སྤྱི་ལོ་1934ལོའི་ཟླ་10པར། ཀྲུང་གོའི་བཟོ་ཞིང་དམར་དམག་གིས་ལེ་བར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་དངོས་སུ་བྱེད་འགོ་ཚུགས། གངས་རི་དང་གཙང་པོ་བརྒལ་ཞིང་དཀའ་སྡུག་དང་གྲང་རླུང་གདོང་གིས་བསུས་ཏེ་ཞིང་ཆེན་བཅུ་གཅིག་བརྒྱུད་པ་དང་མཐར་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ།
འཇར་འགོག་དམག་འཁྲུག་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ཐོག་ཆེས་རླབས་ཆེ་བའིི་མི་རིགས་བཅིངས་འགྲོལ་དམག་འཁྲུག་ཡིན་ཞིང་། རྒྱལ་ཁབ་དང་མི་རིགས་ཆགས་འཇིག་གི་འགག་རྩར་ཐུག་སྐབས་སི་ཁྲོན་གྱི་བོད་རིགས་མང་ཚོགས་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བདེ་སྡུག་མཉམ་མྱོང་གི་ རྒྱལ་གཅེས་ཀྱི་བསམ་སྤྱོད་བླ་ན་མེད་པ་མངོན་སྟེ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་བྱས་རྗེས་འབུར་དུ་ཐོན་པ་བཞག་ཡོད།
དམར་དམག་རྒྱང་སྐྱོད་དང་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཆོད་སེམས་འགྱུར་མེད་ཀྱི་ཕུགས་འདུན་དང་། དཀའ་སྡུག་དང་ལེན་གྱི་བློ་སྤོབས། མཛའ་བརྩེ་མཐུན་སྒྲིལ་གྱི་ཀུན་སྤྱོད་བཅས་མངོན་མེད་ཀྱི་སྙིང་སྟོབས་མཚོན་པར་བྱས་ཡོད།།