ཨ་མ་མེ་ཏོག་གི་ལྗང་བུ་ཉིད།
སྲིད་པའི་སྒལ་གཞུང་ནས་ག་ལེར་ག་ལེར་སྐམ་རྗེས།
འཇིག་རྟེན་གཞན་ཞིག་གི་རྣམ་ཤེས་ལ་བཞད།
སྐྲ་ཉག་གི་ཟེགས་མ་རེ་རེ།
ངའི་རྨི་ལམ་གྱི་གདུང་དབྱངས་ལས་གཟེངས་འོང་།
བྱམས་ཀྱི་མ་ལོ། བརྩེ་བའི་མ་ལོ།
ཚེམས་དཀར་དུང་འཕྲེང་བསྟར་བ་ཆོས་ཉིད་དོ།
གསེར་གྱི་རྔུལ་ཁྲག་ལས་འཛུམ་པའི་ཉི་ཟླ།
ང་ཡི་ནམ་མཁའ་འདི་རྒས་རྗེས།
འོད་ཀྱི་སྒྲོན་མེ་སེར་པོ་ཞིག་མུན་པར་འཐིམ།
དེ་ཁོ་ན། ངའི་ཨ་མ་རྒས་ཚུལ་གྱི་རྣམ་པ་ཡིན།
རྣམ་པ་གཞན་ཞིག ། རྒས་ཚུལ་གཞན་ཞིག་གི་རྣམ་པ།
གླག་རོག་གིས་ཀེང་རུས་འཆའ་ཚུལ་ཡིན།
སྐབས་དེར། ང་ལ་ཨ་མའི་རུས་མིང་གསོན་པོ་ལས་མེད།
ཨ་མའི་རུས་མིང་ཤོག་དཀར་གྱི་སྟེང་དུ་བྲིས།
ཨ་མས་བཟོས་པའི་དཔེ་ཁུག་ཆུང་ཆུང་དེའི་ནང་དུ་སྦས།
དུས་ཚོད་ཀྱི་རླབས་གཉེར་ཁྲོད་དུ།
བརྩེ་འཛུམ་གྱིས་སྤྲས་པའི་ཞལ་རས་དྲན་སྲིད།
ངའི་མི་ལུས་གནང་མཁན་གྱི་བདག་མོ་ཡིན།
ཨ་མ་བརྗེད་མི་འོས། བརྩེ་སེམས་བརྗེད་མི་འོས།
ངའི་ཆེད་དུ། རྔུལ་ཆུའི་གསེར་ཐིགས་ཤིག།
ངའི་རུས་གསེང་དུ་བསིལ་མོར་ལྷུང་།
དེ་ནི་ཨ་མའི་མི་ཚེ་དང་།
ཨ་མའི་དྭངས་གཙང་གི་སེམས་པ་ཡིན།
ཨ་མ།
རྩོམ་པ་པོ། བེ་དུང་།སྤེལ་དུས། 2016-10-25བཀླགས་གྲངས། 69530
རྩོམ་པ་པོ། བེ་དུང་།
ཡོང་ཁུངས། ཁ་བཏགས་དཀར་པོ།