རྫ་ཆུ་ཁའི་དཔལ་དགེ་མ་ཎི་རྡོ་འབུམ། ཡུས་ཅན་ཀྲུང་གིས་པར་བླངས།
石渠巴格玛尼石经城 图 / 游建中
དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གངས་དཀར་རི་བོ་ཡུལ་ཤོག་ཡིད་ལྷུང་གཤིས་གྲོང་སྡེའི་ཡུལ་མི་རྒན་མོ་ལིའུ་སུའུ་ཀྲེན་གྱིས་ཚ་བོ་ཁྲིད་ནས་ཅ་ལག་ཉོ་སྒྲུབ་བྱེད་སར་ཡོང་། གསར་འགོད་པས་སྲུ་མོ་ལིའུ་ལགས་ཁྱོད་རང་ཡང་ཡུལ་ཤོག་ཏུ་ཅ་ལག་ཉོ་སྒྲུབ་བྱེད་སར་ཡོང་བ་ཨེ་ཡིན་ཞེས་དྲིས་པ་ན། སྲུ་མོ་ལིའུ་ལགས་ཀྱིས་རྒན་པོ་ངེད་གཉིས་ལ་ཟླ་བ་རེར་རྒན་གསོ་མ་དངུལ་ཁྱོན་བསྡོམས་སྒོར་600ལྷག་ལེན་རྒྱུ་ཡོད། དངུལ་འདིས་གཞི་རྩའི་དངོས་རྫས་ཀྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད་ད་དུང་ཚ་བོ་ལ་ལྷམ་དང་ཁ་ཟས་རྩག་རྩིག་ཉོ་ཐུབ་ཀྱི་ཡོད་པས་དེང་སང་འཚོ་བར་སྔར་བས་ཡིད་ཆེས་ཡོད་ཅེས་བཤད། 2013ལོར་རང་རེའི་ཞིང་ཆེན་གྱིས་བོད་ཁུལ་དུ་སྤྱི་ཚོགས་ཉེན་འགོག་འགན་སྲུང་གི་སྐུལ་འདེད་འཆར་གཞི་འདུས་པའི་དམངས་འཚོའི་ལས་གྲྭའི་འཆར་གཞི་ཆེན་པོ་དྲུག་ལག་བསྟར་བྱེད་འགོ་ཚུགས་པར་མ་ཟད། རྒྱུན་མཐུད་ངང་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་2015ལོར་སྤྱི་ཚོགས་ཉེན་འགོག་འགན་སྲུང་གི་སྐུལ་འདེད་འཆར་གཞི་རྐྱང་པར་སྒོར་དུང་ཕྱུར་9གཏོང་འཇོག་བྱས་ཡོད་པས་རྒྱ་ཆེ་བའི་བོད་ཁུལ་གྱི་སྤྱི་ཚོགས་ཉེན་འགོག་འགན་སྲུང་གི་ཉེན་མེད་དྲ་བའི་ཁེབས་རྒྱ་ཇེ་ཆེར་ཕྱིན་ཞིང་མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་ཕྱིན། ཉེ་བའི་ལོ་3རིང་ལ་དཀར་མཛེས་ཁུལ་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་གྲྭ་བཙུན་གྲོང་རྡལ་གྱི་སྨན་བཅོས་ཉེན་འགོག་འགན་ལེན་དང་ཞིང་སྡེའི་མཉམ་ལས་སྨན་བཅོས་ནང་མི་གྲངས་30362ཞུགས་སུ་བཅུག་པ་དང་། གཞི་རྩའི་སྨན་བཅོས་ཉེན་འགོག་འགན་ལེན་ནང་མི་གྲངས་34890རྒན་གསོ་ཉེན་འགོག་འགན་ལེན་ནང་མི་གྲངས་11203ཞུགས་རྒྱུ་རོགས་རམ་བྱས་པར་མ་ཟད། གྲྭ་བཙུན་གྱི་བདེ་ཐང་ཡིག་ཚགས་48184བཟོས། དམངས་ཚོའི་ལས་གྲྭ་ཆེན་པོ་དྲུག་གི་འཆར་གཞི་ལག་བསྟར་བྱས་པ་ནས་བཟུང་དཀར་མཛེས་ཁུལ་གྱིས་རྒན་གསོ་ཉེན་འགོག་འགན་ལེན་གྱི་ལས་ཀ་གཙོ་བོར་བྱས་པའི་སྤྱི་ཚོགས་ཉེན་འགོག་འགན་སྲུང་གི་གཞི་ཁྱོན་རྒྱ་སྐྱེད་གཏང་རྒྱུར་ཤུགས་སྣོན་དང་འགན་སྲུང་གི་ཆུ་ཚད་མུ་མཐུད་དེ་མཐོར་འདེགས་བཏང་། 2014ལོའི་ལོ་མཇུག་ཏུ་བསླེབས་དུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཉེན་འགོག་འགན་ལེན་ནང་མི་གྲངས་ཁྲི་38ཞུགས་ནས་ཞུགས་ཚད་6909%ལ་ཟིན་པ་དང་། 