
盼
ཨི་ཁུང་བརྟོལ་ཡོད།
བྲག་ལ་ཨི་ཁུང་བརྟོལ་བའི་བྲག་ཆ་ཞིག
བློ་ཡིས་བཟོས་རུང་།
དོན་ལ་རྟོག་པ་འགེབས་བྱེད་ཀྱི་ལྷན་པ་ཞིག་ཡིན་ཡང་སྲིད།
ཨི་ཁུང་བརྟོལ་ཡོད།
སྤྲིན་ལ་ཨི་ཁུང་བརྟོལ་བའི་རི་བོ་ཞིག
གླུ་རུ་གྱེར་རུང་།
དོན་ལ་སྣང་བ་འགེང་བྱེད་ཀྱི་སྤོབས་པ་ཞིག་ཡིན་ཡང་སྲིད།
ཨི་ཁུང་བརྟོལ་ཡོད།
སེམས་ལ་ཨི་ཁུང་བརྟོལ་བའི་སྙན་ངག་ཅིག
ཚོར་བས་བྲིས་རུང་།
དོན་ལ་སྐྱོ་བ་སངས་བྱེད་ཀྱི་གླུ་ཆུང་ཞིག་ཡིན་ཡང་སྲིད།
ཨི་ཁུང་བརྟོལ་ཡོད།
ཚིག་ལ་ཨི་ཁུང་བརྟོལ་བའི་སེམས་ངོགས་ཤིག
དོགས་པས་བཞེངས་རུང་།
དོན་ལ་རང་སེམས་བརླག་བྱེད་ཀྱི་ཨི་ཁུང་ལྷག་མ་ཞིག་ཡིན་ཡང་སྲིད། །