་བརྒྱུད་གྲངས་ཉུང་མི་རིགས་གང་རུང་ཞིག་དང་ས་ཁུལ་གང་རུང་ཞིག་ཡིན་རུང་རྗེས་ལུས་སུ་གྱུར་དུ་འཇུག་མི་རུང་བར་བྱ་དགོས། དབུལ་སྐྱོར་གསར་སྤེལ་དེ་གཙོ་བོ་གནད་སྨིན་ལ་རག་ལས་ཤིང་རྒྱལ་ཕམ་ཀྱང་གནད་སྨིན་ལ་ཐུག་ཡོད་ཅེས་བསྟན།
དབུལ་ཕོངས་གནད་དོན་དེ་སི་ཁྲོན་བོད་ཁུལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་དུ་འགྱུར་བའི་བཀག་རྒྱ་རུ་གྱུར་ཡོད་ཅིང་། འགོ་ཁྲིད་མི་སྣའི་སེམས་ཀྱི་ན་ཟུག་ཅིག་ཀྱང་ཡིན། བོད་ཁུལ་གྱི་དབུལ་ཕོངས་ས་ཁུལ་དུ་མི་རྣམས་ཀྱི་འཚོ་བ་སྔར་བཞིན་དཀའ་ཁག་ཆེ་རུང་དགའ་འོས་པ་ཞིག་ལ་ཀྲུང་དབྱང་གིས་དབུལ་སེལ་རྣམ་འགྱུར་ཧ་ཅང་མངོན་གསལ་ཡོད་དེ། རིམ་པ་སོ་སོའི་དབུལ་སྐྱོར་སྡེ་ཁག་གིས་དབུལ་ཕོངས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དེ་རང་འགན་དང་དུ་བླངས་ཏེ་གནད་སྨིན་དབུལ་སྐྱོར་བྱས། དེ་ལས་ང་ཚོས་མཐོང་ཐུབ་པ་ནི་རྒྱལ་ཁབ་ཀྱི་འགན་འཁྲི་མངོན་གསལ་དང་གཏན་འཁེལ། རླབས་ཆེན་དུ་གྱུར་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རིམ་གསར་པའི་དབུལ་སྐྱོར་ལས་ཀར་གནད་སྨིན་གྱི་བླང་བྱ་བསྟན་ཡོད། དེ་ལས་མཚོན་ཐུབ་པ་ཞིག་ནི་བོད་ཁུལ་དབུལ་ཕོངས་ས་ཁུལ་གྱི་རྟེན་གནས་དེ་འདེགས་དགོས་ན་གནད་སྨིན་གྱི་འདེགས་ཤིང་སྤྱད་དགོས། དབུལ་སྐྱོར་འགག་སྒྲོལ་ལས་ཀའི་རབ་རིབ་དང་ནག་ནོག་གི་དབུལ་སྐྱོར་བྱ་ཐབས་ལ་འཛེམ་དགོས་ཏེ། གཙོ་བོར་དབུལ་ཕོངས་དུད་ཚང་དངོས་ལ་རྒྱུས་ལོན་བྱས་ནས་གནས་ཚུལ་གསལ་རྟོགས་བྱས་རྗེས་བྱེ་བྲག་གི་གནད་དོན་དང་དབུལ་ཕོངས་དུད་ཁྱིམ་གྱི་མི་གྲངས། ཐོན་ལས་ཁྱད་ཆོས། གནམ་གཤིས་ཆ་རྐྱེན། ཁོར་ཡུག་རྒྱུ་རྐྱེན་སོགས་སུ་དམིགས་ཏེ་ལག་བསྟར་བྱེད་བདེ་བའི་དབུལ་སྐྱོར་བྱ་ཐབས་གཏན་འབེབས་བྱ་དགོས། །