2015ལོར་སྔོན་དཔག་བྱས་ན་ཉེན་འགོག་འགན་ལེན་ནང་ཞུགས་པའི་མི་གྲངས་ཁྲི་40ལ་སླེབས་ཐུབ་པ་དང་ཆབས་ཅིག་དཀར་མཛེས་ཁུལ་གྱིས་ད་དུང་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་འགྲོ་ལུགས་སྒྲུབ་པའི་ལས་སྒོ་དེ་ཤང་དང་གྲོང་རྡལ་དང་ཆ་རྐྱེན་ཡོད་པའི་གྲོང་སྡེ། དགོན་པ་སོགས་ལ་ཁེབས་ཐུབ་པ་དང་། མི་སེར་ཚོས་ཤང་དང་གྲོང་རྡལ་མ་གཏོགས་འགྲོ་མི་དགོས་པར་ཉེན་འགོག་འགན་ལེན་ནང་ཞུགས་རྒྱུ་དང་ཐོབ་ཐང་ཡོང་འབབ་ལེན་རྒྱུ། རྩིས་ཞུ་བྱ་རྒྱུ་སོགས་བྱེད་ཆོག་ཅེས་དཀར་མཛེས་ཁུལ་སྤྱི་ཚོགས་ཉེན་འགོག་འགན་ལེན་ཅུས་ཀྱི་ཅུས་ཀྲང་རིན་ཆེན་གྱིས་ངོ་སྤྲོད་བྱས། དཀར་མཛེས་ཁུལ་གྱིས་ད་དུང་ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་དུ་སྨན་བཅོས་ཉེན་འགོག་འགན་ལེན་གྱི་ལམ་ལུགས་དེ་གྲོང་ཁྱེར་དང་གྲོང་གསེབ་དུ་གཅིག་གྱུར་འཆར་འགོད་བྱས་ཤིང་ཡུལ་གཞན་དུ་སྨན་བཅོས་དྲྭ་སྦྲེལ་དང་དུས་ཐོག་རྩིས་ཞུ་སོགས་ཀྱི་བྱེད་ཐབས་སྔོན་དུ་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྔོན་དུ་ནད་ཚབས་ཆེན་ལ་སྨན་བཅོས་ཉེན་འགོག་འགན་ལེན་གྱི་གཏན་འབེབས་བྱས་ནས། ནད་ཚབས་ཆེན་ཕོག་པར་སྨན་བཅོས་ཉེན་འགོག་འགན་ལེན་ནང་ཞུགས་ཚད་མི་གྲངས་ཁྲི་90.50ལ་བསླེབས་པ་དང་། ནད་ཚབས་ཆེན་ཕོག་མཁན་མི་གྲངས་ཁྲི་3རོགས་སྐྱོར་བྱས་ཏེ་འགྲོ་སོང་སྒོར་ཁྲི་5088བཏང་། ད་དུང་ནུས་པ་ཤོར་མཁན་དང་ལོ་ན་མཐོ་བའི་མི་བགྲེས་སོང་7600ལ་རྒན་གསོ་ཞབས་ཞུ་བྱས་པ་དང་། དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་བྱིས་པའི་ཕན་བདེ་ཁང་བེད་སྤྱོད་གཏོང་འགོ་ཚུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསུམ་མེད་མི་སྣ་དང་འགན་ལེན་ལྔའི་མི་སྣ། དྭ་ཕྲུག་སོགས་གཅིག་བསྡུས་གསོ་ཚགས་བྱེད་པའི་ལས་ཀ་ཡོངས་སུ་ཁེབས་ནས། གཅེས་སེམས་དགེ་སྒྲུབ་ཀྱི་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1.3ལས་བརྒལ། སྤྱི་ཚོགས་ཉེན་འགོག་འགན་སྲུང་གི་སྐུལ་འདེད་འཆར་གཞི་བྱས་པའི་གལ་ཆེའི་གནད་དོན་ནི་ཅི་ལྟར་བྱས་ཏེ་ལས་ཞུགས་ཀྱི་ཐབས་ལམ་རྒྱ་སྐྱེད་དང་ལས་ཞུགས་ཀྱི་ནུས་པ་མཐོར་འདེགས་གཏང་དགོས་པ་དེ་ཡིན། ལས་ཞུགས་ཀྱི་ཐབས་ལམ་རྒྱ་སྐྱེད་གཏང་རྒྱུའི་ཐད་རིན་ཆེན་གྱིས་ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་ཞིང་ཆེན་གྱིས་བོད་ཁུལ་དུ་རྒྱུན་མཐུད་ངང་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་དཀར་མཛེས་ཁུལ་གྱིས་ལོ་རེ་བཞིན་གྱི་སྲིད་གཞུང་གིས་མ་དངུལ་བཞག་ནས་འཛུགས་སྐྲུན་བྱེད་པའི་ལས་གཞིའི་ནང་ནས་ལས་གནས་30%བླངས་ནས་ཡུལ་དེ་གའི་མང་ཚོགས་ལས་ཞུགས་བྱེད་དུ་བཅུག་ཅིང་།
བཙུན་མ་ཚོར་ནད་བརྟག་བཞིན་པ།
为寺庙尼姑义诊义检 图 / 甘孜州委统战部提供