དཀར་མཛེས་ཞབས་བྲོའི་སྟངས་སྟབས།
甘孜踢踏舞
ཟླ་8པ་ནི་དམར་དམག་གི་ལེ་བར་ཉིས་ཁྲི་ལྔ་སྟོང་གི་དགའ་སྐྱོ་འདྲེས་མའི་རྒྱང་སྐྱོད་ལ་དྲན་གསོ་བྱེད་པའིི་ཚ་རླབས་དགུང་དུ་འཕྱུར་ནས་ལོ་རྒྱུས་ལ་ཕྱིར་མིག་དང་སྔོན་གཤེགས་དཔའ་བོ་ལ་དྲན་གསོ་ཞུ་བའི་དུས་ཚིགས་ཤིག་རེད།
དམར་དམག་རྒྱང་སྐྱོད་བྱེད་པའི་ལོ་རྒྱུས་ཁྲོད་ཀྱི་དཀྱོགས་མཚམས་ཏེེ། དཀར་མཛེས་ནི་དམར་དམག་དཔུང་སྒར་གཉིས་པ་དང་བཞི་པ་མཉམ་འཛོམས་བྱེད་གནས། ཀྲུང་ཧྭ་སུའུ་ཝེ་ཨེད་བོད་པ་སྲིད་གཞུང་ཐོག་མར་བཙུགས་ས། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྐུ་ཕྲེང་ལྔ་པ་མཇལ་འཕྲད་གནང་ཡུལ་ཏེེ་གནས་འདི་ན་གསར་བརྗེ་རིག་གནས་ཀྱི་རྫོང་སྟུག་ཅིང་བོད་བརྒྱུད་ནང་བསྟན་གྱི་རྨང་མཐུག་པ། རང་བྱུང་སྐྱེ་ཁམས་ཀྱི་མཛེས་ལྗོངས་ཁྱད་དུ་འཕགས་ཤིང་། རིག་གནས་སྣ་མང་གི་གཟི་འོད་འབར་བའི་གནས་མཆོག་ཅིག་ཡིན།
གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་ཤུགས་ཆེར་སྔོག་འདོན་བྱེད་པ་དང། རྒྱང་སྐྱོད་སྙིང་སྟོབས་དར་སྤེལ། གསར་བརྗེའི་ཡུལ་སྐོར་ལས་རིགས་གོང་འཕེལ་དུ་གཏང་བ་ནི་སྟོབས་ཤུགས་ཆེར་སྐྱེད་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཆམ་མཐུན་དཀར་མཛེས་ཀྱི་འཛུགས་སྐྲུན་འཕེལ་རིམ་གསར་པ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་དུས་གཅིག་ཏུ་འཛུགས་སྐྲུན་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན།
དམར་དམག་རྒྱང་སྐྱོད་ཀྱི་ཐོན་ཁུངས་སྔོག་འདོན་དང་། གསར་བརྗེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏང་བ། མ་འོངས་པར་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་ཅན་གྱི་ལམ་དུ་སྣེ་ཁྲིད་བྱ་བ་དང། འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་མཐོར་འདེགས་སུ་གཏང་ན་དཀར་མཛེས་རྫོང་གི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་དེ་ལམ་ཆེན་གསར་པ་ཞིག་ཏུ་སྐྱོད་ཐུབ་པར་མ་ཟད། རྫོང་ཡོངས་ཀྱི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་ལ་རམ་འདེགས་བྱ་ཐུབ།
དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་ཧོ་ཁང་ལིན་དང་རྫོང་དཔོན་ལུང་མིང་ཨ་སྒྲོན་གཉིས་ཀྱིས་གསར་བརྗེའི་རིག་གནས་འཛུགས་སྐྲུན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ།
甘孜县委书记何康林(左二)与县长龙明阿真(右一)对红色文化建设工作进行调研
དམར་དམག་རྒྱང་སྐྱོད་བྱེད་སྐབས་ཀྱི་གནའ་ཤུལ་ཉམས་གསོ་བྱེད་པ་དང། དམར་དམག་གི་གཏམ་རྒྱུད་ལེགས་སྒྲིག དམར་དམག་གི་མགུར་གླུ་དབྱངས་སུ་འགུགས་པ། གསར་བརྗེའི་རིག་གནས་དར་སྤེལ་གཏང་བ་དང་། ཏང་དང་དམངས་སེམས་སྔར་ལས་གཅིག་ཏུ་སྒྲིལ་པ་ནི་ཞིང་འབྲོག་མང་ཚོགས་ཀྱི་རྒྱལ་གཅེས་དང་ཁྲིམས་སྲུང་། དྲིན་ཚོར་སོགས་ལ་ཕན་སྐྱེད་ཆེན་པོ་འབྱུང་བའི་སྔོན་འགྲོ་ཡིན།
ཆོད་སེམས་བརྟན་པོ་དང་ཡིད་ཆེས་ཟབ་མོས་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་རང་འགུལ་གྱིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་གི་རྣམ་པ་སྲུང་སྐྱོང་བྱ་རྒྱུ་དང་། ཞིང་ཆེན་དང་ཁུལ་ཡོངས་ཀྱི་འཆམ་མཐུན་བརྟན་བརླིང་གི་རྣམ་པར་སྐུལ་འདེད་བཏང་ནས་གསར་བརྗེའི་ཡུལ་སྐོར་དབུལ་སྐྱོར་བྱ་བ་གསར་སྤེལ་ལག་བསྟར་བྱས་ནས་དབུལ་ཕོངས་མི་འབོར་གྱི་ལས་ཞུགས་གོ་སྐབས་འབོར་ཆེན་མཁོ་འདོན་དང། དབུལ་ཕོངས་མི་སེར་གྱི་ཡོང་འབབ་མང་དུ་གཏང་ནས་དབུལ་བྲལ་ཕྱུག་འགྱུར་དང་བདེ་སྐྱིད་ལྡན་པའི་དེང་རབས་ཀྱི་འཚོ་བ་མངོན་འགྱུར་བྱ་སྟེ་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱ་དགོས།
སྒེར་སེམས་མེད་པར་བློས་གཏོང་གི་བསམ་བློ་སྲོག་ཤིང་བྱེད་པའི་རྒྱང་སྐྱོད་ཀྱི་འདུ་ཤེས་རྒྱུད་འཛིན་དང་། དམངས་ཡོངས་ཀྱིས་དྲིན་ཤེས་ཀྱི་སྤྱོད་བཟང་ལ་སློབ་སྦྱོང་བྱ་ཚེ་ད་གཟོད་འཆམ་མཐུན་གྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འོས་འགན་བདེ་བླག་ངང་འགྲུབ་ཐུབ། །