
德格印经院“甘珠尔”经库
དཀར་མཛེས་ཁུལ་ནི་བོད་ཀྱི་རིག་གནས་ལྟེ་བ་ཆེན་པོ་གསུམ་གྱི་ཡ་གྱལ་དང་ཁམས་པའི་རིག་གནས་ཀྱི་འབྱུང་གནས་ཡིན་ཞིང་། གནས་འདིའི་མི་རིགས་རིག་གནས་ཀྱི་ནང་དོན་གཏིང་ཟབ་ལ་ཕུན་སུམ་ཚོགས། གེ་སར་རིག་གནས་ཀྱི་ཕ་སར་ངོས་འཛིན་བྱེད་པའི་གནས་འདིར་གེ་སར་རིག་གནས་དང་འབྲེལ་བའི་ཤུལ་བཞག་རིག་གནས་མང་པོ་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད་ལ་དར་མདོར་མཛའ་གཞས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཡང་གསོལ་ཡོད། གངས་ལྗོངས་རིག་གནས་ཀྱི་གཏེར་མཛོད་དུ་འབོད་པའི་སྡེ་དགེ་པར་ཁང་གིས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་བཞག་ཅིང་སྐད་གྲགས་འཛམ་གླིང་ལ་ཁྱབ་པའི་ཤམ་བྷ་ལའི་རིག་གནས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་པས་དམངས་སྲོལ་དང་ཆོས་ལུགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ། གནས་འདིའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་ཇ་འདྲེན་བརྡལ་ལམ་ནི་མི་རིགས་སོ་སོའི་རིག་གནས་དང་ཚོང་རྫས་བརྗེ་རེས་བྱེད་སའི་ཐུན་མོང་གི་བར་ཁྱམས་སུ་ངོས་འཛིན་བྱས། དམར་དམག་རྒྱང་སྐྱོད་དཀར་མཛེས་ཁུལ་གྱི་རྫོང་ཁག་16བརྒྱུད་ཅིང་གསར་བརྗེ་དང་འབྲེལ་བའི་རིག་དངོས་ཀྱི་ཐོན་ཁུངས་གྱ་ནོམ་པ་ཞིག་ཡོད།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ་དཀར་མཛེས་ཁུལ་གྱིས་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་དང་ཁུལ་དང་རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་མི་སྣ་ལྷན་རྒྱས་ཀྱི་ཧུར་བརྩོན་དང་འབད་པར་བརྒྱུད་རིག་གནས་ལས་ཀ་འཕེལ་རྒྱུས་སུ་བཏང་། དེ་མིན་རྩ་ཆེའི་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་ཏེ་རིག་གནས་ཀྱི་གཤིན་ས་འདིར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་མེ་ཏོག་ལྷུག་པར་བཞད།
གསེར་རྟ་རྫོང་གི་གེ་སར་ཟློས་གར་ལས་《རྟ་རྒྱུག་རྒྱལ་འཇོག》འཁྲབ་སྟོན་བྱེད་བཞིན་པ།
色达藏戏之《 赛马称王》 剧 照
ལས་ཀའི་རྨང་གཞི་སྲ་བརྟན་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ།
ལོ་ལྔའི་རིང་བསྡོམས་བརྩིས་བྱས་པ་ལྟར་ན། དཀར་མཛེས་ཁུལ་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་4.7 སྤྱི་གཞུང་རིག་གནས་ཞབས་ཞུའི་སྟེང་བཀོལ་ཏེ་ཁུལ་རིམ་པའི་ཐུན་མོང་ཟློས་གར་ཁང་གཅིག་འཛུགས་སྐྲུན་དང་རྒྱལ་ཁབ་ལ་དབང་བའི་དངོས་མང་བཤམས་སྟོན་ཁང་5དང་དམངས་གཉེར་བཤམས་སྟོན་ཁང་2 རྫོང་རིམ་པའི་རིག་གནས་ཁང་18དང་ཡུལ་ཤོག་དང་གྲོང་རྡལ་རིམ་པའི་སྣ་འཛོམས་རང་བཞིན་གྱི་རིག་གནས་ཁང་325 འབྲོག་པའི་གཏན་སྡོད་ཀྱི་རིག་གནས་བྱེད་སྒོ་ཁང་288 རྫོང་རིམ་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱད་ཡན་ལག་ལྟེ་གནས་18དང་། ཤར་རླུང་ལས་གཞི་6དང་། ཞིང་སྡེའི་དཔེ་ཁང་2763 དགོན་སྡེའི་དཔེ་ཁང་512 སྤྱི་སྤྱོད་དཔེ་ཁང་51 འཁོར་སྐྱོད་དཔེ་ཚོང་རླངས་འཁོར་18བཅས་བཀོད་སྒྲིག་དང་འཛུགས་སྐྲུན་བྱས།
ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ་ཞབས་ཞུའི་ནུས་པ་གོང་འཕེལ་དུ་བཏང་བ།
སྤུས་དག་འཐབ་ཇུས་ལག་བསྟར་བྱས་ཏེ་རིག་གནས་སྒྱུ་རྩལ་གསར་རྩོམ་ལ་སྐུལ་འདེད་བཏང་བ། རིག་གནས་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ཏེ་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱས།
དཀར་མཛེས་ཁུལ་དམངས་ཆེན་གྱིས་ཤུགས་ཆེན་པོའི་སྐུལ་འདེད་དང་མཛུབ་སྟོན་འོག་《དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གྱི་སྲོལ་ཡིག》བཏོན་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཡིག་ཐོག་ནས་སྙན་ཞུ་འབུལ་བའི་ལས་དོན་ལ་ཤུགས་སྣོན་བྱས་ཏེ། སྡེ་དགེ་པར་ཁང་གི་པར་འདེབས་སྒྱུ་རྩལ་བདེ་བླག་ངང་མིའི་རིགས་(འཛམ་གླིང་།)ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་དུ་ཚུད་ཡོད།
འབའ་གཞས་འཁྲབ་སྟོན་བྱེད་བཞིན་པ།
保存最完好的藏族音乐“活化石”——巴塘弦子
འབའ་བའི་འབའ་གཞས་དང་བྲག་འགོའི་ལ་གཞས། རོང་བྲག་གི་གླུ་དང་སྐོར་བྲོ། དཀར་མཛེས་ཞབས་བྲོ་སོགས་ཁྱོན་བསྡོམས་གླུ་དང་ཞབས་བྲོ་1360ཡིི་གཞི་འཛིན་གྲངས་མཛོད་འཛུགས་སྐྲུན་བྱས། དེ་མིན་ཁམས་པའི་རིག་གནས་ཞིབ་འཇུག་ཁང་དང་བཀའ་བསྟན་བསྐྱར་རྐོའི་ལས་གཞི། གེ་སར་དངོས་མང་བཤམས་སྟོན་ཁང་། གྲངས་ཀའི་བསྐྱར་པར་ཁང་། ཤིང་པར་རྟེན་རྫས་བཤམས་སྟོན་ཁང་བཅས་ཀྱི་ཁམས་པའི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་གི་ལས་གཞི་ཆེན་པོ་བཞིི་ལས་འགོ་ཚུགས། དེ་མིན་ཁམས་ཀྱི་སྤུས་དག་ཐང་ག་80ཡི་བསྐྱར་བཟོ་ལས་གཞི་སྤེལ་འགོ་ཚུགས་པ་དང་། ཐང་གའི་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་རི་མོ་180ཡི་སྒྲིག་བཟོ་དང་མཛེས་སྦྱོར་ལས་ཀ་ལེགས་གྲུབ་བྱུང་བར་མ་ཟད། ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གི་འཛུགས་སྐྲུན་ལས་ཀའི་འགོ་ཚུགས། མིག་སྔར་གཙོ་གཟུགས་ལས་གཞིའི་འཛུགས་སྐྲུན་ལེགས་གྲུབ་བྱུང་ཞིང་མི་འགྱངས་བར་འགྲེམ་སྟོན་དང་སྒྲིག་གཤོམ་གྱི་ལས་རིམ་ལག་ལེན་བསྟར་འགོ་ཚུགས་རྒྱུ་རེད།
མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་རོང་སྐོར་བྲོ།
最具民族特征和地域特色的嘉绒锅庄表演现场
རྒྱུན་ཆད་མེད་པར་ཕྱི་ཕྱོགས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་བ།
ལོ་ལྔའི་རིང་ལ། དཀར་མཛེས་ཁུལ་གྱིས་ནང་དུ་འདྲེན་པ་དང་། ཕྱི་ཕྱོགས་སུ་བསྐྱོད་པ་ཞེས་པའི་རྩ་དོན་གཞིར་བཟུང་ཞིང་། དར་རྒྱས་ཆེ་བའི་ས་ཁུལ་གྱི་ཁ་གཏད་སྡེ་ཁག་དང་འབྲེལ་བ་བཙུགས་ཏེ་ཕྱི་ཕྱོགས་ཀྱི་འབྲེལ་བར་ཤུགས་སྣོན་བྱས། རིག་གནས་ཚོང་རྟགས་བཞེངས་སྐྲུན་བྱས་ཏེ་རིག་གནས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་།
ལོ་ལྔའི་རིང་ལ། དཀར་མཛེས་ཁུལ་གྱིས་ཚད་རིམ་དམའ་ས་ནས་འགོ་བརྩམས་ཤིང་རྨང་གཞི་ཞན་པའི་ད་ལྟའི་གནས་བབ་ལ་མ་འཛེམ་པར། མི་རིགས་རིག་གནས་ཀྱི་གཟུགས་མེད་ཐོན་ཁུངས་སྔོག་འདོན་དང་རིག་གནས་ཐོན་རྫས་འཛུགས་སྐྲུན། རིག་གནས་ཁེ་ལས་འཕེལ་རྒྱས་སུ་བཏང་སྟེ་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་དང་དར་རྒྱས་ཆེ་བའི་ས་ཁུལ་བར་གྱི་ཧེ་བག་ཇེ་ཆུང་དུ་བཏང་།
གསེར་རྟ་རྫོང་གེ་སར་རིག་གནས་སྒྱུ་རྩལ་ཕོ་བྲང་གི་ཕྱིའི་རྣམ་པ།
色达县格萨尔文化艺术中心外景
ལོ་ལྔའི་འཆར་གཞི་བཅུ་གསུམ་པར་དམིགས་ཏེ་རིག་གནས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་བ།
ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པར་སྒྲིག་བཟོ་བྱ་ཆེད། དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་ནན་ཏན་སྒོས་བརྟག་དཔྱད་ཞིབ་འཇུག་གནང་སྟེ་མིག་སྔའི་གནས་ཚུལ་དང་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག ཞབས་ཞུའི་མ་ལག་འཐུས་ཚང་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏང་བ། རིག་གནས་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ་སོགས་ཀྱི་ཐད་ནས་ལུགས་མཐུན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྣམ་གྲངས་སྒྲིག་བཟོ་བྱས། ཁྱོན་བསྡོམས་རིག་གནས་དང་ལུས་རྩལ། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། གསར་འགྱུར་དཔེ་སྐྲུན་བཅས་ལས་རིགས་བཞིའི་རྣམ་གྲངས་71ཡོད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་743586.32བཏང་། དེའི་ལས་རིག་གནས་རྣམ་གྲངས་ཁག་42དང་། སྤྱིའི་མ་དངུལ་སྒོར་ཁྲི་421800 ལུས་རྩལ་རྣམ་གྲངས་ཁག་13དང་། སྤྱིའི་མ་དངུལ་སྒོར་ཁྲི་138190 གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་རྣམ་གྲངས་ཁག་16དང་སྤྱིའི་མ་དངུལ་སྒོར་ཁྲི་183596གཏང་རྒྱུའི་འཆར་གཞི་བཟོས། མིག་སྔར། དཀར་མཛེས་ཁུལ་གྱིས་ཧུར་ཐག་སྒོས་ཞིང་ཆེན་རིག་གནས་ཐིང་དང་། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན་ཅུས། དེ་བཞིན་ཁུལ་འཕེལ་བསྒྱུར་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་བར་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་བྱས་ཏེ་ཇུས་གཞིའི་རྣམ་གྲངས་སྔར་ལས་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་རོགས་སྐྱོར་སྔར་ལས་ཆེན་པོ་ཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད།།
དར་མདོའི་རྡོ་རྗེ་བྲག་དགོན་པའི་གར་འཆམ།
康定金刚寺羌姆活动