དཀར་མཛེས་ཡུལ་གྱི་རྣམ་པ་གསར་པ།
今日甘孜新气象
དཀར་མཛེས་ཞེས་པ་ནི་དག་གཙང་དྲི་མས་མ་གོས་ཤིང་དཀར་ཞིང་མཛེས་པའི་ས་ཆ་ཞེས་པའི་དོན་ཡིན། 1911ལོར་དཀར་མཛེས་ཞེས་ས་གནས་ཀྱི་མིང་དུ་གཏན་འཁེལ་བྱས་ཤིང་1955ལོར་རང་སྐྱོང་ཁུལ་གྱི་མིང་དུ་འབོད། 1936ལོར། དམར་དམག་དཔུང་ཕྱོགས་ཀྱི་སྒར་ཆེན་གཉིས་པ་དང་བཞི་པ་དཀར་མཛེས་སུ་རྒྱལ་ཁའི་ངང་དཔུང་ཁག་མཉམ་འཛོམས་བྱུང་བ་དང་། འདི་ནས་ལམ་ལ་ཞུགས་ཏེ་བྱང་ཕྱོགས་སུ་འཇར་འགོག་གི་གཡུལ་སར་ཆས་ཡོད། ད་དུང་གནས་འདི་རུ་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་ཏུ་བོད་པ་སྲིད་གཞུང་ཐོག་མར་བཙུགས། བགྲང་ལོ་བརྒྱ་སྟོང་གི་རིང་དུ། མི་རབས་ནས་མི་རབས་སུ་བརྒྱུད་དེ་གནས་འདིར་འཚོ་སྡོད་བྱེད་ཡོད་པའི་ལས་ལ་བརྩོན་ཞིང་སྙིང་སྟོབས་ལྡན་པའི་བོད་རིགས་མང་ཚོགས་ཀྱིས་རང་ཉིད་ཀྱིས་བློ་གྲོས་དང་རྔུལ་ཆུས་འོད་སྟོང་འབར་བའི་ལོ་རྒྱུས་རིག་གནས་བསྐྲུན་པར་བྱས་ཡོད་ལ། དཀར་མཛེས་གྱི་འཕེལ་རྒྱས་དང་འཆམ་མཐུན་ལ་ལོ་རྒྱུས་ཀྱིས་བསུབ་དུ་མེད་པའི་ལེགས་སྐྱེས་འབུལ་ཡོད།
ད་ལྟ། དཀར་མཛེས་རྫོང་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་དམར་དམག་གི་རྒྱང་སྐྱོད་བརྒྱུད་མྱངས་པའི་དམར་པོའི་རིག་གནས་ཀྱི་གཟི་འོད་འབར་བའི་གནས་མཆོག་ཅིག་ཡིན།
甘孜,在藏语中是“洁白美丽”的意思。这个名字的由来有个相传已久的故事。传说城的西北坡有一块形如绵羊的白玉,色泽洁白无瑕,阳光照射下闪闪发亮,光彩夺目,十分美丽。由此,人们就称这个地方为甘孜。
甘孜县是红二、四方面军会师地、中华苏维埃博巴政府的诞生地、朱德总司令与五世格达活佛联谊地,具有丰厚的红色文化资源。