在中国共产党95年的历史上,在人民军队89年的历史上,长征是最悲壮也是最辉煌的诗篇。2016年是中国工农红军长征胜利80周年,为深入贯彻习近平总书记在纪念中华苏维埃共和国成立80周年座谈会会议精神,铭记红军长征胜利这一重大革命历史事件,四川省甘孜藏族自治州人民政府和中国唐卡文化研究中心联合打造80幅长征题材唐卡组画,首次将长征文化融入到唐卡绘画艺术之中,展现在世人眼前。
བོད་ཀྱི་མཁས་དབང་འཇམ་དཔལ་རྒྱ་མཚོས་རྒྱང་སྐྱོད་ཐང་ག་གསལ་འགྲེལ་གནང་བཞིན་པ།
红军长征唐卡巡展讲座走进四川炉霍甘孜。中国社科院民族文学研究室研究员,
藏族著名学者降边嘉措现场主讲。
ཀྲུང་གོའི་གུང་ཁྲན་ཏང་གི་ལོ་ངོ་95ཡི་ལོ་རྒྱུས་དང་མི་དམངས་དམག་དཔུང་གི་ལོ་ངོ་89ཡི་ལོ་རྒྱུས་ཁྲོད། རྒྱང་སྐྱོད་ནི་ཆེས་ཡིད་སྐྱོ་བ་དང་ཆེས་བརྗིད་ཉམས་ལྡན་པ། ཆེས་འོད་སྣང་བཀྲ་བའི་སྙན་ངག་ཚན་པ་ཞིག་ཡིན། 2016ལོ་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་བགྲང་བྱ་80འཁོར་བའི་ལོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་སུའུ་ཝེ་ཨེར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་བགྲང་བྱ་80འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད་དང་། དམར་དམག་རྒྱང་སྐྱོད་ཀྱི་རྒྱལ་ཁ་སྟེ་གསར་བརྗེའི་ལོ་རྒྱུས་ཐོག་གི་དོན་རྐྱེན་གལ་ཆེན་འདི་བློ་ལ་བརྟན་པོར་ངེས་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག རྒྱང་སྐྱོད་བརྗོད་བྱར་བཟུང་བའི་ཐང་ག་80གསར་བཞེངས་གནང་སྟེ་ཐེངས་དང་པོར་རྒྱང་སྐྱོད་རིག་གནས་དེ་ཐང་གའི་རི་མོའི་སྒྱུ་རྩལ་ཁྲོད་བཀོད་ནས་འཛམ་གླིང་སྐྱེ་བོ་ཀུན་གྱི་སྤྱན་ལམ་དུ་མངོན་པར་བྱས།
རོང་བྲག་བོད་དམངས་ཐད་གཏོགས་ཧྲི་ཤོག
丹巴藏民独立师
རྣམ་གྲངས་འདི་ནི་བོད་རིག་ཞིབ་འཇུག་ཆེད་མཁས་པ་སྐུ་ཞབས་འཇམ་དཔལ་རྒྱ་མཚོའི་ཆེད་རྩོམ་《ཡུལ་འདི་ནི་དམར་དམག་བརྒྱུད་མྱོང་བའི་ས་ཆ་རེད།》ཅེས་པ་ནང་དོན་གྱི་རྒྱུ་ཆར་བླངས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཐང་ག་བཞེངས་མཁན་དོན་གྲུབ་ཚེ་བརྟན་གཙོ་བྱས་པའི་ལྷ་བཟོ་30ལྷག་གིས་མཉམ་དུ་བཞེངས་གྲུབ་གནང་བ་རེད། 2016ལོའི་ཟླ་8པའི་ཚེས་1ཉིན་ནས་བཟུང་ཅང་ཞི་རུའེ་ཅིན་དང་སི་ཁྲོན། ཀན་སུའུ། པེ་ཅིང་སོགས་སུ་སྐོར་སྐྱོད་འགྲེམས་སྟོན་བྱས་པ་རེད།
ཅ་ཅིན་རི་བོ་བརྒལ་བ།
毛主席、周副主席、朱总司令、张闻天过夹金山
ཡུལ་འདི་ནི་དམར་དམག་བརྒྱུད་མྱོང་བའི་ས་ཆ་རེད་ཅེས་པ་བརྗོད་བྱ་གཙོ་བོར་བཟུང་བའི་སྤྱི་ཕན་བྱེད་སྒོ་ཆེན་མོ།——སླར་ཡང་རྒྱང་སྐྱོད་ལམ་དུ་སྐྱོད། རྒྱ་བོད་ཁྱིམ་ཚང་གཅིག་ལྟར་འཆམ། ཞེས་པའི་རྒྱང་སྐྱོད་ཐང་གའི་སྐོར་སྐྱོད་འགྲེམས་སྟོན་འདིའི་དམིགས་ཡུལ་ནི། སྔོན་ཆད་དམར་དམག་རྒྱང་སྐྱོད་བྱས་པའི་ལམ་ཁར་རྒྱང་སྐྱོད་ལོ་རྒྱུས་དྲིལ་བསྒྲགས་དང་དམར་དམག་གི་གཏམ་རྒྱུད་གླེང་བ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་དམར་པོའི་རིག་གནས་ཀྱི་མཛེས་ལྗོངས་བཏོད་ནས། དམག་དམངས་མཐུན་སྒྲིལ་དང་མི་རིགས་མཐུན་སྒྲིལ། རྒྱ་བོད་ཁྱིམ་ཚང་གཅིག་ལྟར་འཆམ་པའི་དོན་སྙིང་མཚོན་ཕྱིར་རེད།
རྒྱང་སྐྱོད་ཀྱི་ལམ་བར།
残阳如血(娄山关)
