
色达县举办建县六十周年“爱国守法和谐幸福”主题活动
གསེར་རྟ་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་9338.98ཡོད་ཅིང་། ཆ་སྙོམས་མཚོ་འཕགས་སྨི་4127ཡིན། གནས་འདིར་བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་རྨང་གཞི་མཐུག་ཅིང་། ལྷག་པར་དུ་གེ་སར་རིག་གནས་ཀྱི་བྱ་བཞག་དབྱར་མཚོ་བཞིན་དུ་རྒྱས་ཡོད། གེ་སར་རིག་གནས་སྒྱུ་རྩལ་གྱི་ཕ་ས་དང་ཀྲུང་གོའི་དམངས་ཁྲོད་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་ཡོད།
1955ལོ་ནས་2015ལོའི་བར། གསེར་རྟ་བུ་དང་བུ་མོ་ལྔ་ཁྲི་ལྷག་གིས་དཀའ་སྡུག་བརྩོན་སེམས་སུ་བསྒྱུར། ཉམས་མྱོང་སྟོབས་ཤུགས་སུ་བསྒྱུར་ནས་ས་སྒང་གི་ཆེས་མཐོ་ས་ནས་ངོ་མཚར་གྱི་ལོ་རྒྱུས་བསྐྲུན་ཅིང་། འཚོ་བའི་འཕོ་འགྱུར་གྱི་བདེ་སྐྱིད་མྱངས།
མི་ལོ་དྲུག་ཅུ། གསེར་མདོག་གི་ཡིག་རིས་ཕབ་པའི་རྒྱལ་ཁའི་གྲུབ་འབྲས་ཤིག་ཡིན་ལ། དཀའ་སྤྱད་འབད་བརྩོན་གྱིས་གྲུབ་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ཡིན།
རིག་རྩལ་འཁྲབ་སྟོན་ཆེན་མོ། 大型文艺汇演
1952ལོའི་ཟླ་བརྒྱད་པར་ཞི་ཁམས་ཞིང་ཆེན་སྲིད་གཞུང་གི་མཚམས་འདྲིའི་རུ་ཁག་གསེར་རྟ་རུ་འབྱོར་ཞིང་ཆབ་སྲིད་གྲོས་མོལ་མཛད། ཞི་བའི་བཅིངས་གྲོལ་བཏང་བ་ཁྱབ་བསྒྲགས་བྱས། 1955ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ཏེ་གསེར་རྟ་རྫོང་དངོས་སུ་དབུ་བརྙེས། དེ་ནས་བཟུང་གསེར་རྟའི་ཡུལ་ལུང་ཀུན་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་དཔྱིད་རླུང་ལྡང་ཞིང་གསེར་རྟའི་མི་དམངས་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཏུ་ངང་ངམ་ཤུགས་ཀྱིས་སླེབས། འདི་ནི་གསེར་རྟའི་ལོ་རྒྱུས་ཐོག་ཆེས་རླབས་ཆེ་བའི་འཕོ་འགྱུར་ཞིག་ཡིན།
ཏང་ཀྲུང་དབྱང་གིས་ཐུགས་ཁུར་རྒྱབ་སྐྱོར་དང། ཞིང་ཆེན་དང་ཁུལ་གྱིས་ཐུགས་བརྩེས་མཐུན་སྦྱོར་འོག གསེར་རྟའི་ཏང་ཨུ་སྲིད་གཞུང་གི་རིམ་པ་ཁག་གི་དབུ་ཁྲིད་ཚོས་ལྷག་བསམ་རྣམ་དག་གིས་བརྩོན་ལེན་ལ་བརྟེན་ནས་གསེར་རྟའི་མི་དམངས་ཀྱི་སྔར་ལས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཐུབ་པ་སྟེ། 2014ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཐོན་སྐྱེད་གྲངས་འབོར་ཁྲི་56049ལ་སླེབས་ཐུབ་ཡོད། སྤྱི་ཚོགས་ཡོངས་ཀྱི་ངེས་གཏན་ཐོན་སྐྱེད་མ་དངུལ་ཁྲི་120054ལ་ཐོན་ཡོད། ས་གནས་སྤྱི་དབང་ནོར་སྲིད་ཡོང་སྒོ་ཁྲི་4588ལ་སླེབས་ཡོད། གཞན་ཡང་ཁྲི་དུང་ཕྱིར་དུ་མའི་མ་དངུལ་བཏང་ནས་མང་ཚོགས་གཏན་སྡོད་ལས་གཞི་ལེགས་གྲུབ་བྱུང་བ་དང་། སྤྱི་ཚོགས་སྤྱིའི་ཡོང་འབབ་སྔར་ལས་ལྡབ་འགྱུར་གྱིས་གྲུབ་འབྲས་མངོན་གསལ་ཐོན་ཡོད།
གྲངས་ཀ་ནི་ཆེས་བཟང་བའི་འཁྲབ་བཤད་པ་ལྟ་བུ་ཡིན། མི་ལོ་དྲུག་ཅུའི་འགྱུར་བ་ནི་གྲངས་རྩིས་ཀྱིས་ཀྱང་མཚོན་ཐུབ་ལ། འཕེལ་རྒྱས་ཀྱི་གོ་རིམ་རི་མོ་ལས་གསལ་ཐུབ། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ངོ་གདོང་འཛུམ་གྱིས་གང་ཏེ་བདེ་སྐྱིད་ཀྱི་འཚོ་བ། འཆམ་མཐུན་གྱི་འཚོ་བ་དེ་གསལ་བར་མཚོན་ཐུབ་ལ། མི་ལོ་དྲུག་ཅུའི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་གྲུབ་འབྲས་དེ་རྩྭ་ཐང་འདིའི་མཆོང་སྐྱོད་ཀྱི་ནུས་ཤུགས་སུ་སྦྲུམ་ཡོད། །
ཞབས་བྲོའི་སྟངས་སྟབས་བསྒྱུར་ཏེ་རྫོང་བཙུགས་ནས་ལོ་འཁོར་60ལོན་པར་བསུ་མ་བྱས།
载歌载舞喜迎色达建县六十周年