དམངས་འཚོའི་བྱ་གཞག་ལེགས་བསྒྲུབས་ཀྱིས། དམངས་སེམས་དྲོད་ཀྱིས་ཁེངས་པར་བྱས། ཁ་བ་དཀར་པོས་གཡོགས་པའི་སྐུ་བླ་རི་བོར་ཚོམ་ཚོམ་སྤྲིན་དཀར་ལང་ལོང་དུ་འཕྱུར། གྲང་ངར་གྱིས་བསྡམས་པའི་འཁྱགས་རླུང་རྔུབ་ཞོར་བཙན་ལྷ་རྫོང་གི་གྲོང་སྡེའི་རྐང་ལམ་ཕྲ་མོ་རྒྱུ་དུས་མིག་ལམ་དུ་མངོན་ཡོང་བ་ནི་རྒན་པ་ཚོའི་ལྷད་མེད་ཀྱི་ཞལ་འཛུམ་དང་། བག་ཆགས་ཆེས་ཟབ་མོ་ནི་རྒན་པ་ཚོས་ཚེ་མཇུག་གི་འཚོ་བ་བདེ་སྐྱིད་ངང་རོལ་བཞིན་པའི་སྣང་བརྙན་དེ་ཡིན།
ཉེ་བའི་ལོ་ཤས་རིང་། བཙན་ལྷ་རྫོང་གིས་ནུས་ཤུགས་ཡོད་རྒུས་རྒན་བཀུར། རྒན་བྱམས། རྒན་གཅེས། རྒན་སྐྱོར། རྒན་སྐྱོང་གི་སྤྱི་ཚོགས་སྣང་ཚུལ་སྐྲུན་བཞིན་ཡོད་ལ། རྒྱུན་མ་ཆད་པར་རྒན་གསོའི་ཕན་བདེ་དང་དོ་དམ་ཞབས་ཞུའི་ཆུ་ཚད་ལེགས་སྒྱུར། རྒན་པའི་ཁྲིམས་མཐུན་ཁེ་དབང་ཅི་རིགས་སྲུང་སྐྱོང་བྱས་ནས་རྒན་པ་ཚོའི་འཚོ་བའི་ཁག་ཐེག་ལ་ཚད་མཐོའི་མཐོང་ཆེན་བྱས།
ཉིན་དེར། བཙན་ལྷ་རྫོང་མི་ཕམ་ཡུལ་ཚོའི་འབུར་རི་སྡེ་བའི་རྒན་པོ་དབྱང་ཚེ་དབང་གིས་རང་ཉིད་ཀྱི་ཟླ་འདིའི་རྒན་གསོའི་དངུལ་ལེན་ཐུབ་བྱུང་། ལོ་བདུན་ཅུ་ལྷག་ཏུ་སོན་པའི་རྒན་པོ་ཁོ་རང་ལ་མཚོན་ན་ཟླ་རེའི་རྒན་གསོའི་དངུལ་དུས་ཐོག་དངུལ་ཡིག་སྟེང་འབྱོར་རྒྱུ་ནི་ཆེས་དགའ་འོས་པའི་དོན་དག་ཞིག་ཡིན་ལ། ད་ལོ་ནས་བཟུང་རྒན་གསོའི་དངུལ་ཡང་བསྐྱར་འཕར་བས། ད་སྐབས་ན་ནིང་ལས་ཟླ་རེར་སྒོར་བཅོ་ལྔ་འཕར་སྣོན་བྱུང་ཡོད།
བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་འཚོ་སྡོད་ཁོར་ཡུག
健康舒适的生活环境
ཉིན་རྒྱུན་ལས་བྱེད་མི་སྣ་ཡོང་ནས་ང་ཚོའི་སྡོད་ཁང་ལ་གཙང་སྦྲ་བྱེད་བཞིན་ཡོད་ལ། སྨན་བཅོས་མི་སྣ་ཡོང་ནས་ང་ཚོའི་ལུས་ཕུང་ལ་བརྟག་དཔྱད་བྱེད་བཞིན་ཡོད། གོང་རིམ་གྱི་སྲིད་ཇུས་བཟང་པོ་མེད་ན་ང་ཚོའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐབས་བྲལ་ཞེས་རྒན་པོ་ཧོ་ལུང་ཡིང་གིས་ད་ལྟའི་བདེ་སྐྱིད་འཚོ་བ་གླེང་བྱུང་།
པ་ཅའོ་ཡུལ་ཚོའི་ལུང་ཀོང་སྡེ་བ་རུ། བཙན་ལྷ་རྫོང་སྤྱི་ཚོགས་འགན་སྲུང་གི་ལས་ཀ་མི་སྣས་དབྱང་ཆི་ཆོན་གྱི་ཁྱིམ་དུ་ཁོང་ལ་རྒན་གསོ་འགན་ལེན་གྱི་དངུལ་འཇལ་སྤྲོད་དང་དངུལ་ལེན་པའི་བྱེད་ཐབས་དང་དོ་སྣང་བྱེད་དགོས་པའི་སྐོར་གསལ་བཤད་བྱེད་བཞིན་ཡོད། ཁོ་ཚོས་གསལ་བཤད་བྱས་པར་བརྒྱུད། ངས་ད་ལྟ་རྒྱུས་ལོན་གསལ་པོ་བྱས་སོང། ང་རང་སྡོད་དམངས་རྒན་གསོ་འགན་ལེན་ལ་ཞུགས་ཏེ་ཁག་ཐེག་ཡོད་པའི་ཚེ་མཇུག་གི་བདེ་སྐྱིད་འཚོ་བ་ལོངས་སྤྱོད་བྱ་རྒྱུ་ཡིན་ཟེར།
ན་ནིང་གི་ལོ་སྟོད་དུ་བཙན་ལྷ་རྫོང་གི་ཡུལ་གྲོང་སྡོད་མིའི་གཞི་རྩའི་རྒན་གསོའི་འགན་ལེན་གྱི་མི་གྲངས་20133ལ་སླེབས་ཟིན་པ་དང་། འགན་ལེན་ལ་ཞུགས་ནས་དངུལ་སྤྲོད་པའི་མི་གྲངས་10283ལ་སླེབས་ཟིན། རྒན་གསོ་འགན་ལེན་གྱི་སྲིད་ཇུས་རེ་རེ་བཞིན་དོན་འཁྱོལ་བྱུང་བ་དེས་མང་ཚོགས་ལ་ཚེ་མཇུག་ཏུ་སྤྲོ་སྐྱིད་ཁེངས་པའི་འཚོ་བའི་ཆ་རྐྱེན་བསྐྲུན།
བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་འཚོ་སྡོད་ཁོར་ཡུག
健康舒适的生活环境
བཙན་ལྷ་རྫོང་ཕན་བདེ་ཁང་དུ་ཕྱིན་སྐབས། རྒན་པ་ལ་ལས་ཁང་པའི་ནང་ན་བརྙན་འཕྲིན་ལ་ལྟ་བཞིན་ཡོད་པ་དང་ལ་ལས་ལྷས་ར་ན་ཉི་མར་ལྡེ་བཞིན་ཡོད། ལ་ལས་ཁ་བརྡ་བྱེད་བཞིན་ཡོད། ལ་ལས་བྱེད་སྒོ་ཁང་ན་མིག་མངས་རྩེ་བཞིན་ཡོད་དེ་ཕན་བདེ་ལྟེ་གནས་ཀྱི་ལས་དོན་མི་སྣས་བརྩེ་སེམས་འཁོལ་བའི་ངང་བཤད་རྒྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞབས་ཞུ་དོ་དམ་ཨང་དང་པོར་བཞག་ནས་སྤྲོ་སེམས་དང་བརྣལ་སེམས། ཆོད་སེམས་དང་བཅས་པས་ཞབས་ཞུའི་ལས་ཀ་ལེགས་པོར་བསྒྲུབ་པ་དང་། ལས་རེས་ཀྱི་ནད་གཡོག་པ་བཀོད་སྒྲིག་བྱས་ཏེ་རྒན་པོ་ཚོར་མི་གཤིས་དང་བསྟུན་པ་དང་ཁྱིམ་མི་ནང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། བཙན་ལྷ་རྫོང་ཕན་བདེ་ལྟེ་གནས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་10380ཡིན་པ་དང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་ཁྲི་4980ཡིན་ལ། གཅིག་བསྡུས་སྲི་ཞུའི་ཉལ་ཁྲི་300ཡོད་ལ། 2010ལོར་བཙན་ལྷ་རྫོང་ཕན་བདེ་ལྟེ་གནས་རྒྱལ་ཡོངས་ཀྱི་དཔེ་བཟང་རྒན་གསོ་ཁང་དུ་བདམས་ཐོན་བྱུང་།
རྒས་དུས་རྟེན་གཞི་ཡོད་ན། རྒས་དུས་བདེ་སྐྱིད་ལྡན་པ་སྟེ་བཙན་ལྷའི་རྒན་གསོ་ཞབས་ཞུའི་བྱ་བ་ནི་དཔྱིད་ཀྱི་ས་བོན་སྣང་བཞིན་བཙན་ལྷའི་ས་གཞིའི་སྟེང་ན་སྨིན་ཡོད་ལ། ཡངས་པའི་ས་གཞི་སྟེང་སྨིན་པའི་མྱུ་གུ་ནི་དྲོད་སྣང་འཆམ་མཐུན་ཡིན་ལ། སྨིན་པའི་བཅུད་ལྡན་འབྲས་བུ་ནི་རྒན་པ་ཚོའི་སྤྲོ་སྐྱིད་ལྡན་པའི་བདེ་སྐྱིད་འཚོ་བ་ཅིས་ཀྱང་ཡིན་ངེས་སོ།།
རིག་རྩལ་འཁྲབ་སྟོན།
老年人举行文艺演出