རྒྱང་སྐྱོད་ནི་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་ཟད་མཐའ་མེད་པའི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་བརྗོད་བྱའི་འབྱུང་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡིན། དམར་དམག་རྒྱང་སྐྱོད་བྱས་ནས་ད་བར་ལོ་ངོ་80ལྷག་གི་དུས་ཚོད་འདས་ཟིན་ཞིང་། རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པ་ཚོས་ཀྲུང་གོའི་སྲོལ་རྒྱུན་རི་མོ་དང་སྣུམ་ཚོན་རི་མོ། བརྐོས་རིས། དྲིལ་བསྒྲགས་རི་མོ་སོགས་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་སྣ་ཚོགས་བརྒྱུད་ནས་རྒྱང་སྐྱོད་ཀྱི་བརྒྱུད་རིམ་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་བསྟོད་བསྔགས་བྱས་ཡོད་མོད། ཡིན་ནའང་དུས་ད་ལྟའི་བར་བོད་རིགས་མི་དམངས་གཅིག་པུར་མངའ་བའི་སྒྱུ་རྩལ་རྣམ་པ་སྟེ་ཐང་གའི་ལམ་ནས་མཚོན་པ་ཡོད་མ་མྱོང་། ཡུལ་འདི་ནི་དམར་དམག་བརྒྱུད་པའི་ས་ཆ་རེད་ཅེས་པ་བརྗོད་བྱར་བཟུང་བའི་ཐང་ག་འདི་ཚོས་ཐང་གའི་སྒྱུ་རྩལ་ལ་ནང་དོན་གསར་པ་ཞིག་བསྣན་པ་དང་། ཐུན་མིན་གྱི་ཐང་གའི་སྒྱུ་རྩལ་རྣམ་པ་བརྒྱུད་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དེ་སྔར་ལས་དར་ཁྱབ་ཆེ་བ་དང་། ལྟད་མོ་བ་དང་ཀློག་པ་པོ་སྔར་ལས་མང་པོ་ཞིག་ལ་སློབ་གསོ་དང་ཤུགས་རྐྱེན་ཐེབས་པ་བྱུང་། སླར་ཡང་རྒྱང་སྐྱོད་ལམ་དུ་སྐྱོད། རྒྱ་བོད་ཁྱིམ་ཚང་གཅིག་ལྟར་འཆམ་ཞེས་པའི་སྤྱི་ཕན་བྱེད་སྒོ་ཆེན་མོ་འདི། རང་རྒྱལ་གྱི་རིགས་སོ་སོའི་བར་གྱི་བསམ་བློ་བརྗེ་རེས་དང་ཕན་ཚུན་འགྲོ་འོང་། མི་རིགས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་གོང་བུར་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས། མཉམ་འདྲེས་བྱེད་ཤུགས་བཅས་གཏིང་ཇེ་ཟབ་ཏུ་གཏང་བར་དོན་སྙིང་གལ་ཆེན་ལྡན།
ཧོ་ལུང་སྲུང་བཙན་གླིང་ལ་སླེབས་པ།
贺龙拜访松赞林寺
ཐེངས་འདིའི་བྱེད་སྒོ་ལ་ཀྲུང་གོའི་ཧྭ་ཞ་རིག་གནས་ཤུལ་བཞག་ཐེབས་རྩ་ཚོགས་པ་དང་ཅང་ཞི་ཞིང་ཆེན་རུའེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། 《ཀྲུང་གོའི་ཁེ་ལས་ཚགས་པར།》 ཚོགས་པ། ཁམས་པའི་བརྙན་འཕྲིན་ཁང་། ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་སོགས་ལས་ཁུངས་6གིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་རིག་གནས་ཐོན་ལས་མནའ་འབྲེལ་དང་པེ་ཅིང་གསེར་མདོག་གི་སྒྲོལ་མ་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་། ཀྲུང་གོའི་ཧྭ་ཞ་རིག་གནས་ཤུལ་བཞག་ཐེབས་རྩ་ཚོགས་པའི་ཐང་གའི་རིག་གནས་ཆེད་སྤྱོད་ཐེབས་རྩ་སོགས་ལས་ཁུངས་ཀྱིས་སྒྲུབ་འགན་ཁུར་བ། རིག་གནས་པུའུ་ཀུང་ཆིན་རྒྱལ་པོའི་དཔོན་ཤག་དོ་དམ་ལྟེ་གནས་དང་རྒྱལ་སྤྱིའི་ཡིག་རིས་ལེ་ཚན། རྩོམ་པ་པོའི་དཔེ་སྐྲུན་ཁང་། གཞན་སྐོར་འགྲེམས་བྱ་ཡུལ་གྱི་འབྲེལ་ཡོད་ལས་ཁུངས་ཁག་གིས་རྒྱབ་སྐྱོར་ཆེན་པོ་གནང་ཡོད། །
ཕེང་ཏེ་ཧའེ་དང་དཔལ་མགོན་འཕྲིན་ལས། 彭德怀与华尔功成